ཏྲེ་ཅོག་རོའི་གནའ་བྲོ།
དྲ་གྲོགས་ཅོག་རོ་མཚོས་མཁོ་འདོན་གནང་།
ཤར་ཕྱོགས་ཡག་མོ་པད་མའི་པད་ཐང་ལ།།
པད་མ་ཡག་མོ་གཡང་གི་རུ་མ་ཡོད།།
གཡང་གི་རུ་མར་སུ་བཞུགས་སུ་མ་བཞུགས།།
གཡང་གི་རུ་མར་ལྷ་དང་བླ་མ་བཞུགས།།
ཆོས་རྭ་ཁྲ་མོ་རྒྱན་ཉིད་སུམ་འཛོམས་ལགས།།
དེ་ལ་སུམ་འཛོམ་བྱུང་བས་དགའ་བ་ལ།།
ཤར་ཕྱོགས་ཡག་མོ་པད་མའི་པད་ཐང་་ལ།།
པད་མ་ཡག་མོ་གཡང་གི་རུ་མ་ཡོད།།
གཡང་གི་རུ་མར་སུ་བཞུགས་སུ་མ་བཞུགས།།
གཡང་གི་རུ་མར་གོང་མ་དཔོན་ལུ་བཞུགས།།
ཁྲིམས་རྭ་ཁྲ་མོ་རྒྱན་ཉིད་སུམ་འཛོམ་ལགས།།
དེ་ལ་སུམ་འཛོམ་བྱུང་བས་དགའ་བ་ལ།།
ཤར་ཕྱོགས་ཡག་མོ་པད་མའི་པད་ཐང་ལ།།
པད་མ་ཡག་མོ་གཡང་གི་རུ་མ་ཡོད།།
གཡང་གི་རུ་མར་སུ་བཞུགས་སུ་མ་བཞུགས།།
གཡང་གི་རུ་མར་མ་དང་མ་སྲུ་བཞུགས།།
བྲོ་རྭ་ཁྲ་མོ་རྒྱན་ཉིད་སུམ་འཛོམ་ལགས།།
དེ་ལ་སུམ་འཛོམས་བྱུང་བས་དགའ་བ་ལ།།