ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

བརྩམས་སྒྲུང་རིང་གྲས་ཀྱི་རྩིས་ཐང་སྲུང་དགོས།

  རྩོམ་པ་པོ:གྲ་གཉེན་ཚེ་རྒྱལ་གྱིས་བསྒྲུར།ཡོང་ཁུངས:གཞོན་གསར་དྲ་བ།གཟིགས་གྲངས:7374ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/2/7 22:38:34ཚོགས་ཡར་སྤྲོད:admin

བརྩམས་སྒྲུང་རིང་གྲས་ཀྱི་རྩིས་ཐང་སྲུང་དགོས།

མོ་ཡན[①]

གྲ་གཉེན་ཚེ་རྒྱལ་གྱིས་བསྒྲུར།


ལོ་གཉིས་ཙམ་གྱི་གོང་དུསྒྲུང་རིང་འདེམས་བཀོད་དུས་དེབཀྱིས་བདག་ལ་བརྩམས་སྒྲུང་རིང་གྲས་ཐད་ལ་བསམ་ཚུལ་ཞིག་འབྲི་དགོས་ཞེས་བསྐུལ་བར། བདག་གིས་ངོ་བཟློག་ལྡོག་མ་ཐུབ་པརརིང་ཚད་དང་ཚགས་དམ་ཚད། དཀའ་ཚད་གསུམ་ནི་བརྩམས་སྒྲུང་རིང་གྲས་ཀྱི་མཚོན་བྱེད་ཡིན་ལ། རླབས་ཆེན་གྱི་རྩོམ་ལུས་འདིའི་རྩིས་ཐང་ཡིནཞེས་པའི་རྩོམ་ཡིག་ཅིག་བློ་ཁོག་ཆེན་པོས་བྲིས།
  དེ་ཡང་རིང་ཚད་ཅེས་པ་ནི། བརྩམས་སྒྲུང་རིང་གྲས་ཀྱི་ཡིག་ཚོགས་ལ་གོ་དགོས་པ་སྨྲ་མི་དགོས། བརྩམས་སྒྲུང་རིས་གྲས་ཤིག་ལ་ཡིག་འབྲུ་ཁྲི་ཉི་ཤུ་ཡན་མེད་ཚེ་དེ་ལ་ལྡན་དགོས་ངེས་ཀྱི་རྩིས་ཐང་མེད་སོང་བ་རེད། དེ་ནི་མི་རྒན་པས་བྱིས་པའི་ལྷམ་གྱོན་པ་ཇི་བཞིན་ཕྱི་ནས་བལྟས་ན་མཚར་མཚར་དུ་སྣང་ཡང་། ལམ་ཐག་རིང་པོར་བགྲོད་ཐུབ་རྒྱུ་ལྟ་ཅི་རྐང་པས་ཀྱང་བཟོད་མི་ཐུབ། སྒྲུང་ཐུང་འགའ་རེའི་ནུས་པ་དང་རིན་ཐང་ཡིག་ཚོགས་ཀྱིས་སྦོས་པའི་སྒྲུང་རིང་རེ་འགའ་ལས་འགོངས་པ་རྟོགས་ཀྱིན་ཡོད་ལ་སྒྲུང་ཐུང་འགའ་རེ་གྲགས་རྩོམ་དུ་གྱུར་བ་སྨོས་ཅི་དགོས། ཡིན་ནའང་། བཀོད་པ་ལེགས་པའི་བརྩམས་ཆོས་དེ་དག་ལ་འབྲི་ཆུའི་རླབས་རྒྱུན་ལ་འཁུ་བའི་ཟིལ་ཤུགས་དང་འཇམ་གཉེན་གྱི་མཛེས་པ་ལྡན་མེད། བརྩམས་སྒྲུང་རིང་གྲས་དེ། ཇི་ལྟར་རིང་ན་དེ་ལྟར་བཟང་། ཐུང་ཐུང་ལ་རིང་པོ་ཞེས་བཏགས་ཀྱང་སྙིང་པོ་ཅི། བརྩམས་སྒྲུང་རིང་གྲས་རིང་པོར་འབྲི་རྒྱུ་དེ་དཀའ་མོ་ཞིག་ཡིན་པ་བརྗོད་མི་དགོས།  རྒྱུན་དུ་བརྩམས་སྒྲུང་རིང་གྲས་ཐུང་ཐུང་ངང་འབྲི་དགོས་པའི་འབོད་སྐུལ་གཏོང་བ་ཐོས་ཐུབ། བདག་གིས་བརྩམས་སྒྲུང་རིང་གྲས་དེ་རིང་པོར་འབྲི་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན། དེ་ཡང་། བརྩམས་སྒྲུང་རིང་གྲས་རིང་པོར་འབྲི་བ་ནི་གཏམ་རྒྱུད་དང་ཡིག་ཚོགས་སྣོན་རྒྱུ་དེ་མ་ཡིན་པར་དེ་ནི་ནང་སེམས་ཀྱི་བརྩེ་བ་དྭངས་མ་ཞིག་གམ་སྒྱུ་རྩལ་གྱི་འབྲི་བཞེང
ས་ཆེན་པོ་ཞིག་བྱ་རྒྱུ་དེ་ཡིན། རྒྱུ་སྤུས་དག་པའི་སྤྱི་གླིང་དང་མི་བཟོས་རི་བོའི་སྟེང་ལྡིང་ཁང་བསྐྲུན་མཁན་གྱི་བཟོ་བཀོད་པ་དག་ནི་རླབས་ཆེན་རེད་མོད། ཁོ་ཚོས་སྤྱིའི་ཆ་ནས་ཕོ་བྲང་རྙིང་མ༼故宫༽དང་གཏོར་གཟུགས་མཆོད་རྟེན་ལྟ་བུ་བསྐྲུན་ཐུབ་མེད་ལ། དེ་བས་ཀྱང་ལྕགས་རི་རིང་པོ་ལྟ་བུའི་བཟོ་བཀོད་ཆེན་པོ་དག་ཇུས་འགོད་བྱེད་ཐུབ་མེད། དཔེ་འདི་དང་ཆ་འདྲ་བར་གཡུལ་འགྱེད་པའི་དུས་སུ་མི་འགའ་རེར་དམག་མི་བཅུ་ཤོག་འགའ་བཀོད་འདོམས་བྱེད་དུ་བཅུག་ན་ཕུལ་དུ་བྱུང་བའི་དམག་འཐབ་བྱེད་ཐུབ་མོད། མི་བརྒྱ་ཤོག་འགའ་སྤྲད་ཚེ་བཀོད་འདོམས་འཁྲུགས་ཏེ་ཕམ་ཁ་ཉོ་བ་ཇི་བཞིན་ནོ། །བཅུ་དཔོན་ནི་བཅུ་དཔོན་རང་རེད་ལ་བརྒྱ་དཔོན་ཡང་བརྒྱ་དཔོན་རང་རེད། བརྒྱ་དཔོན་མང་ཆེ་བ་དམག་མིའི་གོ་ཐོབ་ནས་རིམ་གྱིས་བརྒྱ་དཔོན་དུ་གྱུར་བ་དཀོན། དེ་བས་བརྩམས་སྒྲུང་རིང་གྲས་འབྲི་མཁན་དག་བརྒྱ་དཔོན་དུ་འབོད་མི་རུང་ལ་བརྩམས་སྒྲུང་ཐུང་གྲས་འབྲི་མཁན་དག་བཅུ་དཔོན་དུ་ཡང་འབོད་མི་རུང་། འདི་ལྟར་དཔེ་འཇོག་པ་ནི་གླེན་རྟགས་ཚ་བ་ཞིག་རེད། དེ་དོན་དགོངས་འགལ་མེད་པར་ཞུ།
  བརྩམས་སྒྲུང་རིང་གྲས་འབྲི་བར་དགའ་བའི་རྩོམ་པ་པོ་ཞིག་ལ་ཆ་མཚོན་ན། ངེས་པར་དུ་བརྩམས་སྒྲུང་ཐུང་གྲས་ནས་མགོ་བརྩམས་ནས་རིམ་གྱིས་རིང་གྲས་འབྲི་དགོས་པའི་ངེས་པ་མེད། མ་གཞི་ཁོ་བོ་ཚུད་པའི་རྩོམ་མཁན་མང་པོ་ཞིག་ཐེམ་སྐས་དེ་རིམ་པ་ལྟར་བགྲོད་མྱོང་ཡང་། རྩོམ་མཁན་མང་པོ་ཞིག་ལས་དང་པོ་བའི་དུས་ནས་ཐད་ཀར་བརྩམས་སྒྲུང་རིང་གྲས་བྲིས་ཏེ་རྩོམ་སྟེགས་སྒུལ་མྱོང་སྟེ། དཔེར་ན། ཚའོ་ཞུའེ་ཅིན་དང་ལུའོ་ཀོན་ཀྲུང་ལྟ་བུའོ། ངས་བསམ་ན་རྩོམ་པ་པོ་ཞིག་གིས་བརྩམས་སྒྲུང་རིང་གྲས་འབྲི་ཐུབ་པ་དང་བྲིས་ལེགས་པའི་རྒྱུ་རྐྱེན་གཙོ་བོ་ནི་བརྩམས་སྒྲུང་རིང་གྲས་ལྟ་བུའི་བློ་རྒྱ་ལྡན་དགོས་པ་དེ་ཡིན། བརྩམས་སྒྲུང་རིང་གྲས་ལྟ་བུའི་བློ་རྒྱ་ལྡན་པ་ཞེས་པ་ནི་ཡ་ཆུང་ན་མཛོ་བཞོ་ཐུབ་ལ་མ་ཆུང་ན་རྟ་རྒྱུག་ཐུབ་པའི་བློ་རྒྱ་ཆེན་པོ་ལྡན་པ་དེ་རེད། ངང་རྒྱུད་ཆུ་མོ་ལྟར་རིང་དགོས་ལ་བློ་རྒྱ་མཚོ་མོ་ལྟར་ཟབ་དགོས། སོར་རྩེ་ནས་ཀློང་བརྡོལ་ནུས་པ་ནི་ངང་རྒྱུད་ཆུ་མོ་ལྟར་རིང་ཞིང་བློ་རྒྱ་མཚོ་མོ་ལྟར་ཟབ་པའི་མཚོན་བྱེད་ལགས། བྱམས་པ་དང་སྙིང་རྗེ། སེམས་རྒྱུད་དྲང་མོ། བྱང་ཆུབ་ཀྱི་སེམས་མཆོག་ལྡན་པ་ནི་འཚོབ་ལྤགས་པ་བཞིན་མཉེད་པ་ལས་ཐོབ་པའི་ཚོར་ཤེས་ཏེ་འདིར་བརྗོད་པའི་བརྩམས་སྒྲུང་རིང་གྲས་ལྟ་བུའི་བློ་རྒྱ་ཞེས་པའི་དོན་སྤྱིའོ། །
སེམས་དཔའ་ཆེན་མོ་དང་སེམས་རྒྱུད་དྲང་མོ། བྱང་ཆུབ་ཀྱི་སེམས་མཆོག་སོགས་རེ་རེ་བཞིན་བརྗོད་མི་དགོས་པས་འདིར་བྱམས་སྙིང་རྗེའི་སྐོར་ཕྲན་ཙམ་བརྗོད་ན། ཉེ་བའི་ཆརསྙིང་རྗེའི་འདོད་འདུནཞེས་པ་དར་སོ་ཆེ་བའི་སྐད་ཆ་ཞིག་ཏུ་གྱུར་བ་ནི་སྔོན་ཆདམཐར་ཐུག་གི་གཟིགས་སྐྱོངཞེས་པ་དར་སོ་ཅན་དུ་གྱུར་བ་དང་མཚུངས། ཁོ་བོས་བྱམས་དང་སྙིང་རྗེ་ལྡན་པ་ནི་ཧ་ཅང་དགའ་སྤྲོ་སྐྱེས་དགོས་པ་ཞིག་ཡིན་པ་ཤེས་ཀྱིན་ཡོད་མོད། བདག་ཅག་ལ་མཁོ་བའི་བྱམས་སྙིང་རྗེ་ནི་བྱ་ཤ་བསྲེག་མ་ལོངས་སུ་སྤྱད་རྗེས་གཤོག་པར་སྨས་སྐྱོན་ཕོག་པའི་ཕུག་རོན་ལ་སྨན་བཅོས་བྱེད་པའི་ཚུལ་གྱི་བྱམས་པ་དེ་མ་ཡིན་ལ། སུའུ་ལེན་གྱི་གཡུལ་འགྱེད་བརྗོད་བྱ་མཚོན་པའི་གློག་བརྙན་དང་ཧའོ་ལའེ་ཝུའུ༼好莱坞༽ཡི་ཚོང་འགྲེམས་གློག་བརྙན་ནང་གི་དཔེ་ལུགས་ཅན་དུ་བསྒྱུར་བའི་བྱམས་སྙིང་རྗེ་དང་དུང་བ་ཉེ་རིང་ཅན་གྱི་བྱམས་སྙིང་རྗེ་དག་ཀྱང་མ་ཡིན། ཁྱིམ་གྱི་འཁོས་ཀས་དབུལ་བའི་མི་མང་པོ་ཞིག་ལ་སྨན་བཅོས་ཀྱི་ཆ་རྐྱེན་མེད་པར་ཁྱིམ་དུ་ཤི་སྒུག་རྒྱག་བཞིན་པ་དེ་ལ་སྣང་འཇོག་བྱེད་མཁན་མེད་པར། སྤྱི་ཚོགས་ཡོངས་ཀྱིས་ནད་ཕོག་པའི་སྲོག་ཆགས་དོམ་ཞིག་ལ་ཞལ་འདེབས་རྒྱག་པའི་བྱམས་སྙིང་རྗེ་དེ་ཡང་གཏན་ནས་མིན། བྱམས་སྙིང་རྗེ་ཞེས་པ་ནི་བཟོད་པ་སྒོམ་རྒྱུ་འམ། དཀའ་སྡུག་ལ་འཕྲད་ཚེ་བྱང་སེམས་དང་སྤྱོད་ཚུལ་ཡ་རབས་འཆང་བ་དགོས་པ་དེ་ལས།  ཁྲག་དྲོན་མཐོང་བ་ཙམ་གྱིས་འགྱེལ་འགྲོ་བའམ་སྐད་ཤུགས་ཆེན་པོསང་སྨྱོ་བ་འདུགཅེས་སྐད་འབོད་སྒྲོག་པ་དེ་མ་ཡིན་ལ། ནག་ཉེས་དང་སྤྱོད་ངན་ལ་གཡོལ་བ་ནི་དེ་བས་ཀྱང་མ་ཡིན། དམ་པའི་གསུང་རབདེ་བྱམས་དང་སྙིང་རྗེའི་བསྟན་བཅོས་ཞིག་ཏུ་ངོས་འཛིན་གྱིན་ཡོད་ཀྱང་དེའི་ནང་དུ་ཡང་ཉ་ཉུང་དབྱེ་འབྱེད་དཀའ་བའི་གནད་དོན་མང་པོ་ཞིག་ཡོད། ནང་ཆོས་ནི་བྱམས་དང་སྙིང་རྗེའི་བདག་ཉིད་ཅན་གྱི་ཆོས་ལུགས་ཞིག་ཏུ་བརྗོད་ཀྱིན་ཡོད་ཀྱང་། དེའི་ནང་དུ་ཡང་དམྱལ་བ་ལྟ་བུ་མི་རྣམས་སྐྲག་དགོས་པའི་ཁྲིམས་གཅོད་དྲག་པོའི་རིགས་བཀོད་ཡོད། གལ་ཏེ་བྱམས་དང་སྙིང་རྗེ་ནི་མིའི་རྒྱུད་ཀྱི་མ་རུངས་པ་དང་ཉོན་མོངས་ཀྱི་ཆ་རྣམས་འགེབས་སྲུང་བྱེད་སྤྱད་ཞིག་ཡིན་ཚེ་བྱམས་སྙིང་རྗེ་དང་བཟང་རྫུ་དབྱེ་བ་འབྱེད་དཀའ། གསེར་བུམ་དཔྱིད་མགོའི་མེ་ཏོག་མ(金瓶梅)》ལ་ཉེས་མིང་གིས་དཀྲིས་ཡོད་ཀྱང་ཤེས་རབ་ཀྱི་མིག་ཟུང་ཐོགས་པའི་དཔྱད་བརྗོད་མཁན་གྱིས་དཔེ་ཆ་དེ་ནི་བྱམས་དང་སྙིང་རྗེའི་གསུང་རབ་ཅིག་ཏུ་བསྒྲུབས་ཡོད། འདི་ནི་ཀྲུང་གོའི་ཤེས་རིག་གི་བྲོ་བས་ཕྱུག་པའི་བྱམས་སྙིང་རྗེའི་དཔེ་ཆ་ཞིག་གམ། ཀྲུང་གོའི་མཚན་ཉིད་རིག་པ་དང་ཆོས་ལུགས་ཀྱི་རྨང་གཞིའི་སྟེང་དུ་གྲུབ་པའི་བྱམས་དང་སྙིང་རྗེའི་གསུང་རབ་ཅིག་ཡིན་པ་ལས་ནུབ་ཕྱོགས་མཚན་ཉིད་རིག་པ་དང་ཆོས་ལུགས་ཀྱི་རྨང་གཞིའི་སྟེང་དུ་གྲུབ་པ་མིན། བརྩམས་སྒྲུང་རིང་གྲས་ནི་མ་ལུས་ཀུན་འཛོམས་ཀྱི་རྩོམ་ལུས་ཤིག་ཡིན་པས་འདིའི་ནང་དུ་ལུ་གུ་ཡོད་ལ་བྱེའུ་ཡོད་པར་མ་ཟད། སེང་གེ་ཡོད་ལ་ཆུ་སྲིན་ཡང་ཡོད། ཁྱོད་ཀྱིས་ལྟ་བ་འཐེན་འཁྱེར་ཅན་བཟུང་སྟེ་སེང་གེས་ལུ་གུ་ཟོས་པའམ་ཆུ་སྲིན་གྱིས་བྱེའུ་ཕྲུག་ཁྱུར་མིད་བཏང་ན་དེ་དག་ལ་བྱམས་སྙིང་རྗེ་མི་འདུག་ཅེས་བརྗོད་མི་རུང་། གཅན་ཟན་དེ་དག་གིས་རི་དྭགས་རྔོན་པའི་དུས་སུ་ཐབས་རྩལ་སྣ་ཚོགས་བཀོལ་བ་དང་རི་དྭགས་བཟུང་ཐུབ་རྗེས་དགའ་ལྷང་ལྷང་བྱེད་སྐབས་གཅན་ཟན་དེ་དག་ལ་ཡ་ང་སྙིང་རྗེ་མི་འདུག་ཅེས་བརྗོད་མི་རུང་། ལུ་གུ་དང་བྱེའུ་ལས་མེད་པའི་འཇིག་རྟེན་དེ་ཐུས་སྒོ་ཚང་བའི་འཇིག་རྟེན་ཞིག་མ་རེད་ལ་དྲང་ཕྱོགས་མི་སྣ་ཁོ་ནས་གྲུབ་པའི་བརྩམས་སྒྲུང་དེ་ཡང་བརྩམས་སྒྲུང་མཚན་ཉིད་ཚང་བ་ཞིག་མ་རེད། ལུ་གུ་སྔོ་རྩྭར་བསྟེན་དགོས་ལ་བྱེའུ་འབུ་སྲིན་ཟ་དགོས། དྲང་ཕྱོགས་མི་སྣ་ཡིན་ཡང་སྐུལ་སློང་ངན་པ་འཆང་སྲིད། གཞི་འཛིན་ས་མཐོན་པོ་ཞིག་གི་སྟེང་ནས་ལྟོས་དང་བཟང་པོ་དང་ངན་པ་ཞེས་པའི་ཚད་ཐིག་དེ་ཡང་བཟུང་རྒྱུ་སླ་མོ་ཞིག་མ་རེད། སྙིང་རྗེ་ཅན་གྱིས་མི་བཟང་ཁོ་ནར་དུང་སེམས་མཉམ་བསྐྱེད་བྱེད་ཅིང་། སྙིང་རྗེ་ཆེན་པོས་མི་བཟང་ཁོ་ན་ཙམ་དུ་མ་ཟད་མི་ངན་ལ་ཡང་གདུང་སེམས་མཉམ་བསྐྱེད་བྱེད་སྲིད།
  རྩོམ་མཁན་ཞིག་ལ་མཚོན་ནས་བཤད་ན། གཏམ་རྒྱུད་ཅིག་འཕྱོར་འབྲི་བྱེད་རྒྱུ་ནི་ལས་སླ་མོ་ཞིག་རེད། འོན་ཀྱང་། དཀའ་སྡུག་གི་ལོ་ཟླ་བརྒྱུད་མ་མྱོང་བ་དག་ལ་མཚོན་ན་དེ་ལ་ལས་དབང་གིས་གནར་གཅོད་གཏོང་བ་ལྟ་བུའི་འདུ་ཤེས་སྐྱེ་སྲིད་ཅིང་། མི་གཤིས་ཀྱིས་གཞོམ་གཞིག་བྲལ་བའི་ཞན་ཆའི་ཐོག་ཏུ་ཚུགས་པའི་བྱམས་སྙིང་རྗེའི་གཏམ་རྒྱུད་ཅིག་ལྷན་སྐྱེས་ཀྱི་ཤེས་རབ་ལ་བརྟེན་ནས་འཕྱོར་འབྲི་བྱེད་རྒྱུ་ཤིན་ཏུ་དཀའ་མོར་སྣང་། གཡུལ་འཁྲུག་དང་མུ་གེ ནད་ཡམས། གློ་བུར་དུ་བྱུང་བའི་དོན་རྐྱེན་སོགས་མིའི་རིགས་ལ་འཕྲད་པའི་འཇིགས་པ་ཞིབ་འབྲི་བྱེད་པའི་དུས་སུ་བར་ཆད་མང་པོ་ཞིག་ཉམས་ཆུང་གི་སྐྱེ་བོ་ཞིག་གི་ལུས་སྟེང་དུ་སྤོས་པ་སྟེ། སྲེ་མོང་གིས་རྨས་སྐྱོན་ཕོག་པའི་བྱེའུར་སོ་བཏབ་པ་ལྟ་བུ་ནི་དུངས་བ་ཉེ་རིང་ཅན་གྱི་རྒྱུན་མཐུད་འཁྲབ་ཚན་ཁག་གི་སྤྱི་འགྲོས་ལས་བྱམས་སྙིང་རྗེ་མ་ཡིན་ལ་སྙིང་རྗེ་ཆེན་པོ་དེ་བས་ཀྱང་མ་ཡིན། གཞན་གྱིས་རང་ཉིད་ལ་སྤྲད་པའི་ན་ཟུག་ཁོ་ན་འཕྱོར་འབྲི་བྱེད་པ་ལས་རང་གིས་གཞན་ལ་སྤྲད་པའི་ན་ཟུག་འཕྱོར་འབྲི་མི་བྱེད། གཞན་སྐྱོན་ཁོ་ན་འཕྱར་བ་ལས་རང་སྐྱོན་བཀབ་སྟེ་འཇོག དེ་ནི་སྙིང་རྗེ་སྐྱེ་དགོས་པ་ལྟ་ཅི་ངོ་ཚ་དགོས་པ་ཞིག་རེད། མིའི་རིགས་ཀྱི་སྐྱོན་ཆ་འབྲི་ཐུབ་པ་དང་རང་རྒྱུད་ཀྱི་ཞན་ཆ་ངོས་བཟུང་ཐུབ་པ། མིའི་རིགས་ཀྱིས་སེལ་མ་ཐུབ་པའི་ཞན་ཆ་དང་སྐྱོན་ཅན་གྱི་མི་གཞིས་རང་གཞན་ཀུན་འཕུང་ལ་སྦྱོར་བའི་སྐྱོ་གར་དེ་འཕྱོར་འབྲི་བྱས་ན་མིང་དོན་མཚུངས་པའི་སྐྱོ་གར་རེད། བརྩམས་ཆོས་དེ་དག་ལརྣམ་ཤེས་ལ་ཚ་འདྲི་གཏོང་བའིསྟོབས་ཤུགས་དང་ནུས་པ་ཡོད་ལ། དེ་ཉིད་ད་གཟོད་གཞན་དྲིང་མི་འཇོག་པའི་བྱམས་དང་སྙིང་རྗེ་རེད།
  གོང་དུ་བྱམས་སྙིང་རྗེའི་སྐོར་ནས་མང་པོ་ཞིག་བརྗོད་ཟིན་ཡང་། ད་དུང་ཅི་ཞིག་བརྗོད་མ་ཐུབ་པ་འདྲ་བས་གཤམ་ནས་ཁོ་བོས་ལྷོ་ཕྱོགས་གྲགས་ཅན་གྱི་དགོང་དྲོའི་ཚགས་པར་ཁང་ཞིག་གི་ཀུན་གྱིས་གོང་བཀུར་ཞུ་བཞིན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐྱེ་ཁུངས་གསར་རྗེ་རྒན་གྲས་ཡིན་པ་ཞིག་གིས་རྒན་གཡོལ་ཞུས་རྗེས་རང་གི་ཚགས་པར་ཐོག་ཏུ་བཀོད་པའི་ཆེད་བསྒྲིགས་རྩོམ་ཡིག་ཅིག་ལུང་དུ་འདྲེན་པར་བྱ། ཕལ་ཆེར་ཆེད་རྩོམ་དེས་ང་ཚོར་བྱམས་སྙིང་རྗེ་ཞེས་པར་གོ་བ་ཟབ་མོ་ཞིག་ལོན་ཏུ་འཇུག་སྲིད། རྩོམ་ཡིག་དེའི་ཁ་བྱང་ལབརྗེད་པར་དཀའ་བའི་དགྲ་འདུལ་གནས་ཚུལཟེར་ཞིང་། རྩོམ་ཡིག་ཧྲིལ་པོ་གཤམ་གསལ་ལྟར།
རྒྱལ་སྤྱི་རྒྱལ་ནང་དང་གནའ་དེང་གི་དམག་འཁྲུག་ནི་གདུག་རྩུབ་ཅན་ཞིག་རེད་ལ་དམག་འཁྲུག་གི་མེ་ལྕེའི་ཁྲོད་ནས་མི་ཆོས་རིང་ལུགས་གླེང་བ་ནི་སྟོང་གཏམ་ཙམ་དུ་ཟད། དེ་བས་དམིགས་གསལ་གྱི་དམག་འཐབ་ཁྲོད་དུ་དེ་ལས་མ་འདས། གཤམ་དུ་ཁོ་བོས་བརྗེད་པར་དཀའ་བའི་དགྲ་འདུལ་གནས་ཙུལ་ཞིག་བརྗོད་པར་བྱ། གནས་ཚུལ་དེ་ཞི་བདེའི་དུས་རབས་ནང་འཚོ་བཞིན་པའི་གཞོན་ནུ་རྣམས་ལ་མཚོན་ན་འཇིགས་སྐྲག་སྐྱེ་དགོས་པའི་གནད་དོན་ཞིག་ཡིན་ཀྱང་སྲིད་མོད། དེང་གི་དུས་སུ་བདག་གིས་རྒྱུན་ལྡན་རང་བཞིན་ཞིག་ཏུ་ངོས་བཟུང་གིན་ཡོད། གནས་ཚུལ་དེ་ཡིད་ཀྱི་བརྙན་ཡོལ་ངོས་ནས་འདོར་ཐབས་བྲལ།
  ༡༩༤༥ལོའི་ཟླ༧པར་འཇར་པན་གྱིས་མགོ་བཏགས་མ་ཞུས་པའི་སྔ་ནུབ་ཏུ། གོ་མིན་ཏང་མཁྲེགས་འཛིན་དམག་ཧྲེ༡༥༢པའི་ཐད་གཏོགས་རུ་ཆེན་ཞིག་གིས་དམིགས་བསལ་དུས་བབ་དེ་དམ་འཛིན་གྱིས། བྱང་རྒྱུད་ས་ཁོངས་སོགས་སུ་སྨྱོ་ཧམ་ཆེན་པོས་ཚུར་རྒོལ་བྱས། ཐ་མར་རང་དམག་བྱང་རྒྱུད་དམག་སྒར་གནས་སའི་རི་བོ་ཞིག་གི་སྟེང་དུ་ཕྱིར་འཐེན་བྱེད་དགོས་བྱུང་། ཕྱིར་འཐེན་བྱེད་སྐབས་བྱང་རྒྱུད་ས་ཁུལ་དུ་ཡིབ་པའི་གོ་མིན་ཏང་མཁྲེགས་འཛིན་དམག་གི་མྱུལ་ཞིབ་པ་བཞི་འཛིན་བཟུང་བྱས། དེའི་ཁྲོད་ཀྱི་མྱུལ་ཞིབ་པ་གཅིག་ནི་ས་གནས་དེ་གར་སྨན་པར་རྫུས་པ་ཞིག་རེད། ཁོ་ཚོ་འཛིན་བཟུང་བྱས་རྗེས་མགོ་བོར་རས་ཁུག་ནག་པོ་རེ་བསྐོནཕྱིར་འཐེན་བྱེད་པའི་གནས་ཚུལ་ཤེས་སུ་མི་འཇུག་པའི་ཆེདལག་གཉིས་བརྒྱབ་ཏུ་བཅིངས། ཐག་པ་རིང་པོ་ཞིག་ལ་མི་རེ་རེབརྒྱུསནས་འཁྲིད། གནས་ཚུལ་ཛ་དྲག་ཆེ་ཞིང་ཕྱོགས་བཞི་དགྲ་བོས་བསྐོར་ཟིན་པ་དང་། ད་དུང་བཙོན་པ་བཞི་འཁྲིད་དགོས་པས་ཕྱིར་འཐེན་བྱེད་པའི་མྱུར་ཚད་ཧ་ཅང་དལ། གལ་ཏེ་ཕྱོགས་གཉིས་པོ་འཛིང་རེས་ཐུག་ཚེ་མྱུལ་ཞིབ་པ་བཞི་པོ་ཤོར་བའི་ཉེན་ཁ་ཆེ། པེ་ཅང་རུ་ཤོག་གི་རུ་དཔོན་ཝུའུ་ཆང་གིས་རུ་དཔོན་ཆེན་མོ་ཀྲེན་ཝེ་ལིན་ལ་ཁོ་ཚོ་བཞི་པོ་མེད་པར་བཟོ་བའི་གྲོས་མགོ་བཏོན།
ཀྲེན་ཝེ་ལིན་གྱི་སེམས་སུ་གལ་ཏེ་ཁོ་ཚོར་མེ་མདའ་ཕངས་ན། གཅིག་ནས་མདེའུ་འགྲོ་སོང་གཏོང་དགོས་པ་དང་། གཉིས་ནས་ཉེ་འཁོར་གྱི་དགྲ་བོས་མེ་མདའི་སྒྲ་གོ་སྲིད་པས་མེ་མདའི་རྩེ་གྲི་གསུབ་ནས་དམར་གསོད་གཏང་ན་ལེགས་སྙམ། མ་གཞི་དོན་དག་དེ་ནི་སྒྲུབས་དཀའ་ལ་གདུག་རྩུབ་ཅན་ཞིག་རེད་མོད། ཀྲེན་ཝེ་ལིན་ལ་མཚོན་ན་དེ་ནི་བྱིས་པའི་རྩེད་མོ་ཙམ་དུ་ཟད། དམག་དཔུང་ཕྱིར་འཐེན་བྱས་ཏེ་དབྱིན་ཏ་ཤང་ཐུང་ལེ་སྲང་ལམ་གྱི་ལྷོ་ངོས་རི་ལྡེབས་སུ་སླེབས་སྐབས། མདུན་གྲལ་གྱི་རས་ཁུག་ནག་པོ་བསྐོན་པའི་མྱུལ་ཞིབ་པ་ས་སྟེང་དུ་སྒྱེལ་ནས་རྩེ་གྲིས་དམར་གསོད་གཏོང་དུ་བཅུག
