ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> ཞལ་འདོན།
 རྩོམ་ཡིག་ཀློག་པ།

དཔལ་དུས་ཀྱི་འཁོར་ལོའི་སྨོན་ལམ།

  རྩོམ་པ་པོ:པཎ་ཆེན་ཆོས་རྒྱན།ཡོང་ཁུངས:ཨ་ལགས་དོར་ཞི།གཟིགས་གྲངས:7206ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/4/13 13:00:24ཚོགས་ཡར་སྤྲོད:admin
དཔལ་དུས་ཀྱི་འཁོར་ལོའི་སྨོན་ལམ།
 
    ཟབ་གསལ་བདེ་སྟོང་མཆོག་གི་རྣམ་རོལ་ལས།  །དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་པ།  །སྒྲུབ་ཅིང་མཆོད་བསྟོད་བཟླས་པས་མཉེས་བྱས་པའི།  །རྣམ་དཀར་དགེ་ཚོགས་རྒྱ་མཚོ་བསྡོམས་པའི་མཐུས།  །ཚེ་རབ་ཀུན་ཏུ་དང་པོའི་སངས་རྒྱས་དང་།  །དབྱེར་མེད་བཤེས་གཉེན་དམ་པས་རྗེས་བཟུང་སྟེ།  །ཐུན་མོང་ལམ་གྱི་རིམ་པའི་བདུད་རྩི་ཡིས།  །ཡིད་ཀྱི་བུམ་བཟང་ཡོངས་སུ་གང་བར་ཤོག  །བྱིས་པ་ལྟ་བུར་འཇུག་དང་འཇིག་རྟེན་དང་།  །དེ་ལས་འདས་པའི་དབང་གིས་དྲི་མ་རྣམས།  །རྣམ་དག་སྐུ་བཞིའི་ས་བོན་ལེགས་བཞག་ནས།  །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང་བར་ཤོག  །ཐ་མལ་རྡོ་རྗེ་བཞི་དག་གོ་ཆ་བགོས།  །རབ་འཇིགས་ཁྲོ་བོའི་དབང་བོ་རྡོ་རྗེ་ཤུགས།   །སྲུང་མ་དྲུག་ཅུས་བསྐོར་བའི་རྣལ་འབྱོར་གྱིས།  །བདུད་དང་བགེགས་རྣམས་མ་ལུས་ཚར་གཅོད་ཤོག  །རྣམ་ཐར་སྒོ་བཞིའི་སྟོང་ཉིད་བདེ་བ་ཆེ།  །དབྱེར་མེད་གོམས་པས་འཆི་བའི་སྲིད་སྦྱོང་ཞིང་།  །མཁའ་དབྱིངས་འབྱུང་བཞི་རི་རབ་སོགས་བསྒོམས་པས།  །རྡོ་རྗེའི་ལུས་ཀྱི་གནས་ལུགས་རྟོགས་པར་ཤོག  །དག་པའི་ཕོ་བྲང་དབུས་སུ་ཡེ་ཤེས་ལྔའི།  །མངོན་བྱང་ལས་འཁྲུངས་དཔའ་བོ་རྣམ་བཅས་དང་།  །རྣམ་མེད་ཕྱག་རྒྱས་འཁྱུད་པའི་ཏིང་འཛིན་གྱིས།  །མ་དག་མཚམས་སྦྱོར་ཞིང་བཅས་དག་པར་ཤོག  །སྙོམས་འཇུག་སྒྲ་ཡིས་བསྐུལ་བའི་དཀྱིལ་འཁོར་བ།  །པདྨར་ཞུ་བ་ལས་འོངས་ལྷ་རྣམས་སྤྲོས།  །བསྙེན་པའི་ཡན་ལག་དཀྱིལ་འཁོར་རྒྱལ་བོ་མཆོག  །བསྒོམས་པས་ཕུང་སོགས་སྒྲིབ་ཀུན་དག་པར་ཤོག  །ཡབ་ཡུམ་གཏུམ་མོའི་མེ་བཞུ་བསྐུལ་ཅིང་བཞེངས་།  །འཁོར་ལོའི་ཚོགས་སྤྲོས་རོ་མཉམ་དབང་བསྐུར་སོགས།  །རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་པའི།  །ཉེར་བསྒྲུབ་ལས་ཀྱི་རྒྱལ་མཆོག་འགྲུབ་པར་ཤོག  །ཙཎྜ་ལིས་བཞུས་ཡས་བབས་དགའ་བ་བཞིས།  །བསྒྲུབ་པའི་ཡན་ལག་ཐིག་ལེའི་རྣལ་འབྱོར་དང་།  །སླར་ཡང་མས་བརྟན་དགའ་བ་བཞི་བསྒྲུབ་པ་ཆེ།  །ཕྲ་མོའི་རྣལ་འབྱོར་མྱུར་དུ་འགྲུབ་པར་ཤོག  །གཟུགས་བསྒྲུབ་སོ་སོར་སྡུད་དང་བསམ་གཏན་དང་།  །སྲོག་བསྒྲུབ་སྲོག་རྩོལ་འཛིན་པའི་རྣལ་འབྱོར་གྱིས།  །བསྒྲུབས་པས་ལྟེ་བའི་ཆུ་སྐྱེས་དགའ་ཚལ་དུ།  །སྟོང་གཟུགས་འཁོར་ལོའི་མགོན་པོ་ཡབ་ཡུམ་གྱི།  །ཡེ་ཤེས་ལྷ་སྐུར་དངོས་སུ་ལྡང་བར་ཤོག  །རྗེས་དྲན་ཕྱག་རྒྱར་རོལ་བའི་རྩེས་དགའ་ཡིས།  །དྷཱུ་ཏཱིར་ཟླ་ཉིའི་རྡུལ་བརྩེགས་བརྟན་པ་ལས།  །འགྱུར་མེད་བདེ་བ་ཉི་ཁྲི་ཆིག་སྟོང་གི   །ཏིང་འཛིན་ཡན་ལག་ཡོངས་སུ་རྫོགས་པར་ཤོག  ། 
                                         འདི་ནི་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུངས་སོ།  །
·རྩོམ་ཡིག་གོང་མ:སེམས་བཟང་པོ་ཡོད་ན་མི་ཚེ་དོན་དང་ལྡན་པ་ཡོང་
·རྩོམ་ཡིག་འོག་མ:རྟ་གཡག་ལུག་གསུམ་གྱི་གཏམ་རྒྱུད།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 19:40:21 [来自: 112.5.236.197]

 评论者:eaxrlkgks
2wo8nR  <a href="http://ffoeodpjutcx.com/">ffoeodpjutcx</a>, [url=http://ezdvmkzykcre.com/]ezdvmkzykcre[/url], [link=http://xvupxvmkocjk.com/]xvupxvmkocjk[/link], http://hvudtaeqdswr.com/
发表时间:2016/5/10 11:52:40 [来自: 46.161.9.32]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 19:23:20 [来自: 111.144.227.221]

འབྲེལ་ཡོད་དཔྱད་བརྗོད 34 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།32.23MS