ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

རྣམ་པ་རིང་ལུགས་ལ་དགའ་བའི་ང་ཚོ།

  རྩོམ་པ་པོ:གཡུ་མིགཡོང་ཁུངས:སེང་རྡོར་དྲ་བ།གཟིགས་གྲངས:3384ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/4/28 18:52:31ཚོགས་ཡར་སྤྲོད:admin

རྣམ་པ་རིང་ལུགས་ལ་དགའ་བའི་ང་ཚོ།

གཡུ་མིག

 

   ཉེ་སྔོན་ཡུལ་ཤུལ་ས་འགུལ་གྱི་སྐབས་སུ་སྐད་འཕྲིན་དང་འཕྲིན་ལམ་སོགས་བརྒྱུད་དེ་ཁོ་ཚོས་༤:༡༤ཉིན་མོ་ནི་ལོ་རྒྱུས་ཀྱིས་བརྗེད་མི་སྲིད་ཅིང་། མི་རིགས་ཀྱིས་བརྗེད་མི་སྲིད། ང་རང་གིས་དེ་བས་ཀྱང་བརྗེད་མི་སྲིད་པའི་རྣམ་འགྱུར་དང་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་པའི་འུར་འུར་ཟང་ཟིང་གིས་ཡིག་ཚོགས་ཀྱི་ཉིན་དེའི་འཕྲིན་ལམ་ཧྲིལ་བོར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་འདུག་པར། ཕྱོགས་གཅིག་ནས་བལྟས་ན་ཅུང་དགའ་འོས་པའི་དོན་དག་ཅིག་ཡིན་སྲིད་དེ། སྤྱི་ནས་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་གི་རིན་ཐང་དང་། འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་འདྲ་མཉམ་དུ་ལྟ་བའི་དགོངས་ཚུལ་གྱི་ངོས་ནས་རིན་ཐང་གིས་ལྟ་བ་ཞིག་གིས་དཔྱོད་ཀྱིན་པ་དང་། གདུང་བཞིན་པ། སྨྲེང་བཞིན་པ་སོགས་མགོ་ནག་སྤྱི་བོ་གནམ་བསྟན་གྱི་ཆེས་གཞི་རྩ་དང་ཆེས་རྨང་གི་ཚེ་སྲོག་གི་འདྲ་མཉམ་སློང་སྟངས་དང་དྲན་པ་གསོ་སྟངས་ཤིག་ཡིན་པས། ཅིས་ཀྱང་དགའ་འོས་པ་ཞིག་ཡིན་སྲིད་དེ། འུ་ཅག་ཀྱང་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཁེ་དབང་དང་། ལྷན་སྐྱེས་མ་ཡིན་པའི་ཁེ་དབང་ལ་བདག་པོ་བྱེད་ཆོག་མཁན་ཞིག་ཡིན་པ་མ་ཟད། འུ་ཅག་གི་མི་རིགས་འདི་ཡང་རིགས་མཐུན་སྤྱིའི་འགྲོ་འདུག་སྤྱོད་ཚུལ་བཞིན་དུ་འདྲ་མཉམ་ངང་གནས་དགོས་པ། འདྲ་མཉམ་ངང་འཚོ་དགོས་པས། ཡུལ་ཤུལ་ས་འགུལ་དང་གཞན་པའི་ཚེ་སྲོག་ཤོར་བ་ཚང་མ་ལ་ཚེ་སྲོག་གི་རིན་ཐང་ཡོད་ཅིང་། ཚེ་སྲོག་གི་གདུང་དབྱངས་ཀྱང་ཡོད་པས། ཁྱོད་ཚོས་མྱ་ངན་ཞུས་པའང་ནོར་མི་འདུག དེ་བས་ཀྱང་ཅུང་བྱེ་བྲག་ཏུ་བབ་ན་ཡུལ་ཤུལ་ས་འགུལ་དང་འུ་ཅག་གི་དོད་དུ་ཚེ་སྲོག་ཤོར་མཁན་དག་ལ་འུ་བུ་ཅག་གིས་དམིགས་བསལ་གྱི་མྱ་ངན་དང་གདུང་དབྱངས་གྱེར་ནའང་ཆོག་ཆོག་དང་འོས་འོས་ཡིན་པར་འདོད་དེ། དེ་ནི་མི་རིགས་ཐལ་མཐའ་རིང་ལུགས་ཀྱི་དགོངས་ཚུལ་ཙམ་མ་ཡིན་པར། རིགས་གཅིག་པ་དང་། རུས་གཅིག་པ། ཤ་ཁྲག་གི་ལས་མཐུན་བྱུང་བ་ཏག་ཏག་ཡིན་པས་འུ་ཚོར་དམིགས་བསལ་གྱི་མྱ་ངན་ཞུ་དབང་དང་། དྲན་པ་སློང་ཚུལ་ཞིག་ཀྱང་ཡོད་པ་རེད་དེ། འཛམ་གླིང་གི་ཡུལ་གྲུ་སོ་སོ་རུ་མི་རིགས་རང་གི་ཁྱད་ཆོས་བདོག་པའི་དམིགས་བསལ་དུས་སྟོན་དང་། དམིགས་བསལ་དུས་དྲན་སོགས་ཡོད་པས། ང་ཚོས་འདི་ལྟར་དུ་མྱ་ངན་ཞུས་པའང་ནོར་མི་འདུག་མོད། ཡིན་ནའང་ཁོ་བོར་འདི་ལས་དོགས་པ་ཞིག་དང་འདང་རྒྱག་གཞན་པ་ཞིག་ཡོད་པ་ནི། འུ་ཅག་གི་སྐད་ཆ་བཤད་པ་དང་མྱ་ངན་ཞུ་སྟངས་དེ་རྣམ་པ་ཙམ་དུ་འགྱུར་བཞིན་ཡོད་པས་དེང་གི་གདུང་སེམས་མཉམ་སྐྱེད་བྱེད་མཁན་དང་སྐད་ཆ་རྫིག་པོ་བཤད་མཁན་དག་ལ་དེ་འདྲ་ཡིད་ཆེས་རྒྱུ་མི་འདུག་ལ་ལྷག་པར་དུ་སྐད་འཕྲིན་དང་འཕྲིན་ལམ་སོགས་བརྒྱུད་ནས་མྱ་ངན་ཞུ་བ་དང་སྐད་ཆ་བཤདཔ་ནི་དེ་བས་ཀྱང་ཡིད་མི་ཆེས་པ་ཞིག་ཏུ་འདོད་བྱུང་། ཡུལ་ཤུལ་ས་འགུལ་སྐབས་སུ་མི་མང་པོ་ཞིག་གིས་སྐད་འཕྲིན་དུ་མྱ་ངན་དང་གདུང་དབྱངས་གྱེར་བཞིན་པའི་ཞབས་མཆན་དུ་བདག་གིས་ང་ཚོ་ནི་རྣམ་པ་རིང་ལུགས་ཀྱི་མྱ་ངན་ཞུ་རྒྱུ་དང་རྣམ་པ་རིང་ལུགས་ཀྱི་སྐད་ཆ་བཤད་རྒྱུར་དགའ་བོ་ཡོད་ཅིང་། རྣམ་པ་རིང་ལུགས་ཀྱི་ལས་ཀ་འདི་ཁྱབ་བསྒྲགས་བྱེད་སར་སྐད་འཕྲིན་འདི་ནི་ཆེས་སྟབས་བདེ་དང་མྱུར་ལམ་གྱི་འཕྲིན་ལམ་ཞིག་ཡིན་ཞེས་བཤད་མ་ཐག་མི་རེ་འགའ་དེ་ལ་མི་འཐད་པ་དང་། རང་ཉིད་ཀྱིས་ལས་ཀ་ག་གེ་མོ་རེ་འཁྱོངས་སོང་པས་ངོ་སོ་ཡིས་ང་ལ་ངོམས་ར་དང་ལབ་རྡོལ་གནང་སོང་མོད། བདག་གིས་ནི་ང་ཚོ་ཞེས་སྤྱི་ཁྱབ་པ་ཞིག་བརྗོད་པ་ལས་ཁྱོད་དང་ཁོ་ཞེས་བྱེ་བྲག་ཏུ་ངོས་བཟུང་མེད་པས། དེ་ལ་དགོངས་པ་བཞེས་དགོས་དོན་མེད་པར་འདོད། ཡང་ཅིག་བཤད་ན་ཁོ་བོས་ང་ཚོས་ཞེས་སྤྱི་ཙམ་པའི་སྣང་ཚུལ་ཞིག་བརྗོད་པ་ལས། བྱེ་བྲག་གི་མི་བུ་རེ་འགའ་ལ་བྱས་རྗེས་དང་རྣམ་པ་རིང་ལུགས་ཀྱི་ཟློས་གར་འཁྲབ་ཀྱིན་འདུག་ཅེས་བརྗོད་པ་ཡེ་ནས་མིན། ཁོ་བོས་མི་བུ་བྱེ་བྲག་པ་རེ་རེའི་མཛད་རྗེས་དང་བཀའ་དྲིན་ནི་དུས་གཏན་དུ་བརྗེད་མི་སྲིད་ལ་ག་ལ་བརྗེད་ངེས། ཡིན་ནའང་། གནད་འགག་གི་སྐབས་སུ་འུ་ཅག་ལ་ལྟད་མོ་བ་ལས་འཐབ་མོ་བ་མེད་ལ། བཤད་མཁན་ལས་སྒྲུབ་མཁན་མེད་པ།༼ ཤེས་ཡོན་པའི་ཡི་གེ་སྦྱོར་བ་སྟེ་སྤྱི་ཚོགས་དང་ཉེ་བར་བཅར་བ་བའི་རྩོམ་ཡིག་རེ་འགའ་ལས་མེད་པ༽ རྣམ་པ་ཙམ་ལས་དོན་གྱིས་དབུལ་བ་འདི་དག་ཚང་མ་ནི་ཁོ་བོས་བཤད་ཀྱིན་པའི་རྣམ་པ་རིང་ལུགས་ཙམ་རེད། དུས་ཆེན་གྱི་སྐབས་སྐབས་སུ་སྐད་འཕྲིན་ལས་རྟེན་འབྲེལ་ཞུ་བ་དང་། དམིགས་བསལ་གྱི་དུས་དང་། འཇིག་ཉེན་གྱི་སྐབས་དག་ཏུ་ང་ཚོས་སྐད་འཕྲིན་ལས་པར་འགའ་དང་ཡིག་རྡོག་འགས་མྱ་ངན་ཞུས་པ་ཙམ་ལས་རང་ཉིད་ཀྱི་ལས་ཀ་འགྲུབ་སོང་སྙམ་ནས་དབུ་ལྕོག་ལྡེམ་ལྡེམ་བྱེད་གྱིན་འདུག་མོད། དོན་དམ་དུ་འུ་ཅག་གི་ཤ་དང་རུས་པ། ཁྲག་དང་རྩ་ཡི་སྦུབས་སུ་མི་རིགས་ཀྱི་གདུང་བ་དང་། དུས་ཀྱི་ཉེན་བརྡ་ཚོར་གྱིན་པའི་མི་བུ་དུ་ཙམ་ཡོད། ཁྱེད་ཀྱི་འཁོར་ཡུག་ན་དུ་ཡོད། ཁྱོད་ཉིད་དེ་འདྲ་ཨེ་ཡིན། 

    སྙན་ངག་པ་རྨོག་ཤེར་གྱིས་དུས་ཆེན་རེ་ཐོན་དུས་ཁ་ཡག་བཤད་ནི་ཇེ་མང་རེད་ཅེས་པ་བཞིན་དུ། དམིགས་བསལ་གྱི་དུས་ཚོད་དང་དམིགས་བསལ་གྱི་དོན་དག་རེ་འགའི་ཁྲོད་དུ་འུ་ཚོར་རྣམ་པ་རིང་ལུགས་ཀྱི་མི་ཇེ་མང་ནས་ཇེ་མང་རེད། དམིགས་བསལ་གྱི་ཉིན་མོ་ཞིག་ཏུ་རང་ཉིད་དམིགས་བསལ་གྱི་མི་ཞིག་ཡིན་མདོག་བྱེད་པ་ནི་འུ་ཅག་གི་གཉུག་གི་གཏམ་འདོད་ཚ་བོ་དེའི་དབང་གིས་ཡིན་སྲིད་མོད། རང་ཉིད་ཉེན་ཁ་མེད་པའི་གནས་ཤིག་ཏུ་ཞོལ་ནས་སྐད་ཆ་བཤད་པ་དང་ཁེ་གྲགས་ལེན་པ་ནི་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་ཡིན་འདུག སྐད་འཕྲིན་སོགས་སུ་རང་ཉིད་མི་སྣ་ཆེ་གེ་མོ་དང་མཉམ་པོར་ཡོད་ཚུལ། ཁ་བརྡ་བྱས་ཚུལ། མཉམ་པར་འགྲེམ་པ། དེ་རིང་དཔེ་ཆ་མང་མང་ཞིག་ཉོས་པ། དཔེ་ཆར་ལྟ་བཞིན་པ་དང་། བལྟ་དགོས་ཞེས་བཤད་པ་སོགས་གང་དང་གང་སུ་དང་སུ་ཞིག་གིས་བརྡ་ཁྱབ་བྱེད་གྱིན་པ་ནི་དོན་དམ་པར་ང་ཚོས་རྣམ་པ་རིང་ལུགས་ཀྱི་སྟག་པགས་དང་གཟིག་པགས་ཕྱི་ལ་ངོམས་ཀྱིན་པ་དེའོ། དོན་དམ་མི་སྣ་ཆེ་གེ་མོའི་མདུན་ཐད་དུ་སྐད་ཆ་ཚ་ཐག་ཆོད་པ་ཞིག་ཤོད་པའི་མི་བུ་ག་ཚོད་ཡོད་པ་དང་། ཁ་རོག་གེར་སློབ་སྐབས་ཤིག་ལ་དཔེ་ཆ་བཅུ་གྲངས་ཤིག་བཀླགས་པའི་མི་ཅི་ཙམ་ཡོད་པ། ད་དུང་ཁྱེད་ཀྱིས་དུས་རྒྱུན་ཉོས་ཡོད་པའི་དཔེ་ཆ་དེ་དག་གི་གྲལ་ནས་དཔེ་ཆ་ཅི་ཙམ་ལ་བལྟས་ཡོད་པ་སོགས་རེ་རེ་བཞིན་དུ་ཁོག་རྩིས་རེ་བྱས་ན། ཁྱེད་ཀྱི་འཕྲིན་ལམ་ན་གཏོང་གིན་པའི་རང་ཉིད་དང་དོན་དངོས་ཀྱི་རང་ཉིད་ཀྱི་བར་ཐག་དེ་གང་འདྲ་རེད། 

       ཁ་སང་འཛམ་གླིང་དཔེ་ཀློག་ཡིན་མོ་ལའང་འུ་ཅག་གི་རྣམ་པ་རང་ལུགས་པ་དག་གིས་རང་གཟུགས་ཕྱི་ལ་ངོམས་ཏེ། སྐྱ་མདའ་བཀྱགས་པ་ནས་དེ་རིང་གི་དཔེ་ཀློག་ཡིན་མོར་རྟེན་འབྲེལ་ཞུ་བ་དང་། དཔེ་ཀློག་ཉིན་མོར་དཔེ་ཆ་འདི་དང་དེ་ལ་ལྟ་བཞིན་པ་སོགས་རེ་རེ་བཞིན་དུ་འཕྲིན་ལམ་དག་ཏུ་ལྷབ་ལྷུབ་དུ་ལྷུང་བའི་ཉིད་ལ། ཁོ་བོས་དྲན་ཚུལ་ཞིག་ཏུ་འུ་ཅག་གི་མི་རིགས་འདིའང་རེ་བ་ཅན་གྱི་མི་རིགས་ཤིག་དང་། དཔེ་ཀློག་ལ་སྤྲོ་བའི་མི་རིགས་ཤིག་ཡིན་པར་འདོད་མོད། རང་ཉིད་ཀྱི་མཐའ་འཁོར་གང་རུང་ན་རང་ཉིད་དང་ཆ་ཡོད་རྒྱུས་ཡོད་དུ་གྱུར་བའི་གྲོགས་པོ་རེ་འགས་ཀྱང་དེ་རིང་ནི་དཔེ་ཀློག་ཉིན་མོའོ་ཞེས་དཔེ་ཆ་བམ་ཁ་མཐུག་པོ་ཅན་རེ་འཕྲིན་ལམ་དུ་ཀྱལ་ནས་རང་ཉིད་དེ་ལ་འཇུག་གིན་པའི་རྣམ་པ་སྟོན་པ་དེས་ཁོ་བོར་ཡང་བསྐྱར་འདང་རྒྱག་གསར་བ་ཞིག་མི་ཐོན་རང་ཐོན་དུ་གྱུར་ཅིང་དེ་མ་ཉིད་དུ་ཡིད་སེམས་གཏིང་ནས་སྐྱོ་དགོས་སོང་། འུ་ཅག་གིས་རྣམ་པ་རིང་ལུགས་པ་ཁོ་ན་བ་འདིས་ཡང་སྙིང་ཅི་ཞིག་འཁྱོངས་ཀྱི་ཡོད་པ་དང་། ཡང་ན་ཅི་ཞིག་མཚོན་གྱིན་ཡོད་པ་དེའོ། དུས་ཆེན་གང་དང་གང་ཞིག་ཡིན་ནའང་དེ་ལ་དམིགས་བསལ་གྱི་ཆོ་ག་སྤེལ་སྟངས་དང་དུས་ཆེན་རོལ་སྟངས་སོགས་ཐུན་མོང་མ་ཡིན་པ་རེ་ཡོད་སྲིད་ཅིང་། རང་ཉིད་ཀྱིས་དུས་ཆེན་དེ་ལ་རོལ་དང་མི་རོལ་དེ་ལ་དགའ་མི་དགའ་སོགས་ནི་དོན་དག་གཞན་པ་ཞིག་ཡིན་མོད། དཔེ་ཀློག་ཉིན་མོ་ནི་འཛམ་གླིང་རང་བཞིན་གྱི་དུས་ཆེན་ཞིག་ཡིན་པས། དུས་ཆེན་འདི་ལ་རོལ་ཡོད་པའི་མི་གཞན་པ་རྣམ་གྱིས་དུས་ཆེན་འདིའི་ཆོ་ག་རུ་དེབ་ཀློག་པ་དང་། ཆེད་དུ་དཔེ་ཀློག་ལ་དམིགས་པའི་སྐད་ཆ་ཤོད་ཀྱིན་པ་ཡོད་སྲིད་པ་མ་ཟད། དུས་ཆེན་འདི་དུས་ཆེན་དུ་བརྩིས་ནས་དམིགས་བསལ་གྱི་དཔེ་ཆ་ཀློག་གིན་ཡོད་པའང་ཁོ་ཐག་ཡིན་སྲིད། ཡིན་ནའང་འུ་ཅག་གིས་སྐྱེ་བོ་དུ་མ་ཞིག་གིས་རྣམ་པ་རིང་ལུགས་ཀྱི་ཚུལ་འཆོས་ཙམ་སྟོན་གྱིན་པ་ལས་དུས་རྒྱུན་དང་དུས་རྒྱུན་མ་ཡིན་པའི་འུ་ཚོའི་ཁོར་ཡུག་ན་དཔེ་ཀློག་ལ་འཇུག་གིན་པའི་མི་ཅི་འདྲ་ཞིག་ཡོད་དམ། ཡང་ན་འཛམ་གླིང་དཔེ་ཀློག་གི་ཉིན་མོར་རང་སེམས་ལྷོད་ལ་བབས་ཏེ་ཤེས་རབ་ནང་བྱན་ཆུད་པའི་ངང་ནས་དཔེ་དེབ་རེ་ཀློག་ཡོད་པས་མི་ཅི་ཙམ་ཡོད་པའང་རང་རང་སེམས་སུ་གསལ་བོ་ཁེད་པོ་ཡིན་སྲིད། དེ་ལྟར་ན་འུ་ཅག་གི་དུས་ཆེན་རོལ་སྟེང་འདིའང་རྣམ་པ་ཙམ་དང་རྣམ་པ་རིང་ལུགས་ཙམ་དུ་བུད་སོང་བ་མ་ཡིན་གྲང་། 

     མདོར་ན། གནད་འགག་གི་སྐབས་ཤིག་ཏུ་སྐད་རྒྱག་པ་དང་། འུར་འདེབས་པ། ཐ་ན་འདྲ་པར་ཞིག་བརྒྱུད་འགོད་བྱེད་པའང་རྣམ་པ་ཙམ་ཡིན་མོད། ང་ཚོའི་མི་མང་དག་ཅིག་གིས་རྣམ་པ་སྟོན་སྟངས་དེ་ཉག་ཉོག་ལབ་ལོབ་ཏུ་གྱུར་ཏེ། རྣམ་པ་རིང་ལུགས་ཀྱི་བསྟན་པ་ཞིག་རྒྱས་བཞིན་པ་དེའོ། 

                           ༢༠༡༤  ༤ ༢༣ ཉིན་ཁྱུང་མཆུ་ནས་བྲིས།

·རྩོམ་ཡིག་གོང་མ:ཀུན་ཏུ་བཟང་པོའི་སྨོན་ལམ། །
·རྩོམ་ཡིག་འོག་མ:གཞས་ཚིག ཕ་ཡུལ་བྲག་ལྗོངས་ཕྱུག་མོ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེའི་གསོལ་འདེབས་ཀྱི་མཆན་བུ། 2011/6/23 9:32:59
·བོད་ལ་དྲ་ཚིཊ་ཉུང་སྐྱོན་ལས་མང་སྐྱོན་མེད། 2011/5/15 12:01:41
·བླ་རུང་དང་འབྲེལ་བའི་གཏམ། 2011/5/13 21:29:33
·སངས་རྒྱས་པའི་ལུཊ་ཀྱི་རིན་ཐང་གི་ལྟ་ཚུལ་འགའ་ཞིག་བརྗོད་པ། 2011/1/9 21:58:59
·ཨ་མཚར་མཚར་དགུའི་བདུན་པ། 2010/12/8 18:08:10
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 14:25:52 [来自: 112.5.236.197]

 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 14:25:50 [来自: 112.5.236.197]

 评论者:4YmF7xGG
http://www.2345daohang.com/mail.htm
http://www.505dh.com/mail.htm
http://www.3721.cc/youxiang/
http://www.365dhw.com/dianzi-youxiang.html
http://www.726c.com/html/mail.htm
发表时间:2015/12/6 18:28:39 [来自: 111.144.227.221]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།44.92MS