  མཐའ་མའི་གོ་སྐབས་དམ་འཛིན་བྱེད་ཕྱིར་བདག་གིས་སྐད་ཤུགས་ཆེན་པོས་དགྲ་བོའི་མྱུལ་ཞིབ་པར་དགྲ་བོའི་གནས་ཚུལ་ཚ་འདྲི་བྱས། ཁོས་རང་གི་ལས་གྲོགས་སྔ་ལམ་དུ་བརྫངས་པའི་སྐད་ངན་ཐོས་མ་ཐག་བླ་ཁུམས་ཏེ་སྒྱིད་པ་ཤིག་ཤིག་ཏུ་འདར་བ་དང་། སྐད་ཆ་ཤོད་མི་ཐུབ་པར་གྱུར། ང་རང་ཁོང་ཁྲོས་མྱོས་ཏེ་ཁོ་ལ་འགྲམ་ལྕགས་ཚག་སྒྲ་གྲགས་པ་ཞིག་ཞུས། མྱུལ་ཞིབ་པ་གཞན་དེ་ཡང་སྐད་ངན་ཤོར་བཞིན་ས་རུ་འགྱེལ་སོང་། མཐའ་མར་མྱུལ་ཞིབ་པ་བཞི་ཀ་ས་རུ་འགྱེལ་སོང་། ང་ལ་མཚོན་ན་ཁྲག་དྲོན་གྱིས་ཚོས་པའི་ངང་ཚུལ་དེ་འདྲ་མཐོང་ཐེངས་དང་པོ་ཡིན་ཀྱང་སྣང་དོགས་སྤུ་ཙམ་ཡང་སྐྱེས་མ་བྱུང། རང་ཕྱོགས་དང་དགྲ་བོའི་ཡ་ང་ཞིང་གདུག་རྩུང་ཆེ་བའི་གསོད་གཏུབ་ཁྲོད། བསམ་པའི་འཁྱེར་སོ་ཡང་དེ་དང་བསྟུན་ནས་གྱུར་སོང་བ་ཤེས་ཐུབ།
  ལོ་ངོ་བཅུ་ཕྲག་འགའི་རྗེས་སུ། བདག་གིས་ཀྲེན་ཝེ་ལིན་ལ་མི་ཚེ་འདིར་ཁྱོད་ཀྱིས་མི་ཇི་ཙམ་བསད་མྱོང་ཞེས་དྲིས་པ་ན། ཁོང་གིས་བརྒྱ་ལྷག་ཙམ་ཞེས་གསུངས་བྱུང་། མ་གཞི། ཁོང་གིས་འཇར་མན་གྱི་དམག་གྲི་བཟུང་ནས་དགྲ་བོའི་མྱུལ་ཞིབ་པ་དྲུག་ཙམ་ཚར་གཅོད་བྱས་པ་འདྲ་ཡང་དེ་ནི་ཕྱིས་ཀྱི་གནས་ཚུལ་རེད།
ཁོང་གི་ཆེད་རྩོམ་འདི་ལ་བལྟས་ཚེ་སྔོན་ཆད་ཀྱི་དམག་ཁྲུག་བརྗོད་བྱར་བྱས་པའི་བརྩམས་སྒྲུང་དང་གློག་བརྙན་དག་ཅི་འདྲའི་བཅོས་མ་ཞིག་རེད་ཨང་། ཆེད་རྩོམ་འདིའི་རྩོམ་པ་པོ་ལྷོ་ཕྱོགས་རྩོམ་སྟེགས་ཀྱི་གྲོགས་པོ་མང་པོས་ངོ་ཤེས་ཀྱིན་ཡོད་ཅིང་ཚེ་སྨད་ཀྱི་དུས་སུ་བྱམས་སེམས་ཅན་གྱི་སྤོ་བོ་ཞིག་དང་། རང་ལས་དམའ་བའི་མི་ལ་ཐུགས་འཁུར་ཟབ་པའི་དབུ་ཁྲིད་ཅིག་ཀྱང་རེད་ཅེས་ཀུན་གྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ཁོང་གི་ཆེད་རྩོད་དུ་འཁོད་པའི་ཀྲེན་ཝེ་ལིན་ཟེར་བ་དེ་མི་གསོད་གཤེད་མ་ཞིག་ཡིན་མི་སྲིད་ཀྱང་། དམག་འཁྲུག་ལྟ་བུའི་དམིགས་བསལ་ཁོར་ཡུག་ཞིག་ཏུ་ཁོ་ཚོ་དོན་དམ་པའི་མི་གསོད་གཤེད་མར་འགྱུར་བཞིན་ཡོད། འོན་ཀྱང་། ཁོ་ཚོར་ལེ་འདའ་བྱེད་དོན་ཡོད་དམ། མི་བརྒྱ་ཕྲག་མང་པོ་གསོད་མཁན་གྱི་ཀྲེན་ཝེ་ལིན་ཞེས་པ་དེ་གཟེངས་བསྟོད་གྲངས་མེད་བླངས་མྱོང་བ་དང་དཔའ་བོའི་མཚན་གྱིས་བརྒྱན་མྱོང་ཡང་སྲིད། ང་ཚོས་ཁོ་ནི་སྙིང་རྗེ་བྲལ་བའི་ལག་དམར་བ་རེད་ཅེས་ཟེར་ཐུབ་བམ། འདི་ལས་སྙིང་རྗེ་ཟེར་བ་ནི་ཡུལ་དུས་ཀྱི་བཀག་རྒྱ་ཡོད་པ་ཞིག་དང་། རྙོག་འཛིང་ཆེ་བའི་གནད་དོན་ཞིག་ཡིན་པ་ལས་བསམ་ཚོད་ཀྱིས་དབྱེ་འབྱེད་ཐུབ་པ་ཞིག་མ་ཡིན་པ་ཤེས་ཐུབ་བོ།
  བརྩམས་སྒྲུང་རིང་གྲས་དེ་རིང་པོར་འབྲི་དགོས་པར་སྐུལ་མ་བྱས་ཚེ་ལུའུ་ཞུན་དང་ཧྥན་ཚུང་ཝུན། ཀྲང་ཨའེ་ལིན། ཆི་ཁི་ཧྥུ་སོགས་ཀྱི་དགོངས་པ་དང་འགལ་སྲིད། ཁོ་བོས་གོང་གསལ་གྱི་རྩོམ་པ་པོ་དག་གྲགས་ཅན་དང་གཟི་བརྗིད་ཅན་མ་རེད་ཅེས་ཞུ་གིན་མེད། འོན་ཀྱང་། ཁོ་ཚོ་ནི་ལེ་ཧྥུ·ཐོར་སེ་དང་ཐོར་སེ་ཡེ་ཧྥུ་སེ་ཆི། ཐོ་མ་སེ་མན། ཆའོ་ཡས་སེ། ཧྥུ་ལུ་སི་ཐ་ལྟ་བུའི་རྩོམ་མཁན་དག་མ་ཡིན་ལ་ཁོ་ཚོའི་བརྩམས་ཆོས་ནང་དུ་ཡང་གོང་གསལ་རྩོམ་མཁན་དག་དང་འདྲ་བར་ཟིལ་ཤུགས་ཉམས་འགྱུར་ལྡན་པའི་གཟི་འོད་དེ་བསྐུངས་མེད་པ་ནི་ཕལ་ཆེར་དོན་དངོས་ཀྱི་གནས་ཚུལ་ཞིག་ཡིན་པ་འདྲ།
  བརྩམས་སྒྲུང་རིང་གྲས་ཇེ་ཐུང་དུ་འགྲོ་བ་ནི་དར་སོ་ཞིག་ཡིན་སྲིད་ལ། དེ་ཡང་པར་སྐྲུན་དང་སྒྲིལ་ཐུམ། ཁེ་ཕན། ཁེ་གྲགས། བརྙན་འཁོར་རྫུན་མ་དང་འབྲེལ་བ་ཡོད་ཀྱང་སྲིད། དཀའ་སྡུག་གི་འཚོ་བའི་ཁྲོདའདིར་བརྗོད་པའི་དཀའ་སྡུག་ནི་ཕྱི་དངོས་པོའི་ཐད་ཀྱི་དབུལ་ཕོངས་ལ་གོ་བ་ཙམ་མ་ཟད་གཙོ་བོ་ནང་སེམས་ཁམས་ཐད་ཀྱི་དབུལ་ཕོངས་ལ་གོདང་མི་སྒེར་གྱི་རང་གཤིས་ཀྱི་ཞན་ཆ་ལས་བྱུང་བའི་སྐྱོ་གར་ཁྲོད་ནས་རྩོམ་འབྲིའི་རྒྱུ་ཆ་བཙལ་ན་བརྩམས་ཆོས་ལེགས་པོ་རེ་འགྲུབ་སྲིད་ཀྱང་། བརྙན་འཁོར་རྫུན་མ་དག་ལས་རྩོམ་འབྲིའི་རྒྱུ་ཆ་བཙལ་ཚེ། ཀྲུང་གོའི་དོན་དངོས་དང་ཀྲུང་གོའི་སེམས་ཁམས་ལས་ལྡོག་པའི་མཚར་ཉམས་དོད་པའི་རྩོམ་ཡིག་ཙམ་ལས་འབྲི་མི་ཐུབ་བོ། མི་འགའ་རེས་དེང་གི་དུས་རབས་སུ་བརྩམས་སྒྲུང་རིང་པོ་སུ་ཞིག་ལྟ་ཀློག་བྱེད་སྲིད་ཅེས་བརྗོད་ཀྱང་སྲིད། ཡིནའང་། དོན་དངོས་ཐོག་བརྩམས་སྒྲུང་ལྟ་ཀློག་ལ་སྤྲོ་བ་རྣམས་ཀྱིས་ཇི་ཙམ་རིང་ཡང་ལྟ་ཀློག་བྱེད་སྲིད་ཅིང་། ལྟ་ཀློག་ལ་སྤྲོ་བ་མེད་པ་རྣམས་ཀྱིས་ཇི་ཙམ་ཐུང་ཡང་ལྟ་ཀློག་བྱེད་མི་སྲིད་དོ། བརྩམས་སྒྲུང་གི་རིང་ཚད་ནི་ཀློག་པ་པོ་ལྟ་ཀློག་བྱེད་པའི་གེགས་སུ་འགྱུར་མི་སྲིད། དེ་བས་སྤུས་ཚད་ནི་རིང་པོ་འབྲི་བའི་སྔོན་འགྲོ་ཡིན། རིང་ཚད་ཁོ་ནར་དང་དོད་བྱེད་པ་ནི་ལེགས་ཆ་མིན་ཏེ་ཡང་མེས་རྣམས་ཀྱི་རྐང་པ་བཏུམ་བྱེད་ཀྱི་རས་ཐིག་ཇི་བཞིན་རིང་དྲགས་ན་མི་ལེགས་མོད། དེའི་སྟེང་དུ་གྲགས་ཅན་གྱི་རི་མོ་ཞིག་དྲུབས་ཡོད་ཚེ་རིན་ཐང་ཅན་དུ་གྱུར་བ་མ་ཡིན་ནམ།
  རིང་ཚད་ཞེས་པ་ནི་གང་འདོད་དུ་འཐེན་པ་མིན་ལ། གང་འདོད་དུ་བསྐྱིལ་བ་འང་མིན། འུད་ཤོབ་ཤོད་པ་མ་ཡིན་ལ། ཁོག་སྟོང་དེ་བས་མིན། ཤོག་བུས་བཟོས་པའི་སྟག་གཟིག་མ་ཡིན་ལ་གཟིགས་ལྤགས་བསྐོན་པའི་བོང་བུ་འང་མིན། རིང་ཚད་ནི་བདེན་དགེ་མཛེས་གསུམ་ཡིན། ཁྲུང་ཁྲུང་གི་རྐང་པ་ཡིན། ངེས་པར་དུ་རིང་པོ་དགོས། རིང་པོ་མེད་ན་འགྲིག་ཐབས་མེད། རིང་པོ་ཐམས་ཐད་རིང་པོ་ཡིན་དགོས། ལྕགས་རི་རིང་པོ་དེ་ལྟར་རིང་དོན་ཅི། དེའི་སྟག་རྒྱབ་ན་མེ་ལྕེ་བཞིན་འབར་བའི་རྒྱལ་སྲིད་ཅིག་ཡོད་པས་དེ་ལྟར་བརྐྱངས་བྱུང་།
  བརྩམས་སྒྲུང་རིང་གྲས་ཀྱི་ཚགས་དམ་ཚད་ཞེས་པ་ནི། ཚགས་དམ་པའི་དོན་རྐྱེན་དང་ཚགས་དམ་པའི་མི་སྣ། ཚགས་དམ་པའི་བསམ་བློ་ལྡན་པར་གོ་དགོས། སེམས་པའི་མཚོ་མོ་དགུང་དུ་བསྐྱོམས་ནུས་པ་དང་དོན་རྐྱེན་དང་མི་སྣ་རང་གྲུབ་ཏུ་གྱུར་བ། ཡིད་ཀྱི་དང་བ་ཅིག་ཅར་དུ་འདྲེན་ནུས་པའི་རྩོམ་དེ་ཡིན་པ་ལས། སྐད་ཆ་ཚིག་འགའ་རེས་མཚོན་ཐུབ་པའི་བརྩམས་སྒྲུང་མ་ཡིན།
  ཚགས་དམ་པའི་དོན་རྐྱེན་ནི་དོན་རྐྱེན་ཁག་བརྩམས་སྒྲུང་གི་རྒྱུད་དུ་བཀྲམ་རྒྱུ་དེ་མ་ཡིན་ལ། དོན་རྐྱེན་སྤུངས་གསོག་རྒྱག་རྒྱུ་དེ་བས་མིན། འོན་ཀྱང་། ཧའེ་མིང་ཝེ་ཡི་དགོངས་ཚུལ་འགའ་རེ་འདི་ལྟ་བུའི་བརྩམས་སྒྲུང་རིང་གྲས་ལ་འཚམ་པོ་ཡོད་ཀྱང་སྲིད།
  ཚགས་དམ་པའི་མི་སྣ་ཞེས་པ་ནི་ཨུ་ཚུགས་ཀྱིས་བཙིར་བའི་ཤི་རོ་མ་ཡིན་པར། གསོན་ཉམས་ལྡན་པའི་རང་གཤིས་ཁྱད་པར་བའི་མི་སྣ་རེ་རེ་ཡིན་དགོས། ཕུལ་དུ་བྱུང་བའི་བརྩམས་སྒྲུང་རིང་གྲས་ཀྱི་མི་སྣ་གཙོ་བོ་དག་རྩོམ་རིག་གི་མི་སྣའི་ཁྱད་ཆོས་དང་འཚམ་དགོས་པར་མ་ཟད། མི་སྣ་ཕལ་བ་དག་ཀྱང་གསོན་ཉམས་ལྡན་པ་ཤ་སྟག་ཡིན་དགོས་པ་ལས་རྩོམ་མཁན་གྱི་འཕྱོར་འབྲི་བྱེད་པའི་དཀའ་གནད་སེལ་ཕྱིར་ཆེད་དུ་བཀོལ་པའི་ཡོ་བྱད་ཡིན་མི་འོས།
  ཚགས་དམ་པའི་བསམ་བློ་ཞེས་པ་ནི་བསམ་བློ་མི་འདྲ་བ་ཁག་གི་འགལ་ཟླ་དང་འཐབ་རྩོད་ཡིན་དགོས་པ་ལས་བརྩམས་སྒྲུང་ཞིག་ལ་དྲང་ཕྱོགས་བསམ་བློ་ཟེར་བ་ཙམ་མམ་ཡ་རབས་ཟེར་བ། ཡང་ན་སྤྱི་གྲོས་རང་བཞིན་ཙམ་གྱི་བཟང་ངན་ཕྱོགས་གཉིས་ཙམ་ལས་མེད་ཚེ། བརྩམས་སྒྲུང་དེའི་སྤུས་ཚད་ལ་དོགས་པ་སྐྱེ་དགོས་པ་ཞིག་རེད། ཡར་ཐོན་གྱི་བསམ་པ་ལྡན་པའི་བརྩམས་སྒྲུང་ག་གེ་མོ་ལོག་སྤྱོད་པ་དག་གིས་བྲིས་པ་ཡིན་སྲིད་ལ་མཚན་ཉིད་རིག་པའི་བསམ་བློས་ཕྱུག་པའི་བརྩམས་སྒྲུང་ག་གེ་མོ་མཚན་ཉིད་རིག་པ་བས་བྲིས་པ་ཡིན་མི་སྲིད། ཕུལ་དུ་བྱུང་བའི་བརྩམས་སྒྲུང་ཞིག་གིསམཉམ་སྒྲོག་རོལ་མོའབྱུང་མི་སྲིད་པར་མི་རེ་རེའི་ཤེས་བྱའི་ཆུ་ཚད་དང་མཉམ་པའི་གོ་བ་རེ་ལོན་སྲིད། རྟག་ཏུ་གོ་བ་ལེན་སྟངས་མང་པོ་ཞིག་རྩོམ་མཁན་གྱི་དགོངས་གཞི་དང་ཐ་དད་དུ་གྱུར་འགྲོ་གི་ཡོད། བདེན་པ་དང་རྫུན་མ། མཛེས་པོ་དང་མི་སྡུག་པ། དགའ་བ་དང་སྡང་བའི་བར་དུ་གསལ་ལ་མི་གསལ་བའི་དབྱེ་མཚམས་ཤིག་ཡོད་ཅིང་དེ་ནི་རྩོམ་མཁན་རྣམས་ཀྱིས་རང་རྩལ་ངོམས་པའི་གར་སྟེགས་མཐོན་པོ་ཞིག་ཡིན།
  ཚགས་དམ་པའི་བརྩམས་སྒྲུང་ཞེས་པ་ནི་མི་རབས་དུ་མར་གོ་བ་ལོག་སྒྲུབ་ཏུ་སོང་བའི་བརྩམས་སྒྲུང་དེ་ཡིན་ཞེས་བཤད་ཀྱང་ཆོག འདི་རུ་བརྗོད་པའི་གོ་བ་ལོག་སྒྲུབ་ནི་རྩོམ་པ་པོའི་དགོངས་གཞི་ལ་བལྟོས་ཏེ་བརྗོད་པའོ། །རྩོམ་རིག་གི་ཡིད་དབང་འཕྲོག་ཤུགས་ནི་གོ་བ་ལོག་པར་བླངས་པའི་སྟེང་ན་ཡོད། རྩོམ་པ་པོའི་དགོངས་གཞི་དང་ཀློག་པ་པོའི་ལྟ་ཀློག་གི་འདུན་པ་དང་ཡོངས་སུ་མཐུན་པའི་བརྩམས་སྒྲུང་དེ་བྲིན་ཁ་མགྱོགས་པའི་བརྩམས་སྒྲུང་ཞིག་ཡིན་སྲིད་པ་ལས་ཕུལ་དུ་བྱུང་བའི་བརྩམས་སྒྲུང་ཞིག་ཡིན་མི་སྲིད།
བརྩམས་སྒྲུང་རིང་གྲས་ཀྱི་དཀའ་ཚད་ཞེས་པ་ནི་སྒྱུ་རྩལ་སྟེང་གི་གསར་རྩོམ་རང་བཞིན་ལ་གོ་དགོས་ཤིང་གསར་པའི་རིགས་རྣམས་ནི་རྒྱུས་མེད་ཤ་སྟག་ཡིན་སྟབས་ཀློག་པ་པོས་ཡང་ནས་ཡང་དུ་བསམ་གཞིགས་ནན་མོ་བྱ་དགོས། དེའི་རྐྱེན་གྱིས་འབོལ་ཤིག་ཤིག་གི་བརྩམས་སྒྲུང་གཞན་དག་དང་བསྡུར་ན་གོ་བ་ལེན་པར་དཀའ་ཁག་ཡོད། དཀའ་ཁག་དེ་ཡང་སྒྲིག་གཞི་དང་སྐད་བརྡ། བསམ་བློ་སོགས་ཀྱི་སྟེང་དུ་ཡོད།
བརྩམས་སྒྲུང་རིང་གྲས་ཀྱི་སྒྲིག་གཞི་དེ་དྲང་ཐད་དུ་བཀོད་སྒྲིག་བྱས་ན་ཆོག དེ་ནི་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་མཁས་དབང་རྣམས་པའི་འབྲི་སྲོལ་ཞིག་རེད་ལ། སྟབས་བདེ་ཞིང་རྙོག་དྲ་ཉུང་བའི་འབྲི་ཐབས་ཤིག་ཀྱང་རེད། སྒྲིག་གཞི་ནི་རྣམ་པ་རྐྱང་བ་ཙམ་མ་ཡིན་པར་སྐབས་འགར་དེ་ནི་ནང་དོན་ནོ།   བརྩམས་སྒྲུང་རིང་གྲས་ཀྱི་སྒྲིག་གཞི་ནི་བརྩམས་སྒྲུང་རིང་གྲས་ཀྱི་སྒྱུ་རྩལ་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཅིང་དེ་ནི་རྩོམ་མཁན་གྱི་ཕུན་སུམ་ཚོགས་པའི་འཆར་སྒོའི་མཚོན་བྱེད་ཡིན། སྒྲིག་གཞི་ལེགས་པོ་བཀོད་སྒྲིག་བྱས་ཚེ་གཏམ་རྒྱུད་ཀྱི་སྙིང་དོན་འབུར་དུ་འདོན་ཐུབ་ལ་གཏམ་རྒྱུད་ཀྱི་སྙིང་དོན་ཆིག་རྐྱང་ལ་བསྒྱུར་བ་གཏོང་ཐུབ། སྒྲིག་གཞི་བཀོད་སྒྲིག་བྱས་པ་བཟང་ན་གཏམ་རྒྱུད་ལས་འགོངས་སྲིད་པར་མ་ཟད་གཏམ་རྒྱུད་ཇེ་བཟང་དུ་གཏོང་ཐུབ། ལོ་འགའི་སྔོན་དུ་ཁོ་བོསསྒྲིག་གཞི་ནི་ཆབ་སྲིད་དོཞེས་བརྗོད་མྱོང་། དེ་ཇི་ལྟར་ཡིན་ཚུལ་མཁྱེན་འདོད་ན་ཁོ་བོའི་བརྩམས་སྒྲུང་ཆང་གི་རྒྱལ་ཁམསདང་དག་ཞིང་གི་སྒོག་རྐང་བསྟོད་གླུསོགས་ལ་གཟིགས་པར་ཞུ། ཕུལ་དུ་བྱུང་བའི་རྩོམ་མཁན་རྣམས་ཀྱིས་བརྩམས་སྒྲུང་རིང་གྲས་དེ་ཙམ་བྲིས་ཀྱང་ང་ཚོས་མུ་མཐུད་བརྩམས་སྒྲུང་རིང་གྲས་འབྲི་ཐུབ་པ་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། ང་ཚོས་བརྩམས་སྒྲུང་རིང་གྲས་ཀྱི་སྒྲིག་གཞི་བཀོད་སྒྲིག་ཐད་རང་ལ་དབང་བའི་ཁྱད་ཆོས་རེ་ལྡན་པའི་རྐྱེན་གྱིས་སོ། །
  བརྩམས་སྒྲུང་རིང་གྲས་ཀྱི་སྐད་བརྡའི་དཀའ་ཚད་ཞེས་པ་ནི་བརྩམས་སྒྲུང་དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཡུལ་སྐད་སྤྱད་པར་གོ་དགོས། འོན་ཀྱང་། ཡུལ་སྐད་དེ་བཙོ་སྦྱངས་ཐོབ་ཟིན་པའི་སྐད་ཆ་ཡིན་དགོས་པ་ལས་ཆེད་དུ་ཡུལ་ལུང་བྱེ་བྲག་པའི་ཡུལ་སྐད་བསྲེས་ཏེ་ལྟ་ཀློག་ལ་དཀའ་ཁག་བཟོ་བ་མ་ཡིན། ཡུལ་སྐད་ནི་སྐད་བརྡའི་གཏེར་མཛོད་ཡིན་ཀྱང་མི་སྣའི་བར་གྱི་གཏམ་གླེང་ཁོ་ནར་ཡུལ་སྐད་སྤྱད་དེ་གསོན་ཉམས་ལྡན་པའི་མི་སྣའི་གཤིས་ཀ་འབྲི་བཞེངས་བྱེད་འདོད་པ་ནི་ནོར་འཁྲུལ་ཞིག་རེད། དོན་དངོས་ཐོག་འཕྱོར་འབྲིའི་སྐད་ཆར་ཡུལ་སྐད་སྤྱོད་ཐུབ་ན་དེ་ནི་སྐད་བརྡའི་ལེགས་སྐྱེས་ཤིག་རེད།
  བརྩམས་སྒྲུང་རིང་གྲས་ཀྱི་རིང་ཚད་དང་ཚགས་དམ་ཚད། དཀའ་ཚད་ཀྱིས་བརྩམས་སྒྲུང་རིང་གྲས་རང་ངོས་ཀྱི་བརྗིད་ཉམས་ལྡན་པའི་ངོས་ཤིག་བསྐྲུན་པ་ཡིན། བརྩམས་སྒྲུང་རིང་གྲས་ཀྱི་ནང་དུ་མགོ་བདེ་དྲན་འཕྲུལ་ཅན་ཡོད་མི་རིགས། དེ་ནི་ཟིལ་ཉམས་ལྡན་ཅིང་ཤོང་ཚད་ཆེ་བ་དང་། བཟང་ངན་མཉམ་འདྲེས་ཅན་གྱི་རྩོམ་ལུས་ཤིག་ཡིན། དེའི་ནང་དུ་སུན་སྣང་ཅན་དང་གྲུང་མདོག་ཅན་གནས་ས་མེད་ཅིང་།  གླགས་ཡུས་ཤོད་ས་དང་ངོ་དགའ་སྤྲེལ་ལད་ཤོད་ས་དེ་བས་ཀྱང་མེད།
  དེང་གི་དུས་རབས་སུ་ཀློག་མཁན་མང་པོས་དར་སོ་དང་གོ་བདེ་བར་དང་དོད་བྱེད་པ་ལས་བསམ་བློ་གཏོང་བར་མི་དགའ། མ་གཞི་དེ་ནི་མ་འགྲིག་པ་ཞིག་མ་རེད། ཕུལ་དུ་བྱུང་བའི་བརྩམས་སྒྲུང་རིང་གྲས་དག་གི་བྲོ་བ་རྟོགས་ཐབས་དཀའ། བྲོ་བ་རྟོགས་དཀའ་བ་དེ་ནི་ཁྱད་ཆོས་ཤིག་རེད། ཕུལ་དུ་བྱུང་བའི་བརྩམས་སྒྲུང་དེ་གཅེས་ཁྱི་ལྟར་ས་ལྡིང་གནམ་ལྡིང་བྱེད་མི་དགོས་ལ་ཁྱི་གུ་བདག་མེད་ལྟར་ཁྱུ་བསྒྲིགས་ཏེ་སྐད་ཅོར་སྒྲོག་དགོས་དོན་ཡང་མེད། དེ་ནི་ཆུ་སྲིན་ལྟར་ཕ་མཐའ་ཡས་པའི་རྒྱ་མཚོའི་ཀློང་དུ་ཁེར་རྐྱང་ངང་རྐྱལ་རྩལ་ངོམས་ཆོག་ལ། སྐད་གསེང་མཐོན་པོས་དབུགས་འབྱིན་རྔུབ་བྱས་ཆོག རྦ་རླབས་ཀྱི་རལ་བའི་ཁྲོད་ནས་འཁྲིག་སྦྱོར་བྱས་ཆོག་ལ་ཁྲག་ཆུ་ཤུགས་དྲག་གིས་སྐྱེད་ཆོག་པར་མ་ཟད། ཉ་ཆེན་གཞན་རྣམས་དང་བར་ཐག་བསྐྱེད་དེ་བསྡད་ཆོག
  བརྩམས་སྒྲུང་རིང་གྲས་ཀྱིས་དུང་བ་ཉེ་རིང་ཅན་གྱི་དུས་རབས་འདིའི་དགོས་མཁོར་དམིགས་ནས་རང་ལ་དབང་བའི་རྩིས་ཐང་འཆོར་དུ་འཇུག་མི་རུང་ཞིང་། ཀློག་པ་པོ་འགའ་རེའི་དགོས་མཁོར་གཞིགས་ནས་རིང་ཚད་ཇེ་ཐུང་དང་ཚགས་ཇེ་ལྷོད། དཀའ་ཚད་ཇེ་སླ་སོགས་སུ་གཏོང་མི་རུང་། བརྩམས་སྒྲུང་རིང་གྲས་འདི་ལྟར་རིང་དགོས། ཚགས་འདི་ལྟར་དམ་དགོས་ལ་ དཀའ་ཚད་འདི་ལྟར་དཀའ་དགོས། ལྟ་འདོད་པ་རྣམས་ཀྱིས་ལྟོས་ཤིག་བལྟ་མ་འདོད་པ་རྣམས་ཀྱིས་བསྐྱུར་ཞོག། ཀློག་པ་པོ་གཅིག་ལས་མེད་ཀྱང་ང་རང་འདི་ལྟར་འབྲི་རྒྱུ་ཡིན།
 
 

[①] མོ་ཡན། ཀྲུང་གོའི་གྲགས་ཅན་རྩོམ་པ་པོ། ༢༠༡༢ལོའི་ནོ་བེར་རྩོམ་རིག་བྱ་དགའ་ཐོབ་མཁན། བརྩམས་ཆོས་ལཁྲེ་རྒོད་དམར་པོའི་ཁྱིམ་རྒྱུདདང་སྦ》《སི་ལིང་གི་བུ་མོ》《ཕྱི་གསལ་ནང་གསལ་གྱི་ལ་ཕུག་སེར་པོ》《ཆང་གི་རྒྱལ་ཁམས》《དག་ཞིང་གི་སྒོག་རྐང་བསྟོད་གླུསོགས་ཡོད།

·རྩོམ་ཡིག་གོང་མ:ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་གིས་སྤྲུལ་སྐུའི་སྐོར་གསུང་པ།
·རྩོམ་ཡིག་འོག་མ:འཇམ་དབྱངས་སྐྱིད་ཀྱི་དྲིས་ལན་སོ་ལྔ་མ།༡
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 10:50:47 [来自: 112.5.236.197]

 评论者:4YmF7xGG
http://www.2345daohang.com/mail.htm
http://www.505dh.com/mail.htm
http://www.3721.cc/youxiang/
http://www.365dhw.com/dianzi-youxiang.html
http://www.726c.com/html/mail.htm
发表时间:2015/12/6 1:52:52 [来自: 111.144.227.221]

 评论者:9GtKf0Qd
http://www.1313.cc/nav.htm
http://www.200.net/html/mail/index.htm
http://www.gs180.com/s/youxiang.html
http://www.tz911.com/wz/youxiang.htm
http://www.6296.com.cn/s/res.html
发表时间:2015/12/3 15:01:20 [来自: 111.144.226.138]

འབྲེལ་ཡོད་དཔྱད་བརྗོད 53 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS