ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

རྩོམ་རིག་སྤྱི་ལ་ལྟ་ཚུལ།

  རྩོམ་པ་པོ:བེ་རི་འཇིགས་མེད།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:7178ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/1/21 22:21:10ཚོགས་ཡར་སྤྲོད:admin
རྩོམ་རིག་སྤྱི་ལ་ལྟ་ཚུལ།
 
ཚན་བཤུས།
 
      བེ་རི་འཇིགས་མེད། 
 
   རྩོམ་རིག་ནི་ཟླུམ་པོའི་གཟུགས་སུ་འཁྱིལ་བའི་འཇིག་རྟེན་གྱི་གོ་ལ་འདིའི་སྟེང་ན་བགྲངས་ན་མི་ཚར་ལ། བསམ་ན་མི་འཛད་པའི་ཤེས་བྱའི་གྲངས་ཀ་ཧ་ཅང་མང་པོ་ཡོད་པའི་ནང་ནས། མཁས་པ་དང་བསམ་བློ་བ། དཔྱོད་ལྡན་དང་སྒྱུ་རྩལ་བ་ཁོ་ནས་ལག་པ་འཆང་ས་དང་རྐང་པ་བརྫི་སའི་རྣམ་གྲངས་གལ་ཆེ་ཤོས་དེ་ཡིན་ལ། མ་བསླབས་ཀུན་མཁྱེན་དང་། རྨོངས་རྒན་འབྱོར་ལྡན། རུལ་སུང་དཔོན་ངན་ཁོ་ནས་སྡང་ཟུག་དང་འཆིལ་ཞགས་འཕེན་ས་དེ་ཡིན་ཟེར་ནའང་མི་འགྲིགས་པ་མེད། མཁས་བླུན་གྱི་ས་མཚམས་འབྱེད་པའི་སྐྱ་ཐིག་དང་། དབུལ་ཕྱུག་གི་ཆུ་མཚམས་འབྱེད་པའི་ཟམ་ཐིག་འཐེན་སའི་རྩོམ་རིག་ལ་ཆ་ཆེ་ས་དང་འཛར་རིང་ས་ནས་བཤད་ན། ཤོག་ཐོག་བྲིས་པའི་ཡི་གེ་ཡོད་ཚད་དང་། དེབ་ཁང་ནང་རྒྱངས་པའི་དཔེ་དེབ་ཡོད་ཚད་རྩོམ་རིག་ཡིན་ལ། དེ་ཚོའི་མིང་ཚིག་དབྱངས་གསལ་རེ་རེ་བཞིན་སོར་རྩེ་གསུམ་གྱི་སྒུལ་སྐྱོད་འོག་ནས་ཤོག་ཐོག་ཏུ་འབེབས་མཁན་ཡོངས་རྫོགས་རྩོམ་པ་པོ་ཡིན། ཆ་ཆུང་ས་དང་འཛར་ཐུང་ས་ནས་བཤད་ན། སྒྱུ་རྩལ་གྱི་རང་བཞིན་ལྡན་ཞིང་ཉམས་འགྱུར་གྱི་གསོན་ཤུགས་འཕར་པའི་སྙན་ཚིག་དང་སྒྲུང་རྩོམ། རྟོགས་བརྗོད་དང་འཁྲབ་གཞུང་ལ་སྤྱིར་མིང་སྒེར་གཟུང་གིས་འདོགས་ཤིང་། དེ་ཡང་ཕྱི་གླིང་པའི་གནའ་བོའི་སྒྱུ་རྩལ་བ་དང་སྙན་ངག་པ་ཚོས། སྙན་ངག་ནི་ཚོར་བའི་སྣང་བརྙན་དུ་འདོད་དེ། ཤར་ཕྱོགས་པའི་རྩོམ་པ་པོ་ཚོས་སྙན་ངག་ནི་རྟོག་པའི་འོག་འགྱུ་ལས་བྱུང་བའི་འཆར་སྣང་དུ་གླེང་སྟེ། དོན་དངོས་ཐོག་ཤར་ནུབ་ཀྱི་གཙང་པོ་ཡོངས་རྫོགས་རྒྱ་མཚོའི་ཁོག་པར་གཅིག་ཏུ་འཁྱིལ་བ་བཞིན། སྐྲ་ནག་ནག་དང་སྣ་ལེབ་ལེབ་ཀྱི་ཤར་གླིང་པའི་སྙན་ངག་པ་དང་། མིག་སྔོ་སྔོ་དང་སྣ་འབིག་འབིག་གི་ནུབ་ཕྱོགས་པའི་རྩོམ་པ་པོ་ཚོའི་བསམ་བློ་གཉིས་ཀ་འབབ་ས་མཐའ་ཐུག་དེ། སྙན་ངག་ནི་རྟོག་པའི་གཟུགས་བརྙན་ངག་ཐོག་ནས་འཕྱུར་བ་དང་ཡིག་ཐོག་ཏུ་འཕོས་པ་དེ་རང་ཡིན། གནས་ལུགས་ལ་རྨོངས་ཤིང་ཨ་གསར་ལ་དགའ་བའི་རང་རིག་རྐྱལ་སྟོང་ན་མ་སོན་པ་འགའ་རེས། མཆུ་འཇོང་འཇོང་དང་མཛུབ་མོ་བཀན་བཀན་བྱས་ནས་སྙན་ངག་ལ་མཚན་ཉིད་མེད། རྩོམ་རིག་ལ་ངོས་འཛིན་མེད་ཅེས། བོད་སྔ་མའི་དབུ་མ་དང་། ཚ་འཁྲུལ་ཐེབས་མའི་མིས་རྨི་ལམ་བཞིན། སེམ་ནས་གང་དྲན་དང་ཁ་ནས་ཅི་ཐོན་ཐོན་ལབ་ནས་ཁོར་ཡུག་ཆུང་ཆུང་ཞིག་གི་ལྷིང་འཇགས་དཀྲོགས་པར་བྱེད།
   འཇིག་རྟེན་ཤར་ནུབ་ཀྱི་སྙན་ངག་པ་ཚོའི་རྟོག་པ་འོག་འགྱུའི་ཚོར་རླབས་ནི་རླུང་རླབས་ཀྱི་བསྐུལ་བའི་རྒྱ་མཚོ་དང་། མཚོ་རླབས་དང་བདང་པའི་མེ་རི་བཞིན། ཧ་ཅང་གཡོ་ཞིང་ཤིན་ཏུ་འབར་བའི་སྒུལ་ཤུགས་ཀྱིས། འཁྲུག་ཆ་དོད་ལ་འགྱུར་འགྲོས་མྱུར་བའི་སྙན་ངག་གི་འཕེལ་ཁ་ནི་ཉི་ཟླའི་འགྲོས་ལྟར་མགྱོགས་ཤིང་། དབྱར་ཁའི་མཚོ་ལྟར་འཕྱོ་བའི་ཁྲོད་ནས། རང་རེ་གངས་ཅན་པའི་མེས་པོའི་ཤུལ་བཞག་དང་བུ་ཚའི་གསར་འཇོག་གི་སྙན་ངག་ཀྱང་། འཛམ་གླིང་ཤར་ནུབ་ཀྱི་མཁས་པ་ཚོའི་ཁྲོད་ན་ཐོ་རངས་སྐར་ཆེན་གཅིག་གི་གོ་ས་ཟིན་པའི་ཚོད་དུ་སླེབས་པའང་སྤོབས་པ་ཆེན་པོའི་སྒོ་ནས་བཤད་ཐུབ་ངེས་ཡིན།
·རྩོམ་ཡིག་གོང་མ:རྩོམ་ཡིག་གི་ཕན་འབྲས།
·རྩོམ་ཡིག་འོག་མ:གླིང་གི་དཔའ་བརྟུལ་སུམ་ཅུའི་མཚན་གྱི་རྣམ་གྲངས།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 15:58:27 [来自: 112.5.236.197]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 6:18:17 [来自: 111.144.227.221]

 评论者:7SijLE0v
http://www.3145.com/list/18youxiang.htm
http://www.3456.cc/Dianzi_Youxiang/index.html
http://www.3456.cm/mail.htm
http://www.6296.com.cn/s/res.html
http://www.3721.cc/youxiang/
发表时间:2015/12/2 14:52:14 [来自: 111.144.226.138]

འབྲེལ་ཡོད་དཔྱད་བརྗོད 34 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS