ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

བོད་བརྙན་དྲྭ་ཚིཊ་དང་གློག་བརྙན་དཔྱད་བརྗོད་ཀྱི་ཟུར་སྣེ།

  རྩོམ་པ་པོ:ཟླ་ཚང་དཔལ་མཁར་རྒྱལ།ཡོང་ཁུངས:དགེ་ཆོས་དྲ་བ།གཟིགས་གྲངས:11755ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/10/15 20:03:32ཚོགས་ཡར་སྤྲོད:admin
བོད་ཀྱི་གློག་བརྙན་དྲྭ་ཚིགས་དང་གློག་བརྙན་དཔྱད་བརྗོད་ཀྱི་ཟུར་སྣེ།
ཟླ་ཚང་དཔལ་མཁར་རྒྱལ།  
     བརྙན་གཟུགས་དུས་རབས་ཀྱི་རེ་བ་ཡོངས་འདུས་ཅན་དང་འཛམ་གླིང་ཤེས་རིག་གི་འགྱུར་བ་སྐྱོམ་འགུལ་ཅན་ཞིག་གིས་བོད་ཡུལ་གྱི་གནས་དང་ཟུར་མི་འདྲ་བ་ལའང་རིམ་གྱིས་གློག་བརྙན་གྱི་རིག་པ་རྙེད་ཞིང་གློག་བརྙན་ལ་འཁྱུད་པའི་དཔུངསྡེའང་ཐོལ་གྱིས་འཕྱུར་བཞིན་ཡོད།    དེ་ནི་གློག་བརྙན་རྐྱང་བའི་བློ་འབྱེད་ཀྱི་དགེ་མཚན་ཙམ་མ་ཡིན་པར་གློག་བརྙན་དྲྭ་ཚིགས་དང་དྲྭ་ངོས་ཅི་རིགས་ཀྱིས་བསླངས་པའི་རིག་གསར་གྱི་མེ་ལྕེ་ལའང་འབྲེལ་བ་ཡོད་སྲིད།      འདིར་བོད་ཀྱི་གློག་བརྙན་ལ་བརྒྱུས་ནས་དམིགས་སུ་གླེང་བར་བྱ་བའི་ཡུལ་ནི་བོད་ཀྱི་གློག་བརྙན་དྲྭ་ཚིགས་དང་འབྲེལ་ནས་ཅུང་ཟད་གླེང་བར་ལ།   ཧི་མ་ལ་ཡའི་མི་རིགས་ཀྱི་ཁ་ཚ་དགོས་གཏུགས་སུ་གྱུར་བའི་བོད་ཀྱི་བརྙན་གཟུགས་གསར་བའི་དགོས་མཁོ་དང་འཕེལ་འགྱུར་ལ་དམིགས་ནས།  བོད་ཀྱི་སློབ་ཆེན་པ་སྐོར་ཞིག་དང་མི་རབས་གསར་བའི་ཤེས་ཡོན་པའི་དཔུང་རྡང་ལས།    བོད་ཀྱི་གློག་བརྙན་དྲྭ་ཚིགས་གསར་འབྱེད་པ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས༼བོད་བརྙན་ དྲྭ་བ༽ཞེས་པའི་བོད་ཡིག་གི་ལམ་ནས་བོད་ཀྱི་གློག་བརྙན་དྲྭ་བ་དང་འཛམ་གླིང་ཤར་ནུབ་སྦྲེལ་བྱེད་ཀྱི་གློག་བརྙན་དྲྭ་ཚིགས་ཞིག་གསར་འབྱེད་གནང་བྱུང་།  དེ་ནི་འདས་པའི་སྤྱི་ལོ༢༠༡༠ལོའི་ཟླ༡༠པ་ནས་བཟུང་བོད་བརྙན་དྲྭ་ཚིགས་ཀྱི་སྒོ་འཕར་ཐོག་མ་ཡོངས་སུ་ཕྱེ་བས།  དུས་རབས་འདི་དང་མི་རིགས་འདིའི་ངོས་ཐད་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་ཞིག་དང་གཉིས་སུ་མ་མཆིས།     ལོ་རབས་དུ་མའི་སྔོན་ནས་བཟུང་བོད་འབྲེལ་གློག་བརྙན་བྱུང་བ་དང་འཕེལ་བ།   ཐ་ན་རྒྱལ་ཡོངས་རང་བཞིན་དུ་གྲགས་པའི་གློག་བརྙན་རེ་འགའ་རིམ་གྱིས་ཆགས་པ་རེད།    དེ་ལས་ཀྱང་ཉམས་དགའ་བའི་གནས་ནི་སྤྱི་ལོ༢༠༠༢ལོར་བོད་ཀྱི་གློག་བརྙན་ཐོག་མ༼ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ༽བྱུང་རྗེས།   ས་སྒང་གཞུང་གི་བོད་ཁུལ་དུ་གློག་བརྙན་ལ་འཇུག་པའི་རིག་གསར་གྱི་རླབས་རྒྱུན་ངང་གིས་སྐྱོམ་ཞིང་ཐོལ་གྱིས་འབར།       དེ་དང་སྦྲགས་ནས་བོད་ཀྱི་གློག་བརྙན་དྲྭ་ཚིགས༼བོད་བརྙན་དྲྭ་བ༽དང༼པྲ་དྲ༽ཞེས་རང་ རྐྱ་འཕེར་བའི་བོད་ཀྱི་གློག་བརྙན་རྩོམ་རིག་དང་གཟུགས་འདས་ཤེས་རིག་སྤེལ་བྱེད་ ཀྱི་སྡིངས་ཆ་ཆེན་མོ་གཉིས་རིམ་པ་བཞིན་བྱུང་བ་རེད།     ཟུར་གཞན་ཞིག་ནས༼པྲ་དྲ༽འི་བྱུང་འཕེལ་ལ་འཇུག་གྱུར་ན།  བོད་ཀྱི་གློག་བརྙན་རྩོམ་རིག་དང་གློག་བརྙན་གཟུགས་འདས་ཁོ་ན་ལ་དམིགས་ནས་གསར་འབྱེད་ བྱུང་བའི་བོད་ཀྱི་གློག་བརྙན་དྲྭ་ཚིགས་གཉིས་པ༼པྲ་དྲ༽ཞེས་པ་ལེགས་འགྲུབ་བྱུང་བ་ནི་དགའ་མགུའི་ཡི་རང་གི་མཆོད་པའི་གནས་སུ་གྱུར་བ་རེད།  དེ་ནི་ན་གཞོན་གསར་བའི་དཔུང་སྡེ་འཐོར་རླུང་དང་དམར་པོ།  ཏིང་འཛིན་བཀྲིས་སོགས་ཀྱིས་གཙོ་སྒྲུབ་མཛད་པའི་བོད་ཡིག་གི་ཆེད་སྤྱོད་གློག་བརྙན་དྲྭ་ཚིགས་ཞིག་ཡིན་ལ།  འདས་པའི་སྤྱི་ལོ༢༠༡༣ལོའི་ཟླ༥པའི་ཚེས༡༩ཉིན་ནམ་བོད་རྩིས་ལྟར་ན་ས་ག་ཟླ་བའི་དུས་བཟང་དང་བསྡོངས་ནས་བོད་ཡུལ་ལ་གློག་བརྙན་དྲྭ་ཚིགས་གསར་བ་ངང་གིས་འབྱེད་པ་རེད།   ཕྱིས་སུ་དྲྭ་ཚིགས་རང་སྟེང་གི་དགོས་ངེས་དང་དུས་བསྟུན་གྱི་དབང་གིས་ཕྱོགས་བསྡུས་རང་བཞིན་གྱི་དྲྭ་ཚིགས་སུ་གྱུར་བ་རེད།      ངེས་པ་དོན་གྱི་བོད་ཡིག་གི་ལམ་ནས་གློག་བརྙན་དྲྭ་ཚིགས་སུ་གླེང་དགོས་ན་ཉེ་ཆར་འདི་ལས་མེད་ལ་འདི་ལས་བལྟ་ས་དང་ཉན་ས་མི་འདུག བོད་ཀྱི་གློག་བརྙན་དྲྭ་ཚིགས་ཀྱི་འཕྲེད་ཚད་གཞན་ཞིག་ནས་བལྟས་ན།     བོད་གློག་བརྙན་གྱི་དབྱིངས་རིམ་དུ་ཕན་ཆར་འཇོ་བའི་རྒྱ་ཡིག་གི་ལམ་ནས་དྲྭ་ཚིགས་ སྐོར་ཞིག་འདུག་སྟེ ༼ བོད་ལྗོངས་རིག་གནས་དྲྭ་བ ༽དང ༼བོད་མིའི་རིག་གནས་དྲྭ་བ ༽ ༼ པེ་ཅིང་མི་རིགས་གློག་བརྙན་དྲྭ་བ ༽༼ཧི་མ་ལ་ཡའི་གློག་བརྙ་དྲྭ་ཚིགས༽སོགས་ཀྱིས་བོད་ཀྱི་གློག་བརྙན་ཤེས་རིག་ས་ཁོངས་ལ་ཤུགས་སྣོན་དང་མཐུན་རྐྱེན་ཡག་ཤོས་སྦྱོར་དམུས་སུ་ཡོད།    དེ་ ལས་ཀྱང་བོད་ཀྱི་གློག་བརྙན་རྩོམ་རིག་དང་གློག་བརྙན་གཟུགས་འདས་ལ་ཕན་ནུས་ཤུགས་ ཆེར་བསྐྱེད་པའི་བོད་ཀྱི་གཙོ་རྒྱུགས་དྲྭ་ཚིགས་གཞན་དག་ནི༼ མཚོ་སྔོན་པོ་དྲྭ་བ༽དང༼ན་གཞོན་གསར་བ༽ ༼དགེ་འདུན་ཆོས་འཕེལ་དྲྭ་བ༽ ༼རིག་འབྱུང་དྲྭ་བ༽ ༼ཀྲུང་གོའི་བོད་ལྗོངས་དྲྭ་བ༽ ༼མགར་གྱི་དྲྭ་བ༽སོགས་ཀྱི་དྲྭ་ཚིགས་སུ་བོད་ཀྱི་གློག་བརྙན་རྐྱང་བའི་ས་ཁོངས་མེད་ཀྱང་།  དྲྭ་ཚིགས་ཀྱི་ལྟ་མཁན་དང་རིག་གནས་སྲི་ཞུའི་སླད་དུ་གློག་བརྙན་གྱི་ས་མིག་རེ་དང་གློག་བརྙན་དང་འབྲེལ་བའི་སྡེ་ཚན་རེའང་བཀོད་ཡོད།  དེ་ནི་གློག་བརྙན་ཆེད་སྤྱོད་མ་ཡིན་པའི་དྲྭ་ཚིགས་དག་གིས་གློག་བརྙན་ལ་སྒྲུབ་པའི་སྲི་ཞུའི་རིན་ཐང་དང་སྒྲོམ་གཞི་ཆུང་ངུ་ཞིག་ཡིན་ངེས།    བོད་ཀྱི་གློག་བརྙན་དྲྭ་ཚིགས་དང་རྒྱ་ནག་གི་གློག་བརྙན་དྲྭ་ཚིགས་ཀྱི་གྲངས་ཚད་དང་བྱང་ཚད་བསྡུར་བའི་ཆ་ཞིག་བྱས་ན།    རྒྱ་ནག་གི་ཆེད་སྤྱོད་གློག་བརྙན་དྲྭ་ཚིགས་ཁོ་ན་རྩིས་ཞིབ་བྱས་པ་ལྟར་ན།   ཕལ་ཆེར་ཆིག་སྟོང་ལྷག་ལས་བརྒལ་བའི་གློག་བརྙན་ཆེད་སྤྱོད་དྲྭ་ཚིགས་སུ་འཕེལ་གྱིན་འདུག  དེ་ལས་དྲྭ་དབང་ཆོག་མཆན་དང་མི་སྒེར་རམ་ཚོགས་སྤྱིའི་ཆེད་སྤྱོད་གློག་བརྙན་དྲྭ་ཚིགས་གསར་འབྱེད་གནང་བཞིན་པ་ནི་བགྲང་གིས་མི་ལང་བའི་གནས་སུ་སླེབས་ཡོད།    འོན་ཀྱང་།    དུས་རབས་གཅིག་གི་འགྲོས་མཚམས་སུ་འཚོ་ཞིང་ཤེས་རིག་གསར་བའི་སྐྱོམ་སྟངས་སུ་རྒྱུགས་པའི་མི་རིགས་དང་ས་ཁུལ།   རིག་གནས་དང་བསམ་བློ་གང་ལའང་དུས་བསྟུན་གྱི་སྦྱོར་བ་དང་ལག་ལེན་ཞིག་མེད་ན།   དེ་ལས་ལྷག་པའི་རྗེས་ལུས་ཞིག་དང་མཐའ་འཁོབ་ཞིག་ཡོད་མི་སྲིད་པ་ལྟ་བུ་རེད། 

བོད་ཀྱི་གློག་བརྙན་བྱུང་རྗེས།   གློག་བརྙན་དང་འབྲེལ་བའི་དྲྭ་ཚིགས་སམ་དྲྭ་ངོས་ས་མིག་འབྱུང་དགོས་པ་ནི་གློག་བརྙན་ ཤེས་རིག་གི་འཚོ་གནས་དང་གློག་བརྙན་སྒྱུ་རྩལ་གྱི་ཁྱབ་ཁོངས་གཙོ་བོ་ཞིག་ཡིན་པས།   ཉེ་ ཆར་བོད་ནང་དུ་བོད་ཡིག་གི་ལམ་ནས་གློག་བརྙན་དྲྭ་ཚིགས་འདི་གཉིས་ལ་སྦྲེལ་ནས་ བོད་ཀྱི་གློག་བརྙན་རྩོམ་རིག་ལ་སྔར་བྱུང་མ་མྱོང་བའི་རིག་གསར་རྩོམ་རིགས་ཀྱི་བརྡ་རྟགས་ཤིག་ངང་གིས་མཆེད་པ་རེད།     བརྙན་གཟུགས་རྩོམ་རིག་གི་རིམ་ཚད་མི་འདྲ་བ་ནི་གློག་བརྙན་ལོ་རྒྱུས་དང་གཞུང་ལུགས།   གློག་བརྙན་དཔྱད་འཇོག་དང་འཁྲབ་གཞུང།   གློག་བརྙན་ཟབ་འཇུག་དང་འཚོལ་ཞིབ་ཀྱིས་བརྡར་ཤ་བཅད་པ་ཡིན།   གང་ལྟར།   བོད་ཀྱི་གློག་བརྙན་དྲྭ་ཚིགས༼ བོད་བརྙན་དྲྭ་བ ༽དང༼ པྲ་དྲ ༽གཉིས་བྱུང་བ་དང་སྦྲགས་ནས།    གློག་བརྙན་ཆེད་ལས་ཅན་དང་ཆེད་ལས་མ་ཡིན་པའི་སྡེ།     གློག་བརྙན་འཚོལ་ཞིབ་པ་དང་ཨ་གསར་ཅན་གྱི་དཔུང་།   གློག་བརྙན་མོས་བ་ཅན་དང་གྲགས་སྐམ་ཅན་གྱི་རིགས།   གློག་བརྙན་ཕུགས་བསམ་ཅན་དང་ཉམས་སྣང་ཅན་གྱི་ཚོགས་དང་ཚོགས་ཀྱིས་གློག་བརྙན་ལ་གཞིགས་ནས་འཛམ་གླིང་གི་གློག་བརྙན་ཕྱི་ནང་དང་བོད་ཀྱི་གློག་བརྙན་གྱི་དཔྱད་འཇོག་མི་འདྲ་བའི་ཟུར་དང་ཁྱོན་ནས་སྒྱུ་རྩལ་རྩོམ་རིགས་ཀྱི་སྐྱོམ་སྟངས་ཤུགས་ཆེར་འཕེལ་དམུས་སུ་བྱུང་།   དེ་ནི་བོད་ཀྱི་གནའ་དེང་རྩོམ་རིག་བྱུང་འཕེལ་གྱི་ངོས་ཐད་ནས་གླེང་ནའང་དུས་གསར་གྱི་སྒྱུ་རྩལ་རྩོམ་རིག་གི་མཁའ་དབུགས་གསར་བ་ཡིན་ངེས།   ཉེ་ཆར་བོད་ཀྱི་གློག་བརྙན་དྲྭ་ཚིགས་འདི་དག་ལ་གཞིགས་ནས་བོད་ཀྱི་གློག་བརྙན་རྩོམ་ རིག་ལ་བཞག་པའི་བརྙན་གཟུགས་ཀྱི་ཁོར་ཡུག་དང་རྩོམ་རིགས་ཀྱི་བར་སྟོང་གསར་བ་ཆེས་གཙོ་རྒྱུགས་ཅན་དང་དགའ་སྣང་ཅན་གྱི་སྡིངས་ཆ་ཞིག་བསྐྲུན་པ་ནི་ལོ་རྒྱུས་ཀྱི་ འཕེལ་རྟགས་ཡིན།    གཙོ་བོ་བོད་ཀྱི་གློག་བརྙན་དཔྱད་འཇོག་དང་གློག་བརྙན་ཕྲན་དཔྱད།   གློག་བརྙན་ངོ་སྤྲོད།   གློག་བརྙན་རྒྱུན་ཤེས།   གློག་བརྙན་གསར་འཕྲིན།  གློག་བརྙན་གཞུང་ལུགས།   གློག་བརྙན་འཁྲབ་གཞུང་།   གློག་བརྙན་མི་སྣའི་སྡིངས་ཆ་སོགས་ཀྱི་མ་ལག་ཅུང་འཐུས་སྒོ་ཚང་བ་ཞིག་གྲུབ་སོང་བ་རེད།    དེ་བཞིན།   ཕྱི་ནང་གི་གློག་བརྙན་དཔྱད་འཇོག་དང་གློག་བརྙན་མདོར་བསྟན།   གློག་བརྙན་རིག་གཞུང་སོགས་འགྲེམས་པ་ནི་ཁ་སང་གི་རྨི་ལམ་དུ་འཕྲུལ་བའི་གློག་བརྙན་མཛེས་དཔྱོད་དེ་ཉིད་དེ་རིང་གི་དངོས་ཡོད་དུ་སྣང་བའི་གློག་བརྙན་དྲྭ་བའི་ལས་གཞི་གསར་བ་རུ་གྱུར་བ་རེད།   སང་ཉིན་གྱི་བོད་ཀྱི་གློག་བརྙན་ཕྱོགས་བསྡུས་སྒྱུ་རྩལ་ལའང་རེ་བའི་རྩེ་དང་ལག་ལེན་གྱི་གནད་ལ་རག་ལས་བ་གསལ་འབྱེད་བྱེད་ཐུབ།    དུས་དང་བསྟུན་ནས་བོད་ཡིག་གི་གློག་བརྙན་རྩོམ་རིག་ལའང་སྔར་བྱུང་མ་མྱོང་བའི་སྐྱོམ་འགུལ་ཆེན་མོ་ཞིག་བྱུང་བ་རེད།  དཔེར་ན། གློག་བརྙན་ཆེད་དེབ་དང་གློག་བརྙན་ཚགས་ཤོག   གློག་བརྙན་ཆེད་བཀོད་དུས་དེབ།   གློག་བརྙན་ལོ་རྒྱུས་གཞུང་ལུགས་སོགས་ཀྱི་ཆ་ཅུང་ཟད་ཆགས་མགོ་རྩོམ་གྱིན་ཡོད།  

མདོར་ན།   ལོ་རྒྱུས་སུ་བྱུང་མ་མྱོང་བའི་བོད་ཀྱི་གློག་བརྙན་དྲྭ་ཚིགས༼ བོད་བརྙན་དྲྭ་བ ༽ནི་འདི་ལས་གློག་བརྙན་གྱི་སྡིངས་ཆ་གསར་བ་དང་བློ་འབྱེད་གསར་བའི་རིག་སྒོ་འབྱེད་ཀྱིན་ཡོད།   དེ་བཞིན།   ༼ པྲ་དྲ ༽འི་ཕྱོགས་བསྡུས་རང་བཞིན་གྱི་གློག་བརྙན་སྟེགས་བུ་ཞིག་དང་བོད་གློག་བརྙན་གྱི་ སྒྱུ་རྩལ་ཁྱིམ་ར་ཆེན་པོ་ཞིག་གྲུབ་དམུས་སུ་མཆིས་པ་ནི་མཆོད་པར་འོས་སོ།


·རྩོམ་ཡིག་གོང་མ:སྟོན་པའི་རྣམ་ཐར་ཚིགས་བཅད་བཅོ་བརྒྱད་མ།
·རྩོམ་ཡིག་འོག་མ:དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་ལུང་རགས་གཏེར་མཛོད།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·བོད་ཀྱི་DVགློག་བརྙན་ཐུང་ངུ་འགའ་ཡིས་དགོད་ཁ་ཤོར། 2011/9/10 0:29:34
·པེ་ཅིན་སློབ་ཆེན་གློག་བརྙན་འགྲན་བསྡུར་ལ་ཞུཊ་པའི་བརྙན་ཐུང་ཞིག 2011/3/14 16:31:01
·བརྙན་ཐུང་ཤེས་རབ་ཀྱི་འཛུམ་མདངས་ཀྱི་བརྡ་སྦྱོར་པར་རིས། 2011/3/8 17:54:45
·གློག་བརྙན་ཐུང་ངུ༼ཤེས་རབ་ཀྱི་འཛུམ་མདངས༽། 2011/3/8 17:50:50
·འགྲན་མེད་ཀྱི་༼ཨ་ཧྥན་ཏྰ༽(གློག་བརྙན) 2010/1/15 16:26:22
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 5:29:47 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 17:24:35 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/13 6:56:13 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 42 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།36.99MS