ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

དྲ་རྩོམ་ལ་འཇུག་པའི་དགོས་པ་དང་དམིགས་གཞིའི་སྐོར།

  རྩོམ་པ་པོ:ཁ་བ་རི།ཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:1833ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/10/3 9:57:24ཚོགས་ཡར་སྤྲོད:admin

དྲ་རྩོམ་ལ་འཇུག་པའི་དགོས་པ་དང་དམིགས་གཞིའི་སྐོར།

གླེང་སློང

    ལོ་སྔོན་མ་དག་གི་རིང་ལ།དྲྭ་རྩོམ་འབྲི་བ་ནི་རྩོམ་ཡིག་འབྲི་མཁན་དག་གི་སེམས་ཀྱི་གར་སྟེགས་ཆེན་པོ་ཞིག་དང་།ཡང་ན་རང་གི་ཤེས་རིག་གི་རྩལ་དང་ནུས་པ་འདོན་པའི་སྒེའུ་ཁུང་རྨ་མེད་ཅིག་ཏུ་བགྲང་བཞིན་ཡོད་ལ།དེ་མུར་རང་གི་ཁེར་རྐྱང་གི་སེམས་ཁམས་དེ་ཕྱི་རོལ་ནས་ཀུན་གྱི་མིག་སྔར་དུ་བགྲངས་པའམ།རང་ཉིད་མི་རུ་སྐྱེས་པའི་དོན་སྒོ་དེ་གཞན་ལ་སྐད་ཆ་བཤད་པ་དང་བསམ་དོན་བརྗེ་རེས་ཀྱི་ཚུལ་ལས་མ་འདས་པའོ

དྲ་རྩོམ་གྱི་སྒྲིག་གཞི།

དེ་ཡང་གློག་ཀླད་སྤྱི་དྲ་རྒྱ་དེ་སྔོན་ཐོན་རྒྱལ་ཁབ་ཀྱི་སྤེལ་མགོ་བཙུགས་པ་ནས་ད་ལྟའི་བར་དུ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་སྟེང་དུ་བཀོད་པའི་ཁྱབ་རྒྱ་དར་སྤེལ་བྱས་ནས་གྲུབ་འབྲས་བློ་ཡུལ་ལས་འདས་པའི་ནུས་པ་ཐོན་གིན་འདུག་ལ།སྤྱི་ཚོགས་ཀྱི་དཔལ་འབྱོར་རིག་གནས་ཐོན་སྤེལ་དང་གསར་འགྱུར་དང་སྒྱུ་རྩལ་དམངས་སྲོལ་ཐད་ནས་སྔར་ལས་བཟང་པོའི་ཕྱོགས་ལ་དགེ་མཚན་མི་དམན་པ་ཐོབ་ཀིན་འདུག་པ་ཀུན་གྱི་ཤེས་གསལ་ལྟར་རེད་འདོད།དེ་བས་རང་རེའི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་སློབ་གྲྭ་སོགས་ལས་རིགས་ཀྱི་ལས་ཁུངས་གང་ནའང་བོད་ཀྱིས་གློག་ཀླད་བཀོད་སྤྱོད་བྱེད་པའི་དགོས་མཁོ་དེ་ད་དུང་ཡང་སྐོང་ཐུབ་ཀིན་མེད་པའི་གནས་ཚུལ་མང་ལ།མི་རང་སྒེར་ནས་ཀྱང་འོས་འཚམས་ཀྱི་བཀོད་སྤྱོད་ཐད་ལ་མི་འདང་པའི་ཆ་མང་པོ་འདུག་པ་ལ།མི་ལ་ལས་དགོས་མེད་མཁོ་མེད་ཀྱི་གྲངས་སུ་བརྩི་ཀིན་ག་ལ་འདུགདེ་བས་འདིར་བཤད་འདོད་པ་ནི།རང་རེའི་བོད་པ་བའི་ཤེས་ཡོན་པའི་སྡེ་དང་གློག་ཀླད་ཆེད་མཁས་པ་དག་ཀྱིས་ཀྱང་གཞན་ལ་ཡོད་པ་རང་ལའང་ཡོད་དགོས་པའི་བརྩེ་སེམས་ལྷག་པོ་ཞིག་གིས་བོད་ཡིག་གི་མ་ལག་དེ་རྩིས་འཁོར་དུ་ལྡུགས་པའི་དཀའ་ངལ་ཁྲི་སྟོང་མང་པོ་ཕྲག་གིས་བསུས་ཏེ་བོད་ཡིག་བཀོད་སྤྱོད་བྱེད་པའི་སྒྲིག་གཞི་འཐུས་ཚང་དང།བོད་ཡིག་གཏགས་ཐུབ་པའི་མ་ལག་གསར་བསྐྲུན་ཐད་ནས་དགོས་མཁོ་ཡོད་ཚད་སྐོང་ཐུབ་པར་འདུག་ལ།རིག་གཞུང་ཉར་ཚགས་དང་བསྡུ་སྒྲིགབསོགས་འཇོག་བྱེད་ཐུབ་པའི་ནུས་འཇོན་དེ་ཀུན་གྱི་ལག་ཏུ་གཏད་འདུགདེ་བཞིན་གནའ་དཔེ་བསྡུ་སྒྲིག་དཔེ་བསྐྲུན་དང་དམངས་ཁྲོད་རིག་གནས་འཚོལ་སྡུད།རིག་གཞུང་གསར་བ་དང་སྒྱུ་རྩལ་སོགས་ཐད་ནས་སྟབས་བདེ་དང་མྱུར་ཚད་ཇེ་མགྱོགས་སུ་གཏོང་པའི་དུས་ཚོད་ལྷུར་ལེན་བྱེད་པའི་ཐད་ལ་ནུས་པ་མི་ཉུང་བ་ཐོན་འདུགམི་སྒེར་ཐད་ནས་ཀྱང་རང་གི་བྱ་བ་དང་དམིགས་ཡུལ་ཉེ་འགྲུབ་ཡོང་བའི་ཐད་ལ་ཆ་རྐྱེན་འཕྲོད་པོ་སྤྲད་ཡོད་པ་དང་།རང་གི་བརྩམས་ཆོས་དང་བསྒྱུར་རྩོམ།དཔྱད་ཡིག་སོགས་སྤེལ་བར་ཕྱོགས་གང་ཐད་ནས་ཆ་རྐྱེན་འོས་པོ་ཞིག་སྤྲད་འདུགདེར་བསྟུན་བཀོད་སྤྱོད་ཤེས་མཁན་རྣམས་ཀྱིས་གློག་ཀླད་ཀྱི་བེད་སྤྱོད་བྱེད་པའི་ནུས་པ་དེ་ཧ་ལས་པའི་ཚོད་དུ་འདུག་ལ།བཀོད་མི་ཤེས་པ་དག་གིས།ཨ་གསར་ཙམ་ལས་ནུས་པ་ཆེན་པོ་འདོན་ཐུབ་ཀིན་མེད་པར་ལུས་འདུག

བོད་ཡིག་དྲ་ལམ་དུ་སྤེལ་བའི་དགེ་མཚན་གསར་བའི་སྐོར་ནས།

བོད་ཡིག་དྲ་ལམ་དུ་སྤེལ་བ་ནས་བཟུང་། དཔེ་ཀློག་གི་བལྟ་རྒྱ་ཇེ་མཐོར་བཏང་ཡོད་པ་དང་། རྒྱབ་ཁབ་ཕྱི་ནང་གི་གསར་འགྱུར་དང་ས་གནས་གསར་འགྱུར་སོགས་མི་རྣམས་ཀྱི་བསམ་པའི་རྒྱགས་ཕྱེ་ཕུན་ཚོགས་སུ་བཏང་ཡོད་ལ།སློབ་གྲྭ་ཆེ་ཆུང་གང་གི་སློབ་གསོའི་བྱེད་ཐབས་དང་ཆེད་མཁས་པའི་རིག་གཞུང་བརྒྱུད་འབྲེལ་ཐད་ལ།དུས་ཚོད་དང་བར་བརྒལ་མེད་པར་ཐག་ཇེ་ཉེ་ནས་ཇེ་ཉར་བཏང་ཡོད་པ་དང་།མཐོ་དམན་བར་གྱི་བར་སྐོང་དེ་མེད་པར་བཟོས་འདུག་པས་སློབ་ཁྲིད་ཀྱི་བྱེད་སྒོ་དེ་ཐེངས་མང་སྤེལ་བའི་སློབ་གསོའི་རྒྱུ་སྤུས་ཀྱི་ཐད་ནས་ཚད་འཛིན་ལེགས་པོ་གཏོང་པའི་ཆ་རྐྱེན་བསྐྲུན་ཡོད་ལ།བོད་ཀྱི་ན་གཞོན་པ་དག་གིས་ལས་བགོ་རེག་མི་ཐུབ་པའི་བྱ་བ་མང་པོ་ཚན་རིག་རྩིས་འཕྲུལ་གྱི་ལམ་ནས་ཐག་གཅོད་བྱེད་ཐུབ་བམ་སྙམ།དེ་ལྟར་བརྗོད་ན་ང་ཚོར་མཐུན་རྐྱེན་གྱིས་འདང་ཀྱང་བསྒྲུབ་མ་ཐུབ་པའི་བྱ་བ་མང་པོ་ཞིག་ལ་དོ་སྣང་དང་གལ་འཛིན་མ་བྱས་པར་རང་སར་ནས་ལུས་འདུག་པ་དང་།གལ་བོ་ཆེ་ལ་ནན་ཏན་མེད་པར་ཉི་མ་གཏོང་ཐབས་ཀྱིས་དུས་ཚོད་མང་པོ་འཕྲོ་བརླགས་སུ་གཏོང་བ་ནི་ཇི་འདྲའི་ཡིད་སྐྱོ་བའི་གནས་སུ་འདུག་ལ།ད་དུང་སུ་དང་གང་ལའང་དམིགས་འབེན་ཅི་ཡང་མེད་པར་རང་གི་མ་འཁྱོངས་པ་དེ་རང་གི་སྔོན་རབས་པ་དག་གིས་མ་འཁྱོངས་པར་བརྗོད་པ་ནི་མདོར་དེད་ན་རང་གི་སྒྱིད་ལུག་ཁོ་ན་རེད་འདོད།དེ་ཕྱིར་ད་སྐབས་དྲ་ལམ་རིག་གནས་ལ་མཐོང་ཆེན་བྱེད་པའི་མི་བུ་དཀོན་པ་དང་།དྲ་ལམ་དུ་སྤེལ་བའི་རིག་གནས་ལ་ལྟ་མཁན་དེ་བས་ཉུང་ཚོད་རེད་ལ།དྲ་ལམ་གྱི་རིག་གནས་བཀོད་སྤྱོད་དང་སྣེ་འདྲེན་བྱེད་མཁན་དེ་བས་ཀྱང་ཉུང་ཉུང་རེད་འདུག