ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

བོད་ཀྱི་གྲགས་ཅན་གཞས་པ་ཡར་དུང་ལ་བཅར་འདྲི།

  རྩོམ་པ་པོ:ནགས་ཤོད་སད་མི།ཡོང་ཁུངས:དྲ་ཐོགགཟིགས་གྲངས:7727ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/3/2 0:18:43ཚོགས་ཡར་སྤྲོད:admin
བོད་ཀྱི་གྲགས་ཅན་གཞས་པ་ཡར་དུང་ལ་བཅར་འདྲི།
 
(འཛམ་བུ་གླིང་ལ་བོད་མི་རིགས་ཀྱི་སྙིང་སྟོབས་ངོམ་པའི་སླད་དུ། 2014-01-22 ཀྲུང་གོའི་བོད་རིགས་གླུ་གར་དྲ་བའི་གསར་འགོད་པ་བདེ་ཆེན་དབང་མོས་བོད་ཀྱི་གྲགས་ཅན་གཞས་པ་གཡའ་དྭངས་ལགས་ལ་བཅར་འདྲི་བྱས་པ་གཤམ་གསལ།)

གསར་འགོད་པ། ཁྱེད་ཀྱིས་ཟླ་འོད་ས་ལ་ལྷུང་བའི་སྐད་སྒྲ ཞེས་པའི་ཆེད་སྒྲིག་འདིའི MV(བརྙན་ལེན) ལས་འཁྲབ་སྟོན་པའི་ངོས་ཕྱོགས་ཀྱི་ཤེས་ནུས་ཕྱིར་མངོན་ཐུབ་ཀྱི་འདུག པེ་ཅིང་དུ་གློག་བརྙན་སློབ་གླིང་དུ་དུས་ཐུང་རིང་ཆེད་སྦྱོང་བྱས་རྗེས འཁྲབ་སྟོན ཐད་ལ་ངོས་འཛིན་གསར་པ་ཅི་ཞིག་རྙེད་བྱུང་།

ཡར་དུང་། གློག་བརྙན་འཁྲབ་སྟོན་པའི་སྐོར། གསར་འགོད་པ། དེ་ལྟར་ན། ཁྱེད་ལ་འཁྲབ་སྟོན་བྱེད་བསམ་པའི་གློག་བརྙན་རྒྱུ་ཆ་ཡོད་པ་རེད་དམ། ཡར་དུང་། ངའི་གློག་བརྙན་དང་པོ་རུ། ངས་གླུ་གཞས་ངོས་ཕྱོགས་ཀྱི་བཟང་ཆ་ནས་ནུས་པ་བཏོན་ཏེ་གློག་བརྙན་འཁྲབ་འདོད། ང་རང་གཞས་པ་ཞིག་ཡིན་དུས་མི་ལོ་ཉི་ཤུ་རྩ་གྲངས་ནང་དུ་གཞས་བཏང་བ་དང་། བོད་ཀྱི་གླུ་གཞས་སྒྲིག་བཟོ་བྱས་པ་སོགས་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་བསགས་ཡོད་པ་རེད། འདི་ནི་ངའི་ཕྱོགས་ནས་བཤད་ན། རྩ་ཆེན་གྱི་རྒྱུ་ནོར་ཞིག་རེད། ངས་བོད་ཀྱི་གླུ་གཞས་རིག་གནས་འདིའི་ཞིབ་ཕྲའི་ནང་དོན་དང་གཏིང་རིམ་གོ་བ་དག་ལ་གོམ་པ་མདུན་སྤོས་བྱས་ནས་བསམ་གཞིགས་མཐར་ཕྱིན་བྱ་འདོད་ཡོད། ད་ལྟ་མི་རྣམས་ཀྱིས་བོད་སྐོར་དང་དོད་ཆེན་པོ་ཡོད་དུས། ངས་ཆེད་དུ་གོ་སྐབས་འདི་དམ་འཇུ་བྱས་ནས་གླུ་གཞས་གློག་བརྙན་ཞིག་བཟོ་བསྐྲུན་བྱས་ཡོད། བོད་ཀྱི་ཡུལ་གོམས་དང་། འཚོ་བ། བརྩེ་དུང་སོགས་མདོ་གཅིག་ཏུ་བསྒྲིལ་ནས། བོད་ཀྱི་གླུ་གཞས་དང་ཞབས་བྲོའི་ནང་ཚུད་པ་བྱས་ཡོད། གླུ་གཞས་དང་གློག་བརྙན་སོགས་ནས་ཕྱིར་མངོན་བྱ་དགོས་པ་ཧ་ཅང་མང་བ་དཔེར་ན། སྤྱི་ཚོགས་རིག་གནས། ཡུལ་ལྗོངས། གླུ་གར། ཐ་ན་རིག་གནས་ཀྱི་ཕྱོགས་གང་ཐད་རེད། གསར་འགོད་པ། ཁྱེད་ཀྱིས་གླུ་གཞས་གློག་བརྙན་གྲ་སྒྲིག་བྱེད་པའི་སྐབས་འདིར། གློག་བརྙན་འདིའི་གླུ་གཞས་སྐོར་ལ་བསམ་བློ་ཅི་ལྟར་བཏང་ཡོད། གཡའ་དྭངས། ངས་མི་ལོ་བཅུའི་ཡར་སྔོན་ནས་བོད་མི་རིགས་རང་གི་གླུ་གར་དང་དེང་རབས་གླུ་གཞས་ཟུང་སྦྱོར་བྱ་རྒྱུའི་འདོད་འདུན་འགོག་མེད་ཅིག་ཡོད་ལ། དུས་ད་ལྟའང་དེ་ལྟར་ཡོད། གནད་འགག་ནི་དེ་དག་ངོ་མཚར་ཐབས་ལམ་ཅི་ཞིག་སྤྱད་ནས་ཟུང་སྦྱོར་བྱ་རྒྱུ་དེ་རེད། ཟུང་སྦྱོར་བྱེད་དུས་ངེས་པར་དུ་ས་གནས་རང་གི་གླུ་གར་བྲོ་བའི་མདོག་མ་ཡལ་བའི་སྒོ་ནས་མཉམ་སྡེབ་བྱ་དགོས། འདི་ཐད་ལ་གླུ་གཞས་བཟོ་མཁན་མང་པོ་ཞིག་གིས་བསམ་བློ་གཏོང་གི་ཡོད་པ་རེད་ལ་ཚོད་ལྟ་བྱེད་ཀྱི་ཡོད་པ་རེད། འགའ་ཤས་ཀྱིས་ཨོ་ཙམ་བྱུང་ཡོད་པ་རེད། ཡིན་ནའང་མང་པོ་ཞིག་ལ་ཕམ་ཉེས་བྱུང་ཡོད། མི་འགའ་ཤས་ཀྱིས་མི་རིགས་ཀྱི་གླུ་གཞས་རག་པ་དང་ལམ་སེང་བསྒྱུར་བཅོས་བཏང་ནས། དེའི་ཁྲོད་ན་ཐིམ་པའི་མི་རིགས་རྣམ་ཤེས་འདོར་གི་འདུག དེ་ལྟར་བྱས་པས་གླུ་གཞས་དེ་དག་བོད་མི་རིགས་ཀྱི་མ་ཡིན་པ་ཆགས་ཟིན་པ་རེད། མི་ལོ་བརྒྱ་ཕྲག་དང་སྟོང་ཕྲག་རིང་གོང་ནས་ བརྒྱུད་ཡོང་བ་དེ་དག་ང་ཚོས་རང་དགར་རྩ་མེད་གཏོང་མི་རུང་། ང་ཚོས་སྔ་མའི་རྨང་གཞིའི་སྟེང་དུ་ཕུན་སུམ་ ཇེ་ཚོགས་སུ་བཏང་ན་ད་གཟོད་མི་རིགས་ཀྱི་རྣམ་ཤེས་ཉར་ཐུབ་པ་རེད། གསར་འགོད་པ། ད་ལྟ་བོད་ཀྱི་གཞོན་སྐྱེས་གཞས་པ་མང་པོ་འཐོན་གྱིན་ཡོད་པ་རེད། ཡིན་ནའང་མང་པོ་ཞིག་གླུ་གཞས་གཅིག་གཉིས་ཤིག་ཕྱིར་ཕུད་རྗེས་དེ་ནས་བརླགས་འགྲོ་གི་འདུག ཡང་ལ་ལ་ཞིག་སྡུག་རུས་རྒྱག་བཞིན་ཡོད་པ་རེད། དེས་ན་ད་ལྟའི་བོད་ཀྱི་གླུ་གཞས་གར་སྟེགས་ཐད་ཅི་ལྟར་ལྟ་གི་ཡོད། གཡའ་དྭངས། ད་ལྟའི་གཞས་པ་ཚོས་གླུ་གཞས་ཡག་པོ་ཞིག་མི་ཐོན་པའི་རྒྱུ་མཚན་ནི་གཞས་ཡག་པོ་ཞིག་དང་གདངས་ཡག་པོ་ཞིག་རག་གི་མེད་པའི་རྐྱེན་གྱིས་རེད། གཞན་ཞིག་ནི་ད་ལྟའི་གཞོན་རབས་ཚོ་ལ་ཁ་ཕྱོགས་ཡོད་པ་མ་རེད། གླུ་གཞས་ཀྱི་ཐད་ལ་རྡོ་བ་ལག་ཉུལ་རེད་ཟེར་ཆོག་གི་རེད། འདི་ནི་ཧ་ཅང་འཇིགས་སུ་རུང་ བ་ཞིག་རེད། གལ་ཏེ་དེ་སྐབས་ང་ལ་བསམ་ཚུལ་དེ་ལྟར་མེད་ཀྱང་། ལས་དབང་ལྟ་བུ་ཞིག་གིས་བྱ་རྒོད་ལ་སྨོན་པ 《向往神鹰》 ཟེར་བའི་གླུ་གཞས་དེ་སྒོར་འབུད་ཐུབ་པ་རེད། དེ་ནས་བཟུང་ངས་གླུ་གཞས་རྩེ་གྲས་ཁ་ཤས་བཏང་ནས་ཆེད་སྒྲིག་སྤྱིན་ཤོག་འབུད་དགོས་བསམ་པའི་སྐུལ་སློང་སྐྱེས་བྱུང་། རེད་དེ་དེ་སྐབས་ང་ལ་གཞན་གྱིས་ཚད་ལེན་བྱེད་ས་ཡོད་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཞིག་རྩ་ནས་ཡོད་པ་མ་རེད། ངས་བསམས་ན། ད་ལྟའི་གཞས་པ་མང་པོ་ཞིག་ཚད་བརྒལ་རབ་རིབ་ཅན་དུ་གྱུར་ཡོད། ཁོང་ཚོས་ལས་སླ་པོའི་སྒོ་ནས་རང་ཉིད་ནི་གླུ་གཞས་ལ་དགའ་མཁན་ཞིག་ཡིན་པ་དང་། གཞས་ཀྱང་ཡག་པོ་འདོན་ཐུབ་མཁན་ཡིན་དུས་ཆེད་སྒྲིག་ཅིག་འདོན་དགོས་བསམ་པ་ལྟ་བུ་དང་། ཡང་འགའ་ཞིག་ནི་སྐད་གྲགས་ཆོད་པའི་སླད་དུ་བསམ་གྱི་ཡོད་པ་རེད། འོན་ཏེ། ངའི་བསམ་པར་གླུ་གཞས་འདོན་པ་དང་། ང་ཚོའི་སྐད་ངག་དང་གཞས་ཚིག་ལ་བརྟེན་ནས་རྒྱ་ཆེའི་ཉན་པ་པོར་དེ་ལས་ཟབ་པའི་གོ་དོན་ཞིག་བརྒྱུད་སྤྲོད་བྱ་དགོས་པ་རེད་བསམ་གྱི་ཡོད། གླུ་གཞས་ཡག་པོ་དེ་དག་ལ་གཞས་ལེན་པ་པོའི་ཐབས་རྩལ་ཡོད་དགོས་པའམ། ཡང་ན་གདངས་ཅི་ལྟར་སྙན་འཇེབས་ལྡན་པ། ད་དུང་དེ་ལས་གཞན་ཞིག་ཡོད་དགོས་པ་ནི་གཞས་ཚིག་རེད། ངའི་གོ་བ་རྙེད་སྟངས་གཞིགས་ན། བརྩམས་ ཆོས་རྩེ་གྲས་ཤིག་ཡིན་ན་བོད་ཀྱི་མི་རབས་དེའི་སེམས་ཀྱི་སྐད་སྒྲ་བཅོས་མེད་དུ་མཚོན་ཐུབ་པ་ཞིག་དགོས་པ་རེད། དེ་ནི་བོད་མི་རིགས་ཀྱི་སྙིང་སྟོབས་རྟེན་གཞི་རེད། དཔེར་ན། མཆོད་རྟེན་དཀར་པོ་དང་ཨ་མའི་པགས་ཚག《白塔》、《妈妈的羊皮袄》སོགས་ལྟ་བུ་རེད། གསར་འགོད་པ། དེང་སྐབས་བོད་ཁུལ་དུ་གཞས་པ་མང་དུ་འགྲོ་བཞིན་པ་རེད། ཡིན་ནའང་ང་ཚོའི་རྣ་དབང་དབང་མེད་དུ་འགུག་ཐུབ་མཁན་དེ་འདྲ་མང་པོ་མེད་པ་འདི་ཅི་ལྟར་གོ་བ་ལེན་དགོས་སམ། གཡའ་དྭངས། ངས་གཞས་ཅི་འདྲ་ཞིག་བཏང་བ་ཡིན་ནའང་ཧ་ཅང་གི་སྩོལ་བ་དྲག་པོས་གཞས་ཚིག་འབྲི་བ་པོ་དང་གཞི་གཅིག་ཏུ་ཐིམ་ཨེ་ཐུབ་འབད་ཀྱི་ཡོད། ངས་གླུ་གཞས་དེའི་གོ་དོན་མཐར་ཕྱིན་པ་ཞིག་རྙེད་པ་བྱེད་ཀྱི་ཡོད། དེ་རྗེས་ང་རང་གི་བརྩེ་བ་འདྲེས་པའི་སྒོ་ནས་གླུ་གཞས་དེ་ལེན་གྱི་ཡོད། གལ་ཏེ་གླུ་གཞས་ཤིག་གི་གཞས་ཚིག་ཧ་ཅང་ཡག་པོ་ཡོད་པ་ཡིན་ན། དེ་ནས་གླུ་གཞས་དེའི་གདངས་ཀྱང་ཧ་ཅང་སྙན་འཇེབས་ལྡན་པ་བཟོ་གི་རེད། དེ་ནི་གཞས་ཚིག་བླ་ན་མེད་པ་དེའི་སྟོབས་ཀྱིས་གདངས་རྩོམ་པ་པོ་ལ་ཚོར་བ་དམིགས་བསལ་བ་འདྲེན་ཐུབ་ཀྱི་རེད། འདི་ལྟར་བྱས་པས་ད་གཟོད་ཚིག་དང་གདངས་སོགས་མཛེས་སྡུག་ལྡན་པའི་གླུ་གཞས་ཤིག་དངོས་སུ་སྐུ་བལྟམས་ཐུབ་ཀྱི་ཡོད་པ་རེད། གཞས་པ་རང་ཉིད་ཀྱི་གོ་བ་ལ་བརྟེན་ནས་གླུ་གཞས་དེ་ལེན་པའི་སྐབས་སུ་གསར་གཏོད་གཉིས་པ་ལྟ་བུ་ཞིག་བྱ་རྒྱུའང་གླུ་གཞས་དེས་རྒྱལ་ཁ་ཐུབ་མིན་རྒྱུ་རྐྱེན་གལ་ཆེན་ཞིག་ཆགས་ཡོད། ཚིག་རྩོམ་པ་པོ་དང་། དེ་བཞིན་གདངས་དང་གཞས་པ་གསུམ་ཕན་ཚུན་ཡིད་དབང་འཕྲོག་རེས་ཀྱི་ཚོར་བ་ཡོད་ དགོས། གཞས་པ་མང་པོ་ཞིག་གིས་ང་ལ་དཔྱད་པ་བརྗོད་དོན། ངས་སེམས་ནུས་བཏོན་ནས་གཞས་འགུག་གི་ འདུག་ཟེར། ང་རང་ཉིད་ཀྱིས་བལྟས་ནའང་དེ་རྒྱུ་རྐྱེན་ཆེས་གལ་ཆེན་ཞིག་རེད། ཚོར་བ་འདྲེས་པས་ད་གཟོད་གཞི་ནས་མི་རྣམས་ཡིད་དབང་འཕྲོག་ཐུབ་ཀྱི་ཡོད་པ་རེད། ཅི་སྟེ་ལ་ལ་ཞིག་གིས་རྩེད་མཚར་ཨ་མཚར་ལྟ་བུ་དང་། རྩལ་རྩེ་བ། འདོན་སྟངས་རྩེ་བ་ཙམ་བྱས་ན་དེ་ནི་གླུ་གཞས་ཡག་པོ་ཞིག་ཐོན་ཐབས་ཡོད་པ་མ་རེད། ད་ལྟའི་དུས་སྐབས་འདི་ནས། ཚིག་གདངས་མཁན་པོ་འགའ་རེས་རང་སོ་སོའི་བརྩམས་ཆོས་ལ་བརྟེན་ནས་སྒོར་མོ་གསོག་པའི་ལག་ཆ་ཞིག་ཏུ་ངོས་འཛིན་བཞིན་ཡོད་པའམ། ཡང་ན་རང་སོ་སོའི་དཔལ་འབྱོར་ལ་ རོགས་ཕན་ཡོད་པ་བསམ་གྱི་ཡོད་པ་རེད། ཡིན་ནའང་གླུ་གཞས་ཀྱི་རྣམ་ཤེས་སྒོར་མོ་དང་འཇིག་རྟེན་དྲེགས་སེམས་ཀྱིས་ཁྱུར་མིད་བཏང་ཚར་སོང་བ་རེད། མ་གཞི་རང་ཉིད་ད་ཆ་ཚོང་རྭ་རང་བཞིན་ཅན་གྱི་གྲོང་ཁྱེར་དུ་གནས་ཡོད་མོད། ཡིན་ནའང་ཡོད་རྒུ་རྩལ་དུ་སྤྲུགས་ནས་སོ་སོ་རང་ཉིད་ཀྱི་ཐུན་མིན་ཁ་དོག་རྒྱུན་སྐྱོང་བྱེད་བཞིན་ཡོད།།  (སོག་ཤོད་དར་རྒྱས་པས་སྐུལ་ངོར་ནགས་ཤོད་སད་མིས་རྒྱ་ཡིག་ནས་བོད་བསྒྱུར་གནང་སྟེ། གླུ་གཞས་སྒྱུ་རྩལ་ལ་འཇུག་པ་རྣམས་ཀྱི་ཡིད་ཀྱི་གསོས་སུ་སྨིན་པའི་རེ་འདུན་དང་བཅས་ཕུལ།)

·རྩོམ་ཡིག་གོང་མ:གླུ་ཡིག་གདམས་ངག་སྙིང་པོའི་མཛོད་ཁང་
·རྩོམ་ཡིག་འོག་མ:ཉམ་ཆུང་དུད་འགྲོའི་ཚབ་མཚོན།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 16:36:27 [来自: 112.5.236.197]

 评论者:bputzvbusv
DNRvpY  <a href="http://kcysztxofuun.com/">kcysztxofuun</a>, [url=http://vcksbloqxkdl.com/]vcksbloqxkdl[/url], [link=http://jypwhzwgnojk.com/]jypwhzwgnojk[/link], http://urudrxxgftqs.com/
发表时间:2015/12/10 0:24:53 [来自: 146.185.234.48]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 8:25:34 [来自: 111.144.227.221]

འབྲེལ་ཡོད་དཔྱད་བརྗོད 36 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།32.23MS