ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བསྟོད་གསོལ།
རྩོམ་ཡིག་ཀློག་པ།

བསྟོད་པ་ཀུན་ཏུ་བཟང་པོ།

རྩོམ་པ་པོ:ལྡན་མ་སྟོང་དཔོན།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:7283ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/2/20 13:36:17ཚོགས་ཡར་སྤྲོད:admin
བསྟོད་པ་ཀུན་ཏུ་བཟང་པོ་བཞུགས་སོ།

བསོད་ནམས་འོད་སྟོང་ཚོན་གྱིས་བསྣུན་པའི་ཤིན་ཏུ་མཛེས་པའི་འཛུམ་བག་གཡོ།
ཨུཏྤལ་པདྨ་ཀུ་མུད་དག་གི་བདེ་བ་ཉིད་ལ་རོལ་བ་བཞིན།
ངོ་མཚར་ལི་ཁྲིའི་རྒྱ་མཚོ་ཆེ་ལ་ངང་མོ་དག་གིས་སྒྲ་སྙན་སྒྲོག།
ཤིན་ཏུ་ཡུན་རིང་དགའ་བ་ཆེར་རྒྱས་བཞད་རྣམས་ཀྱང་ནི་འདབ་མ་རྩེན།
སྐྱེ་མེད་མཚོ་ལ་ལྷུན་པོའི་རྩེ་རུ་རྣམ་པར་རྒྱལ་བའི་བ་གམ་བཞིན།
གསར་རྒྱས་ངོ་མཚར་མིག་གིས་གསེར་གྱི་སྣོད་ལ་སྒྲོན་མེའི་མཆོད་སྡོང་བརྟེན།
སྒྱུ་མས་སྤྲོས་པའི་འཇའ་མཚོན་དག་གི་རྒྱལ་རྣམས་ཞིང་ཀུན་གསར་རྒྱས་བཞིན།
གང་གི་དེ་ཉིད་སྡིག་མཛུབ་བསྟན་པས་སྲ་བརྟན་ལྷུན་པོ་མ་ལུས་གཡོས།
ཤེས་བྱའི་རྒྱ་མཚོ་ནམ་མཁའི་དབྱིངས་དང་ལྷན་ཅིག་སོར་མོའི་རྩེ་ལ་འཕྱར།
གསལཞིང་རབ་ཚེར་ངམ་གནག་བཟོད་བྲལ་མ་ལུས་ཟ་བ་སྙམ་པ་བྱེད།
གང་ཡང་སྡོད་མེད་བྲོས་ས་མེད་ཅིང་དམིགས་པའི་རྩེ་མེད་ལས་དག་མེད།
གང་ཞིག་ཡིད་ཀྱི་མེ་ལོང་ངོས་ན་གསེར་གྱི་ཡི་གེ་འཇའ་རིས་བཞིན།
ཆར་སྤྲིན་ཟབ་མོའི་དབྱར་རྔ་བརྡུང་ཚེ་ཆུ་སྐྱེས་འཛུམ་ཕྱུང་ཕུག་དག་གང།
གཅིག་ཏུ་བསྡུས་པའི་རྒྱལ་ཀུན་གསུང་འདི་གང་ཡང་སྒྲོག་པ་མེད་པར་བཞག།
ཏིང་འཛིན་རྒྱ་མཚོ་བསྡུས་པའི་རྒྱ་མཚོའི་རྡུལ་གཅིག་ཀྱང་ནི་ཀུན་ལ་ཁྱབ།
དཔལ་བར་མཛོད་དང་ནམ་མཁའ་མཛོད་དང་རིན་ཆེན་མཆོག་སྦྱིན་སེང་གེ་བསྒྱིངས།
འཆི་བདག་ཚོགས་ལ་གཏུམ་ཆེན་སྣང་ཡང་ཁྱོད་ནི་གཞོན་ནུའི་བརྒྱད་བཞིའི་ལང་ཚོའི་མཚན།

༄། ། ཡིད་འོང་མདང་ཆགས་མཉེན་ལྕུག་ཕྲ་ལྡེམ་ལོ་འདབ་སྐྲ་ཚོགས་ལན་བུ་དག་ནི་རིང་ཞིང་མཛེས།
བདུད་རྩི་སྦྱིན་བྱེད་བིམ་པ་པད་དཀར་བུང་དག་གཡོ་བའམ་ཡང་ན་ཨུཏྤལ་སྔོན་པོ་ཉིད།
རིན་ཆེན་མཆོག་གི་ཕྲ་བཏབ་སེར་ཆས་ལེགས་པར་རྣམས་རྒྱན་མུ་ཏིག་ཚོགས་ཀྱི་དྲ་བ་བྲན།
རྒྱལ་རྣམས་ཆགས་བྱེད་བུ་མོ་རྣམས་དང་ལྷན་ཅིག་གདུབ་ཀོར་སིལ་སིལ་སྒྲོག་བྱེད་བུང་་བའི་ཚོགས།
རྨ་བྱ་ནེ་ཙོ་ཁུ་བྱུག་རྣམས་དང་འདྲེན་འབྱེད་གསུང་སྙན་འཇམ་ཞིང་དྲི་མེད་ཡིད་འོང་ཞིང་།
བེེཌུར་ཨིཎཌ་དབང་སྔོན་བཞུས་པའི་རིན་ཆེན་གྱིས་གང་རྒྱ་མཚོའི་ངོས་ལ་མེ་ཏོག་བབས།
ཡང་ན་ཀུན་ཏུ་ཆར་གྱིས་མྱོས་པའི་གླང་མོའི་སྣ་ཡི་མུ་ཏིག་སྔོ་སང་མ་ལ་འཐོར།
ངག་དབང་དབྱངས་ཅན་ཤིན་ཏུ་དགྱེས་བྱེད་ཕྲ་མཛངས་མཁྱེན་པའི་པི་ཝང་སྒྲོག་པར་གྱུར་པ་ངེས།།
འདི་འདྲའི་ངོ་མཚར་རབ་འབྱམས་ཞིང་ཀུན་ཕུན་ཚོགས་མཆོག་གི་གཙུག་གི་རྒྱན་གང་བརྟེན་བྱེད་པ།
ཅོད་པན་དག་གི་ངལ་བ་རིང་བཏང་དེ་དག་མཁས་པའི་དབང་པོ་རྣམས་ཀྱི་མཆོག་གི་མཆོག།
གང་ཞིང་ཡིད་ལ་བྱེད་ཅིང་སྨོན་གང་དེ་ཡིད་རྗེ་བཙུན་མྱུར་འཇུག་སྐྱེ་ཀུན་རྗེས་འཛིན་ཏེ།
མཆོག་གི་གཞུང་ལུགས་སྒྲ་ཚད་སྙན་ངག་སྡེབ་སྦྱོར་ཀུན་ཆུབ་ཕྱོགས་དུས་ཀུན་ཏུ་སྤེལ་གྱུར་ཅིག།
ཅེས་བསྟོད་པ་ཀུན་ཏུ་བཟང་པོ་ཞེས་བྱ་བ་འདི་ནི་ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་རུ་སོན་པ་འབྲས་ལྡན་མ་དགེ་བཤེས་སྟོང་དཔོན་པས་སྦྱར་བའོ།
གཡང་དཀར་སྐྱིད་ནས་མཁོ་འདོན་ཞུས།
·རྩོམ་ཡིག་གོང་མ:ཏྲེ་ཅོག་རོའི་གནའ་བྲོ།
·རྩོམ་ཡིག་འོག་མ:རྟ་མཆོག་རྒོད་པོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ། 2013/9/26 10:52:43
·འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། 2010/12/7 16:38:49
·གྲགས་ཅན་གསུང་ཚིག༤ 2009/11/20 17:19:59
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 7:11:52 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 9:52:52 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 14:40:25 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།36.13MS