དེ་ནི་བོད་རང་ལ་ཆ་རྐྱེན་མེད་པའམ་དཀའ་ཁག་ཆེ་བ་ཙམ་ནི་ཁ་གཡར་ས་ཁོ་ན་ཡིན་པ་ལས་རང་གི་མི་འཇོན་པའི་ལས་དེ་་ལྐོག་ཏུ་སྦས་པ་ནི་ངོ་ཚ་ཤ་སྟག་རེད།མི་སྒེར་གྱི་བོད་ཡིག་གློག་ཀླད་བཀོད་སྤྱོད་བྱེད་མཁན་ཀྱང་གཞི་རིམ་དང་མང་ཚོགས་ནང་དུ་མེད་ལ།སློབ་མའི་ནང་དུའང་ཉུང་ཉུང་རེད།ལས་བཟོ་བའི་ནང་དུ་དགེ་རྒན་འགའ་རེ་དང་རྩོམ་ཡིག་ལ་དགའ་མཁན་འགའ་རེ་མ་གཏོགས་མཐོང་མྱོང་མེད་ལ།དེ་ལྟར་བྱས་ན་བོད་ཁམས་ཧྲིལ་བོ་ནས་གློག་ཀླད་རྩིས་འཕྲུལ་འཛིན་པའི་མི་བུ་ག་ཙམ་ཡོད་མེད་དང་།དེ་དག་གི་བཀོད་སྤྱོད་ཇི་འདྲ་གཏོང་གིན་ཡོད་མེད་ཀྱང་གཞན་ལ་འདྲི་དགོས་པའི་དོན་དག་ཞིག་རེད། དེ་ནི་མི་ཉུང་ཉུང་ལས་དོ་སྣང་བྱེད་མི་བྱེད་ཐུབ་པའི་གནས་ཚུལ་གཞིར་བཞག་སྟེང་ནས།བོད་སྤྱི་ཚོགས་ཡོང་གིས་མཐོང་ཆེན་དང་ཤེས་རྟོགས་སད་དགོས་པ་དང་།བོད་ཡིག་གི་གློག་ཀླད་རྩིས་འཕྲུལ་གྱི་སྦྱོར་བརྡར་དང་གསབ་སྦྱོང་སྤེལ་ནས།བེད་སྤྱོད་ཀྱི་རིན་ཐང་ཐད་ནས་ཀུན་གྱི་ཤེས་སྒོ་གསལ་དག་པོར་འདོན་རྒྱུ་དེའོ།

·རྩོམ་ཡིག་གོང་མ:ལོ་ཙཱ་བ་བློ་བཟང་ཆོས་འཕགས།
·རྩོམ་ཡིག་འོག་མ:སྟོན་པའི་རྣམ་ཐར་ཚིགས་བཅད་བཅོ་བརྒྱད་མ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·བོད་ཀྱི་དྲྭ་བར་བགྲོ་བའི་གཏམ་སྣ་ནག་མ། 2012/11/2 21:53:15
·གླུ་བསྐུལ་རྡོ་རྗེའི་ཐོལ་གླུའི་མཆན་ཟིན།༢ 2011/5/26 18:07:54
·ཀླུ་སྨྱོན་གླུ་བསྐུལ་རྡོ་རྗེའི་ཐོལ་གླུའི་མཆན་ཟིན།༡ 2011/5/26 17:58:37
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 17:09:02 [来自: 112.5.236.197]

 评论者:febubtsj
SKUSRr  <a href="http://lpzvxeyxihkp.com/">lpzvxeyxihkp</a>, [url=http://pmnknlqiyafs.com/]pmnknlqiyafs[/url], [link=http://opghoewnovep.com/]opghoewnovep[/link], http://tibrczewrgzx.com/
发表时间:2016/4/19 6:04:26 [来自: 46.161.9.15]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 9:48:48 [来自: 111.144.227.221]

འབྲེལ་ཡོད་དཔྱད་བརྗོད 38 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS