ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> དམངས་རྩོམ།
 རྩོམ་ཡིག་ཀློག་པ།

སྡེ་དགེའི་མདུན་བྲོ།

  རྩོམ་པ་པོ:རབ་དགེས་ཡོང་ཁུངས:དྲ་ཐོགགཟིགས་གྲངས:18173ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/3/17 15:17:43ཚོགས་ཡར་སྤྲོད:admin
སྡེ་དགེའི་མདུན་བྲོ།
 
རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་འཚོལ་བསྒྲིགས་བྱས། 
 
 དང་པོ། འཛོམས་བྲོ།
༼༡༽
གཅིག་འཛོམས་ཨ་སྔོན་མཐོན་པོ། ། གཉིས་འཛོམས་ནམ་མཁའི་ཉི་ཟླ། །
སུམ་འཛོམས་སྐར་ཚོགས་ཕྱུག་མོ། ། འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག །
གཅིག་འཛོམས་གངས་སྟོད་མཐོན་པོ། ། གཉིས་འཛོམས་སེང་ལྕང་དཀར་མོ། །
སུམ་འཛོམས་གཡུ་རལ་ལེབ་མོ། ། འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག །
གཅིག་འཛོམས་བྲག་སྟོད་མཐོན་པོ། ། གཉིས་འཛོམས་ཐང་དཀར་རྒོད་པོ། །
སུམ་འཛོམས་གཤོག་དྲུག་ལེབ་མོ། ། འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག །
གཅིག་འཛོམས་ནགས་སྟོད་མཐོན་པོ། ། གཉིས་འཛོམས་སྟག་མོ་དམར་ཡག །
སུམ་འཛོམས་གྲ་འཛུམ་ལེབ་མོ། ། འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག །
༼༢༽
༈ ཨ་སྔོན་མཐོན་པོའི་དཀྱིལ་ལ། ། གཅིག་འཛོམས་ཉིས་འཛོམས་སུམ་འཛོམས། །
གཅིག་འཛོམས་ཁྲི་གདུགས་ཉི་མ། ། ཉིས་འཛོམས་ངང་སེར་ཟླ་བ། །
སུམ་འཛོམས་སྐར་བརྒྱ་མང་མ། ། གསལ་མོ་སུམ་གསུམ་གྲལ་འགྲིགས། །
འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག ། གངས་སྟོད་མཐོན་པོའི་དཀྱིལ་ལ། །
གཅིག་འཛོམས་ཉིས་འཛོམས་སུམ་འཛོམས། ། གཅིག་འཛོམས་སེང་ལྕང་དཀར་མོ། །
ཉིས་འཛོམས་གཡུ་རལ་ལེབ་མོ། ། སུམ་འཛོམས་སེང་ཕྲུག་མང་མ། །
མཛེས་མོ་སུམ་གསུམ་གྲལ་འགྲིགས། །
འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག ། བྲག་སྟོད་མཐོན་པོའི་དཀྱིལ་ལ། །
གཅིག་འཛོམས་ཉིས་འཛོམས་སུམ་འཛོམས། ། གཅིག་འཛོམས་ཐང་དཀར་རྒོད་པོ། །
ཉིས་འཛོམས་ཐང་སྨུག་རོག་པོ། ། སུམ་འཛོམས་བྱ་བརྒྱ་མང་མ། །
གཤོག་ཡག་སུམ་གསུམ་གྲལ་འགྲིགས། ། འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག །
ནགས་སྟོད་མཐོན་པོའི་དཀྱིལ་ལ། ། གཅིག་འཛོམས་ཉིས་འཛོམས་སུམ་འཛོམས། །
གཅིག་འཛོམས་སྟག་མོ་དམར་ཡག ། ཉིས་འཛོམས་ཝ་མོ་གྲ་ཡག །
སུམ་འཛོམས་གཅན་གཟན་མང་མ། ། གྲ་ཡག་སུམ་གསུམ་གྲལ་འགྲིགས། །
འཛོམས་གསུམ་རྟེན་འབྲེལ་འགྲིག་ཤོག །
 ༼༣༽
༈ དགུང་སྔོན་མཐོན་པོའི་དཀྱིལ་ལ། ། གཅིག་འཛོམས་ཉིས་འཛོམས་སུམ་འཛོམས། །
གཅིག་འཛོམས་ཁྲི་གདུགས་ཉི་མ། ། ཉིས་འཛོམས་ངང་སེར་ཟླ་བ། །
སུམ་འཛོམས་སྐར་མ་སྨིན་དྲུག ། འཛོམས་གསུམ་རྟེན་འབྲེལ་འགྲིག་བྱུང་། །
རི་རྒྱལ་ལྷུན་པོའི་མཐིལ་ལ། ། གཅིག་འཛོམས་ཉིས་འཛོམས་སུམ་འཛོམས། །
གཅིག་འཛོམས་སྟག་མོ་དམར་ཡག ། ཉིས་འཛོམས་གཟིག་ཕྲུག་ཐིག་ལེ། །
སུམ་འཛོམས་ཝ་མོ་གྲ་ཡག ། འཛོམས་གསུམ་རྟེན་འབྲེལ་འགྲིག་བྱུང ་། །
དགོན་ཆུང་ཁྲ་མོའི་མཐིལ་ལ། ། གཅིག་འཛོམས་ཉིས་འཛོམས་སུམ་འཛོམས། །
གཅིག་འཛོམས་བླ་ལུའི་གསུང་སྐད། ། ཉིས་འཛོམས་སེང་ལྡེང་ཌཱ་ཆུང་། །
སུམ་འཛོམས་དངུལ་དཀར་དྲིལ་ཆུང་། ། འཛོམས་གསུམ་རྟེན་འབྲེལ་འགྲིག་བྱུང ་། །
༼༤༽
༈ ལྷ་སའི་མཐིལ་ནས་ཡོང་བའི། ། སེར་པོ་གསེར་གྱི་བུམ་ཆུང་། །
རྒྱ་གར་ཡུལ་ནས་ཡོང་བའི། ། རྒྱ་གར་རྨ་བྱའི་སྒྲོ་མདོངས། །
ཁ་ཆེའི་ཡུལ་ནས་ཡོང་བའི། ། ཁ་ཆེའི་བུམ་རྫས་སྣ་ལྔ། །
དེ་གསུམ་མི་གཅིག་ཁ་ཁ། ། འཛོམས་ས་བླ་ལུའི་ཕྱག་ལ། །
ཚ་བ་རོང་ནས་སྐྱེས་པའི། ། ཚ་བའི་སྨྱུག་མ་ཚིགས་གསུམ། །
བྲག་དཀར་དཀྱིལ་ནས་ཡོང་བའི། ། ཐང་དཀར་རྒོད་པོའི་གཤོག་སྒྲོ། །
སེ་གྲགས་ཡུལ་ནས་ཡོང་བའི། ། སྔོན་མོ་ལྕགས་ཀྱི་དགྲ་མདེལ། །
དེ་གསུམ་མི་གཅིག་ཁ་ཁ། ། འཛོམས་ས་ཤར་ལུའི་ཕྱག་ལ། །
ཟི་ལིང་ཡུལ་ནས་ཡོང་བའི། ། ཟངས་དཀར་དཀར་མོ་ལུང་བརྒྱད། །
ནག་པོ་རྒྱ་ནས་ཡོང་བའི། ། རྒྱ་ཇ་མེ་ཏོག་གཡང་མཛེས། །
སྒང་པ་བོད་ནས་ཡོང་བའི། ། འབྲི་མར་སེར་པོའི་ཁ་རྒྱན། །
དེ་གསུམ་མི་གཅིག་ཁ་ཁ། ། འཛོམས་ས་མ་སྲུའི་ཕྱག་ལ། །
༼༥༽
༈ སྟོད་རིའི་སྟོད་ཀྱི་ཕྱོགས་ལ། ། གཙང་སྟོད་བཀྲ་ཤིས་ལྷུན་པོ། །
ཆོས་ཀྱི་ལྟག་སྒོ་བཙུགས་ཡོད། ། བན་ཆུང་ཆོས་ལ་བྱོན་མི། །
རིག་འཛིན་ཚངས་དབྱངས་རྒྱ་མཚོ། ། ལྟག་སྒོ་ནང་ནས་ཕེབས་ཤོག །
བར་རིའི་བར་གྱི་ཕྱོགས་ལ། ། ལྷ་སའི་ཆོས་འཁོར་ཁྲ་མོ། །
ཁྲིམས་ཀྱི་ལྟག་སྒོ་བཙུགས་ཡོད། ། དཔོན་ཆུང་ཁྲིམས་ལ་བྱོན་མི། །
མི་དབང་སྡེ་སྲིད་ཆེན་པོ། ། ལྟག་སྒོ་ནང་ནས་ཕེབས་ཤོག །
སྨད་རིའི་སྨད་ཀྱི་ཕྱོགས་ལ། ། ཁྲ་མོ་གླིང་དཀར་ས་ཆ། །
གནས་ཀྱི་ལྟག་སྒོ་བཙུགས་ཡོད། ། སྲུ་ཆུང་གནས་ལ་བྱོན་མི། །
སྐྱ་ལོའི་སེང་ལྕམ་འབྲུག་མོ། ། ལྟག་སྒོ་ནང་ནས་ཕེབས་ཤོག །
༼༦༽
༈ རི་རྒྱལ་མགོ་ལ་ཞྭ་གསུམ་འཛོམས། ། ཁྲི་གདུགས་ཉི་མའི་ཞྭ་དང་གཅིག །
ངང་སེར་ཟླ་བའི་ཞྭ་དང་གཉིས། ། སྐར་མ་སྨིན་དྲུག་ཞྭ་དང་གསུམ །
རི་རྒྱལ་སྐེད་ལ་གོས་གསུམ་འཛོམས། ། གངས་རི་དཀར་པོའི་གོས་དང་གཅིག །
རྫ་རི་སྨུག་པོའི་གོས་དང་གཉིས། ། སྤང་རི་སྨུག་པོའི་གོས་དང་གསུམ། །
རི་རྒྱལ་འདབས་ལ་ལྷམ་གསུམ་འཛོམས། ། ཆུ་བོ་གངྒཱའི་ལྷམ་དང་གཅིག །
ཡར་ལུང་གཙང་པོའི་ལྷམ་དང་གཉིས། ། གསེར་ལྡན་ཕྱུག་མོའི་ལྷམ་དང་གསུམ། །
༼༧༽
༈ ཨ་སྔོན་སྐྱིད་བཟང་མཐོ་དང་གཅིག ། ཉི་ཟླ་དེ་ལ་འཁོར་དང་གཉིས། །
སྐར་ཚོགས་དེ་ལ་རྒྱན་དང་གསུམ། ། རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །
གངས་སྟོད་སྐྱིད་བཟང་མཐོ་དང་གཅིག ། སེང་ལྕམ་དེ་ལ་འཁོར་དང་གཉིས། །
གཡུ་རལ་དེ་ལ་རྒྱན་དང་གསུམ། ། རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །
བྲག་སྟོད་སྐྱིད་བཟང་མཐོ་དང་གཅིག ། ཐང་དཀར་དེ་ལ་འཁོར་དང་གཉིས། །
གཤོག་དྲུག་དེ་ལ་རྒྱན་དང་གསུམ། ། རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །
ནགས་སྟོད་སྐྱིད་བཟང་མཐོ་དང་གཅིག ། སྟག་མོ་དེ་ལ་འཁོར་དང་གཉིས། །
གྲ་འཛུམ་དེ་ལ་རྒྱན་དང་གསུམ། ། རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །
ཡང་ན།
༈ དགོན་སྟོད་སྐྱིད་བཟང་ཡག་དང་གཅིག ། ལྷ་བླ་ལུ་དེ་ལ་འཁོར་དང་གཉིས། །
འདབས་གྲྭ་ཚང་དེ་ལ་རྒྱན་དང་གསུམ། ། རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །
སྡེ་སྟོད་སྐྱིད་བཟང་ཡག་དང་གཅིག ། གོང་དཔོན་ལུ་དེ་ལ་འཁོར་དང་གཉིས། །
འོག་སྡེ་དེ་ལ་རྒྱན་དང་གསུམ། ། རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །
གྲོང་སྟོད་སྐྱིད་བཟང་ཡག་དང་གཅིག ། མ་སྲུ་ལུ་དེ་ལ་འཁོར་དང་གཉིས། །
སྨན་ཆུང་དེ་ལ་རྒྱན་དང་གསུམ། ། རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །
༼༨༽
༈ གནམ་ཨ་སྔོན་ཆགས་ལུགས་ཡག་དང་གཅིག ། གསལ་ཉི་ཟླ་བཞུགས་ལུགས་ཡག་དང་གཉིས། །
ཟུར་སྐར་ཚོགས་རྒྱན་ལུགས་ཡག་དང་གསུམ། ། རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །
གངས་མཐོན་པོ་ཆགས་ལུགས་ཡག་དང་གཅིག ། སེང་དཀར་མོ་བཞུགས་ལུགས་ཡག་དང་གཉིས། །
མགོ་གཡུ་རལ་རྒྱན་ལུགས་ཡག་དང་གསུམ། ། རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །
བྲག་མཐོན་པོ་ཆགས་ལུགས་ཡག་དང་གཅིག ། རྒོད་ཐང་དཀར་བཞུགས་ལུགས་ཡག་དང་གཉིས། །
ལུས་གཤོག་དྲུག་རྒྱན་ལུགས་ཡག་དང་གསུམ། ། རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །
ནགས་མཐོན་པོ་ཆགས་ལུགས་ཡག་དང་གཅིག ། སྟག་དམར་ཡག་བཞུགས་ལུགས་ཡག་དང་གཉིས། །
ལུས་གྲ་འཛུམ་རྒྱན་ལུགས་ཡག་དང་གསུམ། ། རྒྱན་དེ་གསུམ་འཛོམས་ན་ཕུན་སུམ་ཚོགས། །
 ༼༩༽
༈ དགུང་སྔོན་དཀྱིལ་ལ་འཛོམས་པ་ཡག་བྱུང་། ། ཉི་མ་ཟླ་བ་སྐར་མ་སུམ་འཛོམས། །
སྐྱེ་ས་མི་གཅིག་ཁ་ཁ་སོ་སོ། ། འཛོམས་ས་གཅིག་པ་དགུང་སྔོན་དཀྱིལ་ལ། །
བྲག་སྟོད་དཀྱིལ་ལ་འཛོམས་པ་ཡག་བྱུང་། ། ཁྲ་ཕྲུག་གླག་ཕྲུག་རྒོད་ཕྲུག་སུམ་འཛོམས། །
སྐྱེ་ས་མི་གཅིག་ཁ་ཁ་སོ་སོ། ། འཛོམས་ས་གཅིག་པ་བྲག་སྟོད་དཀྱིལ་ལ། །
དགོན་ཆུང་དཀྱིལ་ལ་འཛོམས་པ་ཡག་བྱུང་། ། ཌཱ་ཆུང་དྲིལ་ཆུང་ཡིག་ཆུང་སུམ་འཛོམས། །
སྐྱེ་ས་མི་གཅིག་ཁ་ཁ་སོ་སོ། ། འཛོམས་ས་གཅིག་པ་དགོན་ཆུང་དཀྱིལ་ལ། །
རྒྱ་གྲོང་དཀྱིལ་ལ་འཛོམས་པ་ཡག་བྱུང་། ། བླ་ལུ་དཔོན་ལུ་སྲུ་ལུ་སུམ་འཛོམས། །
སྐྱེ་ས་མི་གཅིག་ཁ་ཁ་སོ་སོ། ། འཛོམས་ས་གཅིག་པ་རྒྱ་གྲོང་དཀྱིལ་ལ། །
བྲོ་རའི་དཀྱིལ་ལ་འཛོམས་པ་ཡག་བྱུང་། ། གཡུ་དང་བྱེ་རུ་སྤོས་ཤེལ་སུམ་འཛོམས། །
སྐྱེ་ས་མི་གཅིག་ཁ་ཁ་སོ་སོ། ། འཛོམས་ས་གཅིག་པ་མ་སྲུའི་དཀྱིལ་ལ། །
༼༡༠༽
༈ ཨ་སྔོན་མཐོན་པོ་ཡང་དང་གཅིག ། གཙང་གཤིས་ཉི་ཟླ་ཡང་དང་གཉིས། །
སྐར་ཚོགས་ཕྱུག་མོ་ཟེར་དང་གསུམ། ། ཡབ་ཡུམ་སྲས་གསུམ་འཛོམས་དང་བཞི། །
བཀྲ་ཤིས་པའི་མི་རེས་ངག་རེ་བཀུག ། གཡང་ཆགས་པའི་མི་རེས་བྲོ་རེ་བརྡུང་། །
གངས་སྟོད་མཐོན་པོ་ཡང་དང་གཅིག ། སེང་ལྕང་དཀར་མོ་ཡང་དང་གཉིས། །
གཡུ་རལ་ལེབ་མོ་ཟེར་དང་གསུམ། ། ཡབ་ཡུམ་སྲས་གསུམ་འཛོམས་དང་བཞི། །
བཀྲ་ཤིས་པའི་མི་རེས་ངག་རེ་བཀུག ། གཡང་ཆགས་པའི་མི་རེས་བྲོ་རེ་བརྡུང་། །
བྲག་སྟོད་མཐོན་པོ་ཡང་དང་གཅིག ། ཐང་དཀར་རྒོད་པོ་ཡང་དང་གཉིས། །
གཤོག་དྲུག་ལེབ་མོ་ཟེར་དང་གསུམ། ། ཡབ་ཡུམ་སྲས་གསུམ་འཛོམས་དང་བཞི། །
བཀྲ་ཤིས་པའི་མི་རེས་ངག་རེ་བཀུག ། གཡང་ཆགས་པའི་མི་རེས་བྲོ་རེ་བརྡུང་། །
ནགས་སྟོད་མཐོན་པོ་ཡང་དང་གཅིག ། སྟག་མོ་དམར་ཡག་ཡང་དང་གཉིས། །
གྲ་འཛུམ་ལེབ་མོ་ཟེར་དང་གསུམ། ། ཡབ་ཡུམ་སྲས་གསུམ་འཛོམས་དང་བཞི། །
བཀྲ་ཤིས་པའི་མི་རེས་ངག་རེ་བཀུག ། གཡང་ཆགས་པའི་མི་རེས་བྲོ་རེ་བརྡུང་། །
༼༡༡༽
༈ གཞི་ཨ་སྔོན་ཉི་ཟླ་སྐར་ཚོགས་བསྭོ། ། སང་ན་ཉིན་ཨེ་འཛོམས་བསམ་པ་ཡོད། །
སང་ན་ཉིན་མ་འཛོམས་ས་ཐག་རིང་། ། དུས་ད་ལོ་འཛོམས་བྱུང་དགའ་བ་ལ། །
གཞི་གངས་སྟོད་སེང་ལྕམ་གཡུ་རལ་བསྭོ། ། སང་ན་ཉིན་ཨེ་འཛོམས་བསམ་པ་ཡོད། །
སང་ན་ཉིན་མ་འཛོམས་ས་ཐག་རིང་། ། དུས་ད་ལོ་འཛོམས་བྱུང་དགའ་བ་ལ། །
གཞི་བྲག་སྟོད་ཐང ་དཀར་གཤོག་དྲུག་བསྭོ། ། སང་ན་ཉིན་ཨེ་འཛོམས་བསམ་པ་ཡོད། །
སང་ན་ཉིན་མ་འཛོམས་ས་ཐག་རིང་། ། དུས་ད་ལོ་འཛོམས་བྱུང་དགའ་བ་ལ། །
གཞི་ནགས་སྟོད་སྟག་མོ་དམར་ཡག་བསྭོ། ། སང་ན་ཉིན་ཨེ་འཛོམས་བསམ་པ་ཡོད། །
སང་ན་ཉིན་མ་འཛོམས་ས་ཐག་རིང་། ། དུས་ད་ལོ་འཛོམས་བྱུང་དགའ་བ་ལ། །
 ༼༡༢༽
༈ དགུང་ཨ་སྔོན་རི་བརྒྱའི་ཕ་མ་ལ། ། གསལ་ཉི་ཟླ་རི་ལ་སྤང་རྒྱན་འཁྲུངས། །
ཟུར་སྐར་ཚོགས་ན་ཉིན་ལོར་མ་འཛོམས། ། ད་ལོར་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །
གངས་དཀར་པོ་རི་བརྒྱའི་ཕ་མ་ལ། ། སེང་དཀར་མོ་རི་ལ་སྤང་རྒྱན་འཁྲུངས། །
སེང་ཕྲུག་མང་མ་ན་ཉིན་ལོར་མ་འཛོམས། ། ད་ལོར་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །
བྲག་སྟོད་མཐོན་པོ་རི་བརྒྱའི་ཕ་མ་ལ། །ཐང་དཀར་རྒོད་པོ་རི་ལ་སྤང་རྒྱན་འཁྲུངས། །
བྱ་བརྒྱ་མང་མ་ན་ཉིན་ལོར་མ་འཛོམས། ། ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །
ནགས་སྟོད་མཐོན་པོ་རི་བརྒྱའི་ཕ་མ་ལ། ། སྟག་མོ་དམར་ཡག་རི་ལ་སྤང་རྒྱན་འཁྲུངས། །
གཅན་གཟན་མང་མ་ན་ཉིན་ལོར་མ་འཛོམས། ། ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །
༼༡༣༽
༈ གནམ་ཨ་སྔོན་གཡུ་མཚོའི་ཁ་ལ་ཆགས། ། གསལ་ཉི་ཟླ་མ་བསུས་མགྲོན་ལ་བྱོན། །
ཟུར་སྐར་ཚོགས་གཡུ་ལུང་དར་གྱིས་བརྒྱན། ། གངས་མཐོན་པོ་དངུལ་མཚོའི་ཁ་ལ་ཆགས། །
སེང་དཀར་མོ་མ་བསུས་མགྲོན་ལ་བྱོན། ། མགོ་གཡུ་རལ་གཡུ་ལུང་དར་གྱིས་བརྒྱན། །
བྲག་མཐོན་པོ་དུང་མཚོའི་ཁ་ལ་ཆགས། ། རྒོད་ངང་མ་མ་བསུས་མགྲོན་ལ་བྱོན། །
ལུས་གཤོག་དྲུག་གཡུ་ལུང་དར་གྱིས་བརྒྱན། ། ནགས་མཐོན་པོ་གཡུ་མཚོའི་ཁ་ལ་ཆགས། །
སྟག་དམར་ཡག་མ་བསུས་མགྲོན་ལ་བྱོན། ། ལུས་གྲ་འཛུམ་གཡུ་ལུང་དར་གྱིས་བརྒྱན། ། 
ཡང་ན།
༈ དགོན་མཐོན་པོ་གསེར་མཚོའི་ཁ་ལ་ཆགས། ། ལྷ་བླ་ལུ་མ་བསུས་མགྲོན་ལ་བྱོན། །
གྲྭ་མང་མ་གཡུ་ལུང་དར་གྱིས་བརྒྱན། ། རྫོང་མཐོན་པོ་དངུལ་མཚོའི་ཁ་ལ་ཆགས། །
གོང་དཔོན་ལུ་མ་བསུས་མགྲོན་ལ་བྱོན། ། ཁྲོམ་མང་མ་གཡུ་ལུང་དར་གྱིས་བརྒྱན། །
གྲོང་མཐོན་པོ་གཡུ་མཚོའི་ཁ་ལ་ཆགས། ། མ་སྲུ་ལུ་མ་བསུས་མགྲོན་ལ་བྱོན། །
མོ་སྨན་ཆུང་གཡུ་ལུང་དར་གྱིས་བརྒྱན། །
 ༼༡༤༽
༈ དགུང་ཨ་སྔོན་དཀྱིལ་ལ་འཛོམས་གསུམ་ཡོད། ། ཉི་མ་ཟླ་བ་སྐར་མ་གསུམ། །
ལོ་ན་ཉིན་མ་འཛོམས་ས་ཐག་རིང་། ། ད་ལོར་འཛོམས་བྱུང་དགའ་བ་ལ། །
ཕར་བྲག་རིའི་དཀྱིལ་ལ་འཛོམས་གསུམ་ཡོད། ། ཁྲ་ཕྲུག་གླག་ཕྲུག་རྒོད་ཕྲུག་གསུམ། །
ལོ་ན་ཉིན་མ་འཛོམས་ས་ཐག་རིང་། ། ད་ལོར་འཛོམས་བྱུང་དགའ་བ་ལ ། །
མར་ནགས་ཚལ་དཀྱིལ་ལ་འཛོམས་གསུམ་ཡོད། ། སྟག་ཕྲུག་གཟིག་ཕྲུག་སེང་ཕྲུག་གསུམ། །
ལོ་ན་ཉིན་མ་འཛོམས་ས་ཐག་རིང་། ། ད་ལོར་འཛོམས་བྱུང་དགའ་བ་ལ ། །
བྲོ་ཚར།
༈ ཁམས་སྡེ་དགེའི་རི་ལ་རྒྱན་གསུམ་ཡོད། ། རི་མགོ་གངས་དང་ཁ་བས་བརྒྱན། །
རི་སྐེད་ཤིང་དང་ཤུག་པས་བརྒྱན། ། རི་མཐར་ཆུ་དང་ཉ་མོས་བརྒྱན། །
ཁམས་སྡེ་དགེའི་མཁར་ལ་རྒྱན་གསུམ་ཡོད། ། མཁར་མགོ་གདུགས་དང་རྒྱལ་མཚན་བརྒྱན། །
མཁར་སྐེད་རབ་གསལ་པ་ཏྲས་བརྒྱན། ། མཁར་མཐར་འདོ་བ་རྟ་ཡིས་བརྒྱན། །
    ༼༡༥༽
༈ མི་ཡི་ཡུལ་གྱི་དགྲ་ལྷ་ཝེར་མ། ། གེ་སར་སྐྱེས་བུ་དཔའ་བརྟུལ་དཔུང་བཅས། །
བྲོ་ལ་བྱོན་ཤོག་བྲོ་ལ་བྱོན་ནས། ། ཕོ་རྒྱུད་དཔའ་བོས་བྲོ་བརྡུང་ཁྲིགས་ཁྲིག །
མོ་རྒྱུད་དཔའ་མོས་གར་སྟབས་ཁྱུགས་ཁྱུག ། འཛམ་བུའི་གླིང་གི་ཕོ་དཔའ་མོ་མཛངས། །
དཔལ་དང་ལོངས་སྤྱོད་མཛེས་འཛུམ་བཀྲག་མདངས། ། གཡང་ལ་ཁུག་ཅིག་གཡང་ལ་འདུས་ཤིག །
གླིང་དཀར་ཁྲ་མོའི་དྭངས་སྨན་ཝེར་མ། ། སེང་ལྕམ་འབྲུག་མོ་ཌཱ་ཀིའི་ཚོགས་བཅས། །
བྲོ་ལ་བྱོན་ཤོག་བྲོ་ལ་བྱོན་ནས། ། ཕོ་རྒྱུད་དཔའ་བོས་བྲོ་བརྡུང་ཁྲིགས་ཁྲིག །
མོ་རྒྱུད་དཔའ་མོས་གར་སྟབས་ཁྱུགས་ཁྱུག ། འཛམ་བུའི་གླིང་གི་ཕོ་དཔའ་མོ་མཛངས། །
དཔལ་དང་ལོངས་སྤྱོད་མཛེས་འཛུམ་བཀྲག་མདངས། ། གཡང་ལ་ཁུག་ཅིག་གཡང་ལ་འདུས་ཤིག །
༼༡༦༽
༈ ཨ་སྔོན་མཐོན་པོ་རི་བརྒྱའི་ཕ་མ་ལ། ། གཙང་གཤིས་ཉི་ཟླ་ན་ཉིན་ལོར་མ་འཛོམས། །
ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། ། ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །
གངས་སྟོད་མཐོན་པོ་རི་བརྒྱའི་ཕ་མ་ལ། ། སེང་ལྕམ་དཀར་མོ་ན་ཉིན་ལོར་མ་འཛོམས། །
ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། ། ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །
བྲག་སྟོད་མཐོན་པོ་རི་བརྒྱའི་ཕ་མ་ལ། ། ཐང་དཀར་རྒོད་པོ་ན་ཉིན་ལོར་མ་འཛོམས། །
ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། ། ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །
ནགས་སྟོད་མཐོན་པོ་རི་བརྒྱའི་ཕ་མ་ལ། ། སྟག་མོ་དམར་ཡག་ན་ཉིན་ལོར་མ་འཛོམས། །
ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། ། ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། ། 
༼༡༧༽
༈ གནམ་ལ་ཨ་སྔོན་ཡག་ཟེར་ཁ་ལ་ཆགས། ། གསལ་ལ་ཉི་ཟླ་མི་འདུག་མགྲོན་ལ་བྱོན། །
ཟུར་ལ་སྐར་ཚོགས་ཇ་ཆང་ཡ་མས་ཡུ། ། གངས་ལ་མཐོན་པོ་ཡག་ཟེར་ཁ་ལ་ཆགས། །
སེང་ལ་དཀར་མོ་མི་འདུག་མགྲོན་ལ་བྱོན། ། མགོ་ལ་གཡུ་རལ་ཇ་ཆང་ཡ་མས་ཡུ། །
བྲག་ལ་མཐོན་པོ་ཡག་ཟེར་ཁ་ལ་ཆགས། ། རྒོད་ལ་ངང་མ་མི་འདུག་མགྲོན་ལ་བྱོན། །
ལུས་ལ་གཤོག་དྲུག་ཇ་ཆང་ཡ་མས་ཡུ། ། ནགས་ལ་མཐོན་པོ་ཡག་ཟེར་ཁ་ལ་ཆགས། །
སྟག་ལ་དམར་ཡག་མི་འདུག་མགྲོན་ལ་བྱོན། ། ལུས་ལ་གྲ་འཛུམ་ཇ་ཆང་ཡ་མས་ཡུ། །
 ༼༡༨༽
༈ ས་ཆ་སྐྱིད་པོ་གར་ཡིན་མ་ཤེས་ན། ། ས་ཆ་སྐྱིད་པོ་གསེར་གྱི་ཐང་ལ་རེད། །
གསེར་བྱ་སྤུན་གསུམ་ན་ཉིན་ཨེ་འཛོམས་བསམ། ། ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། །
ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། ། ས་ཆ་སྐྱིད་པོ་གར་ཡིན་མ་ཤེས་ན། །
ས་ཆ་སྐྱིད་པོ་དངུལ་གྱི་ཐང་ལ་རེད། ། དངུལ་བྱ་སྤུན་གསུམ་ན་ཉིན་ཨེ་འཛོམས་བསམ། །
ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། ། ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །
ས་ཆ་སྐྱིད་པོ་གར་ཡིན་མ་ཤེས་ན། ། ས་ཆ་སྐྱིད་པོ་དུང་གི་ཐང་ལ་རེད། །
དུང་བྱ་སྤུན་གསུམ་ན་ཉིན་ཨེ་འཛོམས་བསམ། ། ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། །
ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། ། ས་ཆ་སྐྱིད་པོ་གར་ཡིན་མ་ཤེས་ན། །
ས་ཆ་སྐྱིད་པོ་གཡུ་ཡི་ཐང་ལ་རེད། ། གཡུ་བྱ་སྤུན་གསུམ་ན་ཉིན་ཨེ་འཛོམས་བསམ། །
ན་ཉིན་མ་འཛོམས་འཛོམས་སའི་ས་ཐག་རིང་། ། ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །
༼༡༩༽
༈ བྲག་རི་དཀར་པོའི་དབུ་ཡི་རྩེ་མོ་ལ། །
ས་ཐག་རིང་པོའི་ཐང་དཀར་འབབ་ས་རེད། ། ན་ཉིན་མ་འཛོམས་ས་ཐང་རིང་པོས་རྒྱང་། །
ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། ། གཡུ་ཤུག་སྔོན་མོའི་དབུ་ཡི་རྩེ་མོ་ལ། །
ས་ཐག་རིང་པོའི་ཁུ་བྱུག་བབ་ས་རེད། ། ན་ཉིན་མ་འཛོམས་ས་ཐག་རིང་པོས་རྒྱང་། །
ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། ། རྒྱ་གྲོང་ཁྲ་མོའི་དབུ་ཡི་རྩེ་མོ་ལ། །
ས་ཐག་རིང་པོའི་མགྲོན་ཆུང་འཛོམས་ས་རེད། ། ན་ཉིན་མ་འཛོམ་ས་ཐང་རིང་པོས་རྒྱང་། །
ད་ལོ་འཛོམས་བྱུང་འཛོམས་བྲོ་ཡག་མོ་བརྡུང་། །
རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་འཚོལ་བསྒྲིགས་བྱས།                           
༼༢༠༽
༈ བོད་ཡུལ་ཆོས་ཀྱིས་མ་ཁྱབ། ། བོད་ཡུལ་ཆོས་ཀྱིས་ཁྱབ་པ། །
ས་འདི་བོད་ཡུལ་ལུང་པ། ། བླ་མ་བཟང་པོ་བཞུགས་པ། །
བླ་མ་ཀུན་བཟང་རྒྱ་མཚོ། ། ཞབས་བྲོ་དགའ་བ་ཡིན་པས། །
བྲོ་ཡི་མཆོད་པ་འབུལ་འགྲོ། ། བོད་ཡུལ་བྲོ་ཡིས་མ་ཁྱབ། །
བོད་ཡུལ་བྲོ་ཡིས་ཁྱབ་པ ། ། ས་འདི་གླིང་དཀར་ལུང་པ། །
དཔོན་པོ་བཟང་པོ་བཞུགས་པ། ། གླིང་རྗེ་གེ་སར་རྒྱལ་པོ། །
ཞབས་བྲོ་དགའ་བ་ཡིན་པས། ། བྲོ་ཡི་མཆོད་པ་འབུལ་འགྲོ། །
བོད་ཡུལ་སྐྱིད་ཀྱིས་མ་ཁྱབ། ། བོད་ཡུལ་སྐྱིད་ཀྱིས་ཁྱབ་པ། །
ས་འདི་སྡེ་དགེའི་ལུང་པ། ། རྒྱལ་པོ་བཟང་པོ་བཞུགས་པ། །
སྡེ་དགེ་ལས་ཀྱི་རྒྱལ་པོ། ། ཞབས་བྲོ་དགའ་བ་ཡིན་པས། །
བྲོ་ཡི་མཆོད་པ་འབུལ་འགྲོ། །
༼༢༡༽
༈ དུས་སྐྱིད་དང་པོའི་བྲོ་འདི། ། གང་ནས་བྱོན་པའི་བྲོ་ཡིན། །
དུས་སྐྱིད་དང་པོའི་བྲོ་འདི། ། ཤར་ནས་བྱོན་པའི་བྲོ་ཡིན། །
ཤར་ཕྱོགས་རྡོ་རྗེ་སེམས་དཔའ། ། རྩེད་མོ་བྲོ་ལ་གཟིགས་ཤོག
རྩེད་མོ་བྲོ་ལ་གཟིགས་ན། ། བྲོ་ཡི་མཆོད་པ་འབུལ་ཡོད། །
དུས་སྐྱིད་དང་པོའི་བྲོ་འདི། ། གང་ནས་བྱོན་པའི་བྲོ་ཡིན། །
དུས་སྐྱིད་དང་པོའི་བྲོ་འདི། ། ལྷོ་ནས་བྱོན་པའི་བྲོ་ཡིན། །
ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན། ། རྩེད་མོ་བྲོ་ལ་གཟིགས་ཤོག །
རྩེད་མོ་བྲོ་ལ་གཟིགས་ན། ། བྲོ་ཡི་མཆོད་པ་འབུལ་ཡོད། །
དུས་སྐྱིད་དང་པོའི་བྲོ་འདི། ། གང་ནས་བྱོན་པའི་བྲོ་ཡིན། །
དུས་སྐྱིད་དང་པོའི་བྲོ་འདི། ། ནུབ་ནས་བྱོན་པའི་བྲོ་ཡིན། །
ནུབ་ཕྱོགས་སྣང་བ་མཐའ་ཡས། ། རྩེད་མོ་བྲོ་ལ་གཟིགས་ཤོག །
རྩེད་མོ་བྲོ་ལ་གཟིགས་ན། ། བྲོ་ཡི་མཆོད་པ་འབུལ་ཡོད། །
དུས་སྐྱིད་དང་པོའི་བྲོ་འདི། ། གང་ནས་བྱོན་པའི་བྲོ་ཡིན། །
དུས་སྐྱིད་དང་པོའི་བྲོ་འདི། ། བྱང་ནས་བྱོན་པའི་བྲོ་ཡིན། །
བྱང་ཕྱོགས་དོན་ཡོད་གྲུབ་པ། ། རྩེད་མོ་བྲོ་ལ་གཟིགས་ཤོག །
རྩེད་མོ་བྲོ་ལ་གཟིགས་ན། ། བྲོ་ཡི་མཆོད་པ་འབུལ་ཡོད། །
དུས་སྐྱིད་དང་པོའི་བྲོ་འདི། ། གང་ནས་བྱོན་པའི་བྲོ་ཡིན། །
དུས་སྐྱིད་དང་པོའི་བྲོ་འདི། ། དབུས་ནས་བྱོན་པའི་བྲོ་ཡིན། །
དབུས་ཕྱོགས་རྣམ་པར་སྣང་མཛད། ། རྩེད་མོ་བྲོ་ལ་གཟིགས་ཤོག །
རྩེད་མོ་བྲོ་ལ་གཟིགས་ན། ། བྲོ་ཡི་མཆོད་པ་འབུལ་ཡོད། །
ཡང་ན།
༈ དམ་པའི་ལྷ་ཚོགས་བྲོ་འདི། ། གང་ནས་བྱུང་བའི་བྲོ་རེད། །
དམ་པའི་ལྷ་ཚོགས་བྲོ་འདི། ། ཤར་ནས་བྱོན་པའི་བྲོ་རེད། །
ཤར་ཕྱོགས་རྡོ་རྗེ་སེམས་དཔས། ། དེ་རིང་བྲོ་སྒོ་ཕྱེ་འགྲོ། །
ཤར་ཕྱོགས་རྡོ་རྗེ་སེམས་དཔའ། ། རྩེད་མོ་བྲོ་ལ་གཟིགས་ཤོག །
རྩེད་མོ་བྲོ་ལ་གཟིགས་ན། ། བྲོ་ཡི་མཆོད་པ་འབུལ་ཡོད། །
དམ་པའི་ལྷ་ཚོགས་བྲོ་འདི། ། གང་ནས་བྱུང་བའི་བྲོ་རེད། །
དམ་པའི་ལྷ་ཚོགས་བྲོ་འདི། ། ལྷོ་ནས་བྱོན་པའི་བྲོ་རེད། །
ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན། ། དེ་རིང་བྲོ་སྒོ་ཕྱེ་འགྲོ། །
ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན། ། རྩེད་མོ་བྲོ་ལ་གཟིགས་ཤོག །
རྩེད་མོ་བྲོ་ལ་གཟིགས་ན། ། བྲོ་ཡི་མཆོད་པ་འབུལ་ཡོད། །
དམ་པའི་ལྷ་ཚོགས་བྲོ་འདི། ། གང་ནས་བྱུང་བའི་བྲོ་རེད། །
དམ་པའི་ལྷ་ཚོགས་བྲོ་འདི། ། ནུབ་ནས་བྱོན་པའི་བྲོ་རེད། །
ནུབ་ཕྱོགས་སྣང་བ་མཐའ་ཡས། །
དེ་རིང་བྲོ་སྒོ་ཕྱེ་འགྲོ། ། ནུབ་ཕྱོགས་སྣང་བ་མཐའ་ཡས། །
རྩེད་མོ་བྲོ་ལ་གཟིགས་ཤོག ། རྩེད་མོ་བྲོ་ལ་གཟིགས་ན། །
བྲོ་ཡི་མཆོད་པ་འབུལ་ཡོད། ། དམ་པའི་ལྷ་ཚོགས་བྲོ་འདི། །
གང་ནས་བྱུང་བའི་བྲོ་རེད། ། དམ་པའི་ལྷ་ཚོགས་བྲོ་འདི། །
བྱང་ནས་བྱོན་པའི་བྲོ་རེད། ། བྱང་ཕྱོགས་དོན་ཡོད་གྲུབ་པས། །
དེ་རིང་བྲོ་སྒོ་ཕྱེ་འགྲོ། ། བྱང་ཕྱོགས་དོན་ཡོད་གྲུབ་པ། །
རྩེད་མོ་བྲོ་ལ་གཟིགས་ཤོག ། རྩེད་མོ་བྲོ་ལ་གཟིགས་ན། །
བྲོ་ཡི་མཆོད་པ་འབུལ་ཡོད། །
༼༢༢༽
༈ བཀྲ་ཤིས་ལུང་པའི་ཕུ་ལ། ། གསེར་གྱི་མཚོ་མོ་ཡར་ཡར་འཁྱིལ། །
གསེར་གྱི་མཚོ་མོའི་ཁ་ལ། ། གསེར་ཤིང་སྡོང་པོ་ཡར་ཡར་འཁྲུངས། །
གསེར་ཤིང་སྡོང་པོའི་ཁ་ལ། ། གསེར་བྱ་ཡག་མོ་སྤུན་གསུམ་བབ། །
གསེར་ཤིང་གསེར་བྱ་དགའ་འཛོམས། ། དགའ་འཛོམས་གང་ལ་མེ་ཏོག་འདབ་གཤོག་རྒྱས། །
སྐྱིད་འཛོམས་གང་ལ་སྟེང་ཕྱོགས་ལྷ་ལ་མཆོད། ། བཀྲ་ཤིས་ལུང་པའི་སྐེད་ལ། །
དངུལ་གྱི་མཚོ་མོ་ཡར་ཡར་འཁྱིལ། ། དངུལ་གྱི་མཚོ་མོའི་ཁ་ལ། །
དངུལ་ཤིང་སྡོང་པོ་ཡར་ཡར་འཁྲུངས། ། དངུལ་ཤིང་སྡོང་པོའི་ཁ་ལ། །
དངུལ་བྱ་ཡག་མོ་སྤུན་གསུམ་བབ། ། དངུལ་ཤིང་དངུལ་བྱ་དགའ་འཛོམས། །
དགའ་འཛོམས་གང་ལ་མེ་ཏོག་འདབ་གཤོག་རྒྱས། ། སྐྱིད་འཛོམས་གང་ལ་བར་ཕྱོགས་གཉན་ལ་མཆོད། །
བཀྲ་ཤིས་ལུང་པའི་མདའ་ལ། ། དུང་གི་མཚོ་མོ་ཡར་ཡར་འཁྱིལ། །
དུང་གི་མཚོ་མོའི་ཁ་ལ། ། དུང་ཤིང་སྡོང་པོ་ཡར་ཡར་འཁྲུངས། །
དུང་ཤིང་སྡོང་པོའི་ཁ་ལ། ། དུང་བྱ་ཡག་མོ་སྤུན་གསུམ་བབ། །
དུང་ཤིང་དུང་བྱ་དགའ་འཛོམས། ། དགའ་འཛོམས་གང་ལ་མེ་ཏོག་འདབ་གཤོག་རྒྱས། །
སྐྱིད་འཛོམས་གང་ལ་འོག་ཕྱོགས་ཀླུ་ལ་མཆོད། །
༼༢༣༽
༈ ཕ་རིའི་རི་དེ་གསེར་གྱི་རི། ། གསེར་གྱི་རི་ལ་མཉམ་འགྲོ་བྱེད། །
གསེར་གྱི་མེ་ཏོག་མཉམ་འཐུ་བྱེད། ། གོང་མ་ལྷ་ལ་མཉམ་མཆོད་བྱེད། །
ཕ་རིའི་རི་དེ་དངུལ་གྱི་རི། ། དངུལ་གྱི་རི་ལ་མཉམ་འགྲོ་བྱེད། །
དངུལ་གྱི་མེ་ཏོག་མཉམ་འཐུ་བྱེད། ། བར་མ་གཉན་ལ་མཉམ་མཆོད་བྱེད། །
ཕ་རིའི་རི་དེ་གཡུ་ཡི་རི། ། གཡུ་ཡི་རི་ལ་མཉམ་འགྲོ་བྱེད། །
གཡུ་ཡི་མེ་ཏོག་མཉམ་འཐུ་བྱེད། ། འོག་མ་ཀླུ་ལ་མཉམ་མཆོད་བྱེད། །
༼༢༤༽
༈ དང་པོ་བྲོ་ཡི་སྲིད་པ་མ་ཆགས། ། དང་པོ་བྲོ་ཡི་སྲིད་པ་ཆགས་ས། །
དང་པོ་བྲོ་ཡི་སྲིད་པ་ཆགས་ས། ། སྟེང་ཕྱོགས་ཡ་ལ་ལྷ་ལ་ཆགས་ཡོད། །
ལྷ་ཆེན་ཡ་ལ་ཚངས་པ་དཀར་པོ། ། བྲོ་ལ་ཡ་ལ་དགའ་བ་ཨེ་ཡོད། །
བྲོ་ལ་ཡ་ལ་དགའ་བ་ཡོད་ན། ། རྩེད་མོ་ཡ་ལ་བྲོ་ལ་གཟིགས་ཤོག །
རྩེད་མོ་ཡ་ལ་བྲོ་ལ་གཟིགས་ན། ། བྲོ་ཡི་ཡ་ལ་མཆོད་པ་འབུལ་འགྲོ། །
དང་པོ་བྲོ་ཡི་སྲིད་པ་མ་ཆགས། ། དང་པོ་བྲོ་ཡི་སྲིད་པ་ཆགས་ས། །
དང་པོ་བྲོ་ཡི་སྲིད་པ་ཆགས་ས། ། བར་ཕྱོགས་ཡ་ལ་གཉན་ལ་ཆགས་ཡོད། །
གཉན་ཆེན་ཡ་ལ་ཨ་ཝོ་གེ་མཛོ། ། བྲོ་ལ་ཡ་ལ་དགའ་བ་ཨེ་ཡོད། །
བྲོ་ལ་ཡ་ལ་དགའ་བ་ཡོད་ན། ། རྩེད་མོ་ཡ་ལ་བྲོ་ལ་གཟིགས་ཤོག །
རྩེད་མོ་ཡ་ལ་བྲོ་ལ་གཟིགས་ན། ། བྲོ་ཡི་ཡ་ལ་མཆོད་པ་འབུལ་འགྲོ། །
དང་པོ་བྲོ་ཡི་སྲིད་པ་མ་ཆགས། ། དང་པོ་བྲོ་ཡི་སྲིད་པ་ཆགས་ས། །
དང་པོ་བྲོ་ཡི་སྲིད་པ་ཆགས་ས། ། འོག་ཕྱོགས་ཡ་ལ་ཀླུ་ལ་ཆགས་ཡོད། །
ཀླུ་རྒྱལ་ཡ་ལ་གཙུག་ན་རིན་ཆེན། ། བྲོ་ལ་ཡ་ལ་དགའ་བ་ཨེ་ཡོད། །
བྲོ་ལ་ཡ་ལ་དགའ་བ་ཡོད་ན། ། རྩེད་མོ་ཡ་ལ་བྲོ་ལ་གཟིགས་ཤོག །
རྩེད་མོ་ཡ་ལ་བྲོ་ལ་གཟིགས་ན། ། བྲོ་ཡི་ཡ་ལ་མཆོད་པ་འབུལ་འགྲོ། །
༼༢༥༽
༈ ངེད་རུའི་ལོ་ཉུང་གྲབས་གྲབས་རྣམས། ། གསེར་གྱི་རི་ལ་ཕྱོགས་འགྲོ་བཟོ། །
གསེར་གྱི་མེ་ཏོག་ཕྱོགས་འཐུ་བཟོ། ། སྟེང་ཕྱོགས་ལྷ་ལ་ཕྱོགས་མཆོད་བཟོ། །
ངེད་རུའི་ལོ་ཉུང་གྲབས་གྲབས་རྣམས། ། དངུལ་གྱི་རི་ལ་ཕྱོགས་འགྲོ་བཟོ། །
དངུལ་གྱི་མེ་ཏོག་ཕྱོགས་འཐུ་བཟོ། ། བར་ཕྱོགས་གཉན་ལ་ཕྱོགས་མཆོད་བཟོ། །
ངེད་རུའི་ལོ་ཉུང་གྲབས་གྲབས་རྣམས། ། དུང་གི་རི་ལ་ཕྱོགས་འགྲོ་བཟོ། །
དུང་གི་མེ་ཏོག་ཕྱོགས་འཐུ་བཟོ། ། འོག་ཕྱོགས་ཀླུ་ལ་ཕྱོགས་མཆོད་བཟོ། །
༼༢༦༽
༈ ཨ་སྔོན་ཡག་ལེ་ལྷ་རེ་ཡག་བྱུང་། ། ཉི་ཟླ་ཡག་ལེ་ལྷ་རེ་བྲིས་ཡོད། །
སྐར་ཚོགས་ཡག་ལེ་པདྨ་འདབ་བརྒྱད། ། བྲོ་འདི་ཡག་ལེ་མཆོད་པ་འབུལ་འགྲོ། །
གངས་སྟོད་ཡག་ལེ་ལྷ་རེ་ཡག་བྱུང་། ། སེང་ལྕམ་ཡག་ལེ་ལྷ་རེ་བྲིས་ཡོད ། །
གཡུ་རལ་ཡག་ལེ་པདྨ་འདབ་བརྒྱད། ། བྲོ་འདི་ཡག་ལེ་མཆོད་པ་འབུལ་འགྲོ། །
བྲག་སྟོད་ཡག་ལེ་ལྷ་རེ་ཡག་བྱུང་། ། ཐང་དཀར་ཡག་ལེ་ལྷ་རེ་བྲིས་ཡོད ། །
གཤོག་དྲུག་ཡག་ལེ་པདྨ་འདབ་བརྒྱད། ། བྲོ་འདི་ཡག་ལེ་མཆོད་པ་འབུལ་འགྲོ། །
ནགས་སྟོད་ཡག་ལེ་ལྷ་རེ་ཡག་བྱུང་། ། སྟག་མོ་ཡག་ལེ་ལྷ་རེ་བྲིས་ཡོད ། །
གྲ་འཛུམ་ཡག་ལེ་པདྨ་འདབ་བརྒྱད། ། བྲོ་འདི་ཡག་ལེ་མཆོད་པ་འབུལ་འགྲོ། །
རྒྱ་གྲོང་ཡག་ལེ་ལྷ་རེ་ཡག་བྱུང་། ། བྲོ་པ་ཡག་ལེ་ལྷ་རེ་བྲིས་ཡོད། །
རྡོག་བྲོ་ཡག་ལེ་པདྨ་འདབ་བརྒྱད། ། བྲོ་འདི་ཡག་ལེ་མཆོད་པ་འབུལ་འགྲོ། །
༼༢༧༽
༈ གནམ་ཨ་སྔོན་ཡག་ཟེར་ཁ་ལ་ཆགས། ། གསལ་ཉི་ཟླ་མ་འགྱུར་གཅིག་ལ་བཞུགས། །
ཟུར་སྐར་ཚོགས་མཆོད་པ་རྒྱང་ནས་འབུལ། ། གངས་མཐོན་པོ་ཡག་ཟེར་ཁ་ལ་ཆགས། །
སེང་དཀར་མོ་མ་འགྱུར་གཅིག་ལ་བཞུགས། ། མགོ་གཡུ་རལ་མཆོད་པ་རྒྱང་ནས་འབུལ། །
བྲག་མཐོན་པོ་ཡག་ཟེར་ཁ་ལ་ཆགས། ། རྒོད་ངང་མ་མ་འགྱུར་གཅིག་ལ་བཞུགས། །
ལུས་གཤོག་དྲུག་མཆོད་པ་རྒྱང་ནས་འབུལ། ། ནགས་མཐོན་པོ་ཡག་ཟེར་ཁ་ལ་ཆགས། །
སྟག་དམར་ཡག་མ་འགྱུར་གཅིག་ལ་བཞུགས། ། ལུས་འཛུམ་དྲུག་མཆོད་པ་རྒྱང་ནས་འབུལ། །
སྡེ་རྒྱ་གྲོང་ཡག་ཟེར་ཁ་ལ་ཆགས། ། གོང་དཔོན་ལུ་མ་འགྱུར་གཅིག་ལ་བཞུགས། །
འོག་བུ་རྟ་མཆོད་པ་རྒྱང་ནས་འབུལ། །
ཡང་བྲོ་ར་ཡག་ཟེར་ཁ་ལ་ཆགས། ། ཡང་བྲོ་པ་མ་འགྱུར་གཅིག་ལ་བཞུགས། །
ཡང་རྐང་ཆུང་མཆོད་པ་རྒྱང་ནས་འབུལ། །
༼༢༨༽
༈ དབྱར་ཟླ་གསུམ་བཀྲ་ཤིས་ར་བ་ལ། ། བཀྲ་ཤིས་པའི་མེ་ཏོག་སྣ་ལྔ་འཁྲུངས། །
ལྷ་ཚངས་པའི་མདུན་ལ་མེ་ཏོག་མཆོད། ། སྟོན་ཟླ་གསུམ་བཀྲ་ཤིས་ར་བ་ལ། །
བཀྲ་ཤིས་པའི་འབྲུ་སྲན་སྣ་ལྔ་འཁྲུངས། ། གཉན་གེ་མཛོའི་མདུན་ལ་འབྲུ་ཕུད་མཆོད། །
དགུན་ཟླ་གསུམ་བཀྲ་ཤིས་ར་བ་ལ། ། བཀྲ་ཤིས་པའི་མཚོ་ལ་རྒྱ་དར་ཆགས། །
ཀླུ་གཙུག་ནའི་མདུན་ལ་ཡོན་ཆབ་བཤམས། །
༼༢༩༽
༈ དགུང་ཨ་སྔོན་དཀྱིལ་ལ་འཁོར་དང་གཅིག ། གསལ་ཉི་ཟླ་འདི་དང་འཛོམས་དང་གཉིས། །
ཟུར་སྐར་ཚོགས་འདི་དང་རྒྱན་དང་གསུམ། ། ཤིང་རྩ་བ་གཅིག་ལ་རྩེ་མོ་གསུམ། །
ཡང་རྩེ་མོ་གསུམ་ལ་མེ་ཏོག་གསུམ། ། ཡང་མེ་ཏོག་གཅིག་དེ་ལྷ་ལ་འབུལ། །
ཡང་མི་ལུས་ལྷ་ལུས་ལོན་པར་ཤོག ། ཡང་མེ་ཏོག་གཅིག་དེ་བྲག་ལ་འབུལ། །
ཡང་མི་སྲོག་བྲག་ལས་སྲ་བར་ཤོག ། ཡང་མེ་ཏོག་གཅིག་དེ་ཆུ་ལ་འབུལ། །
ཡང་མི་སྣ་ཆུ་ལས་རིང་བར་ཤོག །
 ༼༣༠༽
༈ བྲོ་མཆོད་གཅིག་མཆོད་གཉིས་མཆོད་དང་གསུམ། ། བྲོ་མཆོད་གཅིག་སྟེང་མ་ལྷ་ལ་མཆོད།
དཀར་འོ་མ་མཆོད་པའི་རྟེན་འབྲེལ་ཡིན། ། ཕྱུགས་བེའུ་ལུག་རྒྱས་པའི་སྨོན་ལམ་ཡིན། །
བྲོ་མཆོད་གཅིག་མཆོད་གཉིས་མཆོད་དང་གསུམ། ། བྲོ་མཆོད་གཉིས་བར་མ་གཉན་ལ་མཆོད། །
ཆང་སྐྱེམས་འབར་མཆོད་པའི་རྟེན་འབྲེལ་ཡིན། ། བོད་འབྲུ་ལོ་ཡག་པའི་སྨོན་ལམ་ཡིན། །
བྲོ་མཆོད་གཅིག་མཆོད་གཉིས་མཆོད་དང་གསུམ། ། བྲོ་མཆོད་གསུམ་འོག་མ་ཀླུ་ལ་མཆོད། །
རྒྱ་ཇ་ལོ་མཆོད་པའི་རྟེན་འབྲེལ་ཡིན། ། ནོར་ལོངས་སྤྱོད་རྒྱས་པའི་སྨོན་ལམ་ཡིན། །
༼༣༡༽
༈ ཉི་མ་ཤར་ས་གསེར་ལ་ལ་ཁ་ལ། ། གསེར་གྱི་མེ་ཏོག་རི་ལ་བཀྲ་འདྲ་ཡོད། །
མཆོད་གཅིག་མཆོད་གཉིས་སྟེང་ཕྱོགས་ལྷ་ལ་མཆོད། ། འབུལ་གཅིག་འབུལ་གཉིས་བླ་ལུའི་ཕྱག་ལ་འབུལ། །
ཟླ་བ་ཤར་ས་དངུལ་ལ་ལ་ཁ་ལ། ། དངུལ་གྱི་མེ་ཏོག་རི་ལ་བཀྲ་འདྲ་ཡོད། །
མཆོད་གཅིག་མཆོད་གཉིས་བར་ཕྱོགས་གཉན་ལ་མཆོད།།འབུལ་གཅིག་འབུལ་གཉིས་དཔོན་ལུའི་ཕྱག་ལ་འབུལ། །
སྐར་མ་ཤར་ས་དུང་ལ་ལ་ཁ་ལ། ། དུང་གི་མེ་ཏོག་རི་ལ་བཀྲ་འདྲ་ཡོད། །
མཆོད་གཅིག་མཆོད་གཉིས་འོག་ཕྱོགས་ཀླུ་ལ་མཆོད། ། འབུལ་གཅིག་འབུལ་གཉིས་སྲུ་ལུའི་ཕྱག་ལ་འབུལ། །
༼༣༢༽
༈ དགུང་ལ་ཨ་སྔོན་ཁ་དཀར་ཀོང་ཆུང་ལ། ། གཙང་རྒྱན་ཉི་ཟླ་རས་དཀར་སྡོང་ཐུར་བཙུགས། །
ཟུར་ལ་སྐར་ཚོགས་མར་ཁུའི་རྒྱ་མཚོ་འཁྱིལ། ། ཁྲ་ལ་ཚུབས་སེ་སྟེང་ཕྱོགས་ལྷ་ལ་མཆོད། །
ལྷོ་རྒྱལ་བར་སྣང་ཁ་དཀར་ཀོང་ཆུང་ལ། ། གཡུ་འབྲུག་སྔོན་མོ་རས་དཀར་སྡོང་ཐུར་བཙུགས། །
སྦྲང་ཆར་སིལ་མ་མར་ཁུའི་རྒྱ་མཚོ་འཁྱིལ། ། ཁྲ་ཚུབས་སེ་བར་ཕྱོགས་གཉན་ལ་མཆོད། །
བྲོ་ར་ཁྲ་མོ་ཁ་དཀར་ཀོང་ཆུང་ལ། ། བྲོ་པ་ཚ་ཞང་རས་དཀར་སྡོང་ཐུར་བཙུགས། །
བྲོ་པ་ཚ་ཞང་མར་ཁུའི་རྒྱ་མཚོ་འཁྱིལ། ། ཁྲ་ཚུབས་སེ་འོག་ཕྱོགས་ཀླུ་ལ་མཆོད། །
༼༣༣༽
༈ ཨ་སྔོན་མཐོན་པོ་ཁ་དཀར་ཀོང་ཆུང་རེད། ། གཙང་རྒྱན་ཉི་ཟླ་རས་དཀར་སྡོང་ཐུར་རེད། །
སྐར་ཚོགས་ཕྱུག་མོ་མར་དཀར་མར་ཁུ་རེད། ། ཁྲ་ཤིག་ཤིག་ལྷ་ལུའི་མདུན་ལ་ཕུལ། །
སང་ཕྱི་མའི་འདྲེན་སྟོན་ཡོང་བར་ཤོག ། གངས་སྟོད་མཐོན་པོ་ཁ་དཀར་ཀོང་ཆུང་རེད། །
སེང་ལྕམ་དཀར་མོ་རས་དཀར་སྡོང་ཐུར་རེད། ། གཡུ་རལ་ལེབ་མོ་མར་དཀར་མར་ཁུ་རེད། །
ཁྲ་ཤིག་ཤིག་ཡི་དམ་མདུན་ལ་ཕུལ། ། མཆོག་ཐུན་མོང་དངོས་གྲུབ་འགྲུབ་པར་ཤོག །
བྲག་སྟོད་མཐོན་པོ་ཁ་དཀར་ཀོང་ཆུང་རེད། ། རྒོད་མའི་ངང་ལུ་རས་དཀར་སྡོང་ཐུར་རེད། །
གཤོག་དྲུག་ལེབ་མོ་མར་དཀར་མར་ཁུ་རེད། ། ཁྲ་ཤིག་ཤིག་ཆོས་སྐྱོང་མདུན་ལ་ཕུལ། །
ཚེ་ད་གང་བར་ཆད་ཞི་བར་ཤོག ། ནགས་སྟོད་མཐོན་པོ་ཁ་དཀར་ཀོང་ཆུང་རེད། །
སྟག་མོ་དམར་ཡག་རས་དཀར་སྡོང་ཐུར་རེད། ། གྲ་འཛུམ་ལེབ་མོ་མར་དཀར་མར་ཁུ་རེད། །
ཁྲ་ཤིག་ཤིག་ནོར་ལྷའི་མདུན་ལ་ཕུལ། ། ནོར་ལོངས་སྤྱོད་ཟད་པ་མེད་པར་ཤོག །
༼༣༤༽
༈ ཨ་སྔོན་མཐོན་པོ་དགའ་འཛོམས་སྐྱིད་འཛོམས་ཤོག །སྐྱིད་འཛོམས་ཁོ་ནས་མེ་ཏོག་འདབ་གཤོག་རྒྱས། །
དགའ་འཛོམས་སྐྱིད་འཛོམས་མེ་ཏོག་ལྷ་ལ་མཆོད།།གངས་དཀར་མཐོན་པོ་དགའ་འཛོམས་སྐྱིད་འཛོམས་ཤོག །སྐྱིད་འཛོམས་ཁོ་ནས་མེ་ཏོག་འདབ་གཤོག་རྒྱས། ། དགའ་འཛོམས་སྐྱིད་འཛོམ་མེ་ཏོག་ལྷ་ལ་མཆོད། །
བྲག་སྟོད་མཐོན་པོ་དགའ་འཛོམས་སྐྱིད་འཛོམས་ཤོག ། སྐྱིད་འཛོམས་ཁོ་ནས་མེ་ཏོག་འདབ་གཤོག་རྒྱས། །དགའ་འཛོམས་སྐྱིད་འཛོམས་མེ་ཏོག་ལྷ་ལ་མཆོད། །ནགས་སྟོད་མཐོན་པོ་དགའ་འཛོམས་སྐྱིད་འཛོམས་ཤོག །སྐྱིད་འཛོམས་ཁོ་ནས་མེ་ཏོག་འདབ་གཤོག་རྒྱས། །དགའ་འཛོམས་སྐྱིད་འཛོམས་མེ་ཏོག་ལྷ་ལ་མཆོད། །
༼༣༥༽
༈ རི་རྒྱལ་ཆེན་པོ་རི་ཡི་རི་མགོ་ལ་ཟེར། ། རྩྭ་ཡར་སྐྱེས་ཐམས་ཅད་གུར་ཀུམ་མེ་ཏོག་ཡིན་འགྲོ། །
ཚེ་བསོད་ནམས་ཅན་གྱིས་གུར་ཀུམ་མེ་ཏོག་འཐུ་འགྲོ།ལས་དབང་ཐང་ཅན་གྱིས་གུར་ཀུམ་མེ་ཏོག་མཆོད་འགྲོ། །
རི་རྒྱལ་ཆེན་པོ་རི་ཡི་རི་སྐེད་ལ་ཟེར། །ཤིང་ཡར་སྐྱེས་ཐམས་ཅད་ལྷ་ཤིང་ཤུག་པ་ཡིན་འགྲོ། །
ཚེ་བསོད་ནམས་ཅན་གྱིས་ལྷ་ཤིང་དཀར་པོ་འཐུ་འགྲོ།ལས་དབང་ཐང་ཅན་གྱིས་ལྷ་བསང་དཀར་པོ་བཏང་འགྲོ། ། རི་རྒྱལ་ཆེན་པོ་རི་ཡི་རི་མཐའ་ལ་ཟེར། །ཆུ་མར་འབབ་ཐམས་ཅད་ཡོན་ཆབ་གཙང་མ་ཡིན་འགྲོ། །
ཚེ་བསོད་ནམས་ཅན་གྱིས་ཡོན་ཆབ་སྔོན་མོ་བཤམས་འགྲོ། །ལས་དབང་ཐང་ཅན་གྱིས་ཡོན་ཆབ་སྔོན་མོ་མཆོད་འགྲོ། །
                              བྲོ་ཚར།
༈ རི་ཡར་དེའུ་མར་དེའུ་བར་དེའུ་གསུམ། །རི་ཡར་དེའུ་མགོ་ལ་ཁ་བ་བབ། །
དེ་ཁ་བ་མ་རེད་ཕྱེ་མར་རེད། །རོགས་འུ་གཉིས་འཛོམས་པའི་ཕྱེ་མར་རེད། །
རི་ཡར་དེའུ་མར་དེའུ་བར་དེའུ་གསུམ། ། རི་བར་དེའུ་མགོ་ལ་སྨུག་པ་འཕྱུར། །
དེ་སྨུག་པ་མ་རེད་བསང་དུད་རེད། ། རོགས་འུ་གཉིས་འཛོམས་པའི་བསང་དུད་རེད། །
རི་ཡར་དེའུ་མར་དེའུ་བར་དེའུ་གསུམ། ། རི་མར་དེའུ་མགོ་ལ་ཆར་པ་བབ། །
དེ་ཆར་པ་མ་རེད་ཇ་ཆང་རེད། །རོགས་འུ་གཉིས་འཛོམས་པའི་ཇ་ཆང་རེད། །
                       ཡང་ན།
༈ རྫ་ཡར་དེའུ་མར་དེའུ་བར་དེའུ་གསུམ། ། རྫ་ཡར་དེའུ་མགོ་ལ་ཁ་བ་བབ། །
ལ་ཁ་བ་མ་རེད་ཕྱེ་མར་རེད། ། ལྷ་བླ་ལུ་འཛོམས་པའི་ཕྱེ་མར་རེད། །
རྫ་ཡར་དེའུ་མར་དེའུ་བར་དེའུ་གསུམ། ། རྫ་བར་དེའུ་མགོ་ལ་སྨུག་པ་འཕྱུར། །
ལ་སྨུག་པ་མ་རེད་བསང་དུད་རེད། ། གོང་དཔོན་ལུ་འཛོམས་པའི་བསང་དུད་རེད། །
རྫ་ཡར་དེའུ་མར་དེའུ་བར་དེའུ་གསུམ། ། རྫ་མར་དེའུ་མགོ་ལ་ཆར་པ་བབ། །
ལ་ཆར་པ་མ་རེད་ཇ་ཆང་རེད། ། མ་སྲུ་ལུ་འཛོམས་པའི་ཇ་ཆང་རེད། །
   ༼༣༦༽
༈ ལུང་པའི་ཕུ་ལ་རྩྭ་སྣ་ལྔ་བརྒྱ་འཛོམས། ། ལས་འབྲེལ་ཅན་གྱིས་གུར་ཀུམ་མེ་ཏོག་འཐུ། །
བསོད་ནམས་ཅན་གྱིས་སྟེང་ཕྱོགས་ལྷ་ལ་མཆོད། ། ལུང་པའི་སྐེད་ལ་ཤིང་སྣ་ལྔ་བརྒྱ་འཛོམས། །
ལས་འབྲེལ་ཅན་གྱིས་ཙནྡན་སྡོང་པོ་འཐུ། ། བསོད་ནམས་ཅན་གྱིས་བར་ཕྱོགས་གཉན་ལ་འབུལ། །
ལུང་པའི་མདའ་ལ་ཆུ་སྣ་ལྔ་བརྒྱ་འཛོམས། ། ལས་འབྲེལ་ཅན་གྱིས་ཡོན་ཆབ་གཙང་པོ་གཅུ། །
བསོད་ནམས་ཅན་གྱིས་འོག་ཕྱོགས་ཀླུ་ལ་མཆོད། །
༼༣༧༽
༈ དགུང་ཨ་སྔོན་ཡག་ལེ་ཟངས་མདོག་དཔལ་གྱི་ཞིིང་། ། གསལ་ཉི་ཟླ་ཡག་ལེ་ཨོ་རྒྱན་སྤྲུལ་པའི་སྐུ། །
ཟུར་སྐར་ཚོགས་ཡག་ལེ་མ་དང་མཁའ་འགྲོས་བསྐོར། །ཞལ་ཡང་ཡང་མཇལ་བའི་བྲོ་ཡི་མཆོད་པ་འབུལ། །
གངས་མཐོན་པོ་ཡག་ལེ་བདེ་བ་ཅན་གྱི་ཞིང་། ། སེང་དཀར་མོ་ཡག་ལེ་སྣང་བ་མཐའ་ཡས་སྐུ། །
མགོ་གཡུ་རལ་ཡག་ལེ་ཆོས་གོས་རྣམ་གསུམ་གསོལ། ། ཞལ་ཡང་ཡང་མཇལ་བའི་བྲོ་ཡི་མཆོད་པ་འབུལ། །
བྲག་དཀར་འཛོང་ཡག་ལེ་རི་བོ་ཏཱ་ལའི་ཞིང་། ། རྒོད་ཐང་དཀར་ཡག་ལེ་སྤྱན་རས་གཟིགས་ཀྱི་སྐུ། །
མགོ་གཡུ་རལ་ཡག་ལེ་ཤེལ་དཀར་ཕྲེང་བ་བགྲང་། ། ཞལ་ཡང་ཡང་མཇལ་བའི་བྲོ་ཡི་མཆོད་པ་འབུལ། །
སྤང་གཡུ་ལྗང་ཡག་ལེ་གཡུ་ལོ་བཀོད་པའི་ཞིང་། ། ཤྭ་ཕོ་ཆེན་ཡག་ལེ་རྗེ་བཙུན་སྒྲོལ་མའི་སྐུ། །
མགོ་དུང་རྭ་ཡག་ལེ་རིགས་བདག་འོད་དཔག་མེད། ། ཞལ་ཡང་ཡང་མཇལ་བའི་བྲོ་ཡི་མཆོད་པ་འབུལ། །
ནགས་མཐོན་པོ་ཡག་ལེ་ལྕང་ལོ་ཅན་གྱི་ཞིང་། ། སྟག་དམར་ཡག་ཡག་ལེ་ཕྱག་ན་རྡོ་རྗེའི་སྐུ། །
གྲ་འཛུམ་དྲུག་ཡག་ལེ་འགྲོ་དྲུག་ཐར་ལམ་བཀོད། ། ཞལ་ཡང་ཡང་མཇལ་བའི་བྲོ་ཡི་མཆོད་པ་འབུལ། །
༼༣༨༽
༈ ཨ་སྔོན་མཐོན་པོ་རི་ལ་སྤང་དཀར་ཆགས་ཡོད། ། ནམ་མཁའི་ཉི་ཟླ་སྤང་ལ་མེ་ཏོག་འཁྲུངས་ཡོད། །
སྐར་ཚོགས་ཕྱུག་མོ་མེ་ཏོག་འདབ་ལོ་རྒྱས་བྱུང་། ། འདབ་བརྒྱད་ཡག་ལེ་སྟེང་ཕྱོགས་ལྷ་ལ་མཆོད་འགྲོ། །
གངས་སྟོད་མཐོན་པོ་རི་ལ་སྤང་དཀར་ཆགས་ཡོད། ། སེང་ལྕམ་དཀར་མོ་སྤང་ལ་མེ་ཏོག་འཁྲུངས་ཡོད། །
གཡུ་རལ་ལེབ་མོ་མེ་ཏོག་འདབ་ལོ་རྒྱས་བྱུང་། ། འདབ་བརྒྱད་ཡག་ལེ་སྟེང་ཕྱོགས་ལྷ་ལ་མཆོད་འགྲོ། །
བྲག་སྟོད་མཐོན་པོ་རི་ལ་སྤང་དཀར་ཆགས་ཡོད། ། ཐང་དཀར་རྒོད་པོ་སྤང་ལ་མེ་ཏོག་འཁྲུངས་ཡོད། །
གཤོག་དྲུག་ལེབ་མོ་མེ་ཏོག་འདབ་ལོ་རྒྱས་བྱུང་། ། འདབ་བརྒྱད་ཡག་ལེ་བར་ཕྱོགས་གཉན་ལ་མཆོད་འགྲོ། །
ནགས་སྟོད་མཐོན་པོ་རི་ལ་སྤང་དཀར་ཆགས་ཡོད། ། སྟག་མོ་དམར་ཡག་སྤང་ལ་མེ་ཏོག་འཁྲུངས་ཡོད། །
གྲ་འཛུམ་ལེབ་མོ་མེ་ཏོག་འདབ་ལོ་རྒྱས་བྱུང་། །འདབ་བརྒྱད་ཡག་ལེ་འོག་ཕྱོགས་ཀླུ་ལ་མཆོད་འགྲོ། །
༼༣༩༽
༈ ཨ་སྔོན་མཐོན་པོ་རྒྱ་ཤོག་དཀར་པོ་འདྲ་བྱུང་། ། གཙང་རྒྱན་ཉི་ཟླ་རྒྱ་ནག་བྲིས་པ་འདྲ་བྱུང ་། །
སྦྲང་ཆར་སིལ་མ་རྒྱ་ནག་སྣག་ཚ་འདྲ་བྱུང་། ། སྐར་ཚོགས་ཕྱུག་མོ་བྲིས་པའི་ཡིག་ཆུང་འདྲ་བྱུང ་། །
བྲིས་པའི་ཡིག་ཆུང་ལྷ་ལུའི་མདུན་ལ་འབུལ་འགྲོ། ། གངས་སྟོད་མཐོན་པོ་རྒྱ་ཤོག་དཀར་པོ་འདྲ་བྱུང་། །
སེང་ལྕམ་དཀར་མོ་རྒྱ་ནག་བྲིས་པ་འདྲ་བྱུང་། ། གཡུ་རལ་ལེབ་མོ་རྒྱ་ནག་སྣག་ཚ་འདྲ་བྱུང་། །
སེང་ཕྲུག་མང་མ་བྲིས་པའི་ཡིག་ཆུང་འདྲ་བྱུང་། ། བྲིས་པའི་ཡིག་ཆུང་ལྷ་ལུའི་མདུན་ལ་འབུལ་འགྲོ། །
བྲག་སྟོད་མཐོན་པོ་རྒྱ་ཤོག་དཀར་པོ་འདྲ་བྱུང་། ། ཐང་དཀར་རྒོད་པོ་རྒྱ་ནག་བྲིས་པ་འདྲ་བྱུང་། །
གཤོག་དྲུག་ལེབ་མོ་རྒྱ་ནག་སྣག་ཚ་འདྲ་བྱུང་། ། བྱ་རྒྱལ་མང་མ་བྲིས་པའི་ཡིག་ཆུང་འདྲ་བྱུང་། །
བྲིས་པའི་ཡིག་ཆུང་དཔོན་ལུའི་མདུན་ལ་འབུལ་འགྲོ། ། ནགས་སྟོད་མཐོན་པོ་རྒྱ་ཤོག་དཀར་པོ་འདྲ་བྱུང་། །སྟག་མོ་དམར་ཡག་རྒྱ་ནག་བྲིས་པ་འདྲ་བྱུང་། ། གྲ་འཛུམ་ལེབ་མོ་རྒྱ་ནག་སྣག་ཚ་འདྲ་བྱུང་། །
གཅན་གཟན་མང་མ་བྲིས་པའི་ཡིག་ཆུང་འདྲ་བྱུང་། ། བྲིས་པའི་ཡིག་ཆུང་སྲུ་ལུའི་མདུན་ལ་འབུལ་འགྲོ། །
 
·རྩོམ་ཡིག་གོང་མ:རྩ་བ་དང་ཡལ་གའི་བཤད་པ། །
·རྩོམ་ཡིག་འོག་མ:སངས་རྒྱས་ཀྱི་མཛད་རྣམ་མདོར་བསྡུས།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གླིང་བྲོ་བདེ་ཆེན་རོལ་མོའི་སྟངས་སྟབས་དང་བྲོ་ཚན་སྐོར། 2011/10/27 9:36:23
·གླིང་བྲོ་བདེ་ཆེན་རོལ་མོ། 2009/11/23 23:52:55
·དགའ་ཆབ་མདོའི་རི་ལ་ནོར་བུའི་ས་ཆ། 2009/11/20 17:36:55
·དགའ་ཆབ་མདོ། 2009/10/23 18:50:33
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:sxllphrphg
Mryl2G  <a href="http://uvlmdpwjmavn.com/">uvlmdpwjmavn</a>, [url=http://csmyymeehcdw.com/]csmyymeehcdw[/url], [link=http://tehgpikixgve.com/]tehgpikixgve[/link], http://iqvvbmmzkufo.com/
发表时间:2016/11/16 10:13:17 [来自: 46.161.9.31]

འབྲེལ་ཡོད་དཔྱད་བརྗོད 1 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS