ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བསྟོད་གསོལ།
རྩོམ་ཡིག་ཀློག་པ།

ཞབས་བརྟན་གསོལ་འདེབས་བཞེད་དོན་ལྷུན་འགྲུབ་བཞུགས།

རྩོམ་པ་པོ:བླ་མ་ཡོང་ཁུངས:དྲ་ཐོགགཟིགས་གྲངས:3185ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/11/7 17:00:52ཚོགས་ཡར་སྤྲོད:admin

༧ཞབས་བརྟན་གསོལ་འདེབས་བཞེད་དོན་ལྷུན་འགྲུབ་བཞུགས།

༅། །ཨོཾ་སྭ་སྟི། དཔལ་ལྡན་སྟོབས་བཅུའི་དཔལ་མངའ་ཤཱཀྱའི་རྒྱལ། །ཚེ་དང་ཡེ་ཤེས་དཔག་མེད་མགོན་པོ་སོགས། །སྐྱབས་ཡུལ་རབ་འབྱམས་རྒྱལ་བའི་ཚོགས་རྣམས་ཀྱིས། །དེང་འདིར་དགེ་ལེགས་རྒྱ་མཚོའི་ཆར་ཆེན་ཕོབས། །ཇི་སྙེད་མོས་ཁམས་རྒྱ་མཚོའི་རྗེས་སོང་བའི། །སྒྱུ་འཕྲུལ་བཀོད་པ་མ་འགགས་མཐའ་ཀླས་པས། །བྱེ་བ་ཕྲག་བརྒྱའི་ཞིང་རྣམས་ལེགས་སྐྱོང་བ། །དཔལ་ལྡན་ཐུབ་པ་རྣམས་ཀྱི་ཁྱད་ཆོས་ཉིད། །བསིལ་རིའི་ཕྲེང་མཛེས་བྷོ་ཊའི་རྒྱལ་ཁམས་སུ། །མཁས་དང་གྲུབ་པའི་དཔལ་ཡོན་ཡོངས་རྫོགས་པའི། །དམ་པའི་འཁྲུངས་རབས་ཚར་དུ་དངར་བ་ཡིས། །བསྟན་ལ་སྟོན་པའི་རྣམ་ཐར་རྨད་དུ་བྱུང། །བློ་བཟང་ཆོས་ཀྱི་རྒྱལ་མཚན་སྒྲེང་བའི་མགོན། །རིམ་བྱོན་ཀུན་གཟིགས་མཚན་གྱི་སྙན་པ་ཅན། །སྐྱེས་མཆོག་ཨུ་དུམ་ཝ་རའི་ཕྲེང་བ་ཡིས། །ལུང་རྟོགས་ཐུབ་བསྟན་བ་གམ་མངོན་པར་མཛེས། །ཉི་མའི་གཉེན་གྱི་མདོ་སྔགས་བསྟན་པའི་སྲོལ། །འཛིན་མཁས་དགེ་འདུན་འདུས་པའི་གཙུག་གི་རྒྱན། །ཡེ་ཤེས་སྒྲིབ་བྲལ་འཕྲིན་ལས་ཕུན་སུམ་ཚོགས། །སྐྱེ་རྒུའི་འདྲེན་པ་མཆོག་ལ་གསོལ་བ་འདེབས། །རྒྱ་ཆེན་བསྟན་འགྲོའི་ནོར་འཛིན་སྐྱོང་བ་ལ། །ཟླ་མེད་མཁྱེན་བརྩེའི་ནུས་པའི་དཔལ་ཡོན་རྫོགས། །དོན་དམ་དགེ་ལ་རབ་འདུན་སྐལ་ལྡན་ཚོགས། །སྨིན་མཛད་འགྲོ་བའི་མགོན་པོར་བརྟན་བཞུགས་གསོལ། །ཐོས་བསམ་སྒོམ་པའི་དཀྱིལ་འཁོར་རབ་ཏུ་རྒྱས། །མཁྱེན་རབ་ཡེ་ཤེས་སྣང་བ་ལྷམ་མེར་གསལ། །ཁམས་གསུམ་མ་རིག་མུན་སེལ་འཕྲིན་ལས་ཅན། །བསྟན་འགྲོའི་ཉི་མ་ཆེན་པོར་ཞབས་བརྟན་ཤོག །སྤངས་རྟོགས་ཕུན་ཚོགས་ནོར་བུའི་མཛོད་བརྙེས་ཤིང། །དཔལ་ལྡན་སྡེ་བཞིའི་འབྱོར་བ་བཟང་པོ་ཡིས། །གངས་ཅན་འགྲོ་ལ་རྫོགས་ལྡན་གསར་པའི་དཔྱིད། །འདྲེན་པའི་བྱེད་པོ་མཆོག་ཏུ་ཞབས་བརྟན་ཤོག །ཐུབ་བསྟན་སྤྱི་དང་འཇམ་མགོན་ཙོང་ཁ་པའི། །རིང་ལུགས་དྲི་མེད་སྲིད་མཐར་ལེགས་སྐྱོང་སླད། །རྨད་བྱུང་མཁས་བཙུན་བཟང་པོའི་ཡོན་ཏན་ཀུན། །ལྷུན་རྫོགས་འགྲོ་བའི་བླ་མ་ཞབས་བརྟན་གསོལ། །གང་ལ་རྩེ་གཅིག་དད་གུས་ཟབ་མོ་ཡིས། །བསྙེན་ཅིང་གསོལ་བ་འདེབས་པའི་གུས་སློབ་སོགས། །མཐའ་ཡས་ཡིད་ཅན་ཆོས་མཐུན་བསམ་དོན་ཀུན། །འབད་མེད་འགྲུབ་པའི་དགེ་མཚན་ཡུན་གནས་ཤོག །མདོར་ན་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བཅུད། །གང་གི་གསང་གསུམ་ཟུངས་སུ་ལེགས་སྨིན་ཏེ། །མཐའ་དག་འགྲོ་འདི་འཕྲལ་དང་གཏན་བདེའི་སར། །འགོད་པའི་བཞེད་དོན་ལྷུན་གྱིས་འགྲུབ་གྱུར་ཅིག །མཆོག་གསུམ་བྱིན་དང་རྟེན་འབྱུང་ཆོས་ཉིད་སྟོབས། །སྲིད་གསུམ་བདག་མོ་བེག་ཙེ་ལྕམ་དྲལ་སོགས། །དམ་ལྡན་བསྟན་སྲུང་ཚོགས་ཀྱི་ཕྲིན་ལས་མཐུས། །སྨོན་པའི་གནས་ཀུན་གེགས་མེད་འགྲུབ་གྱུར་ཅིག། །།
ཕན་བདེའི་རྩ་ལག་ྋཔཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པའི་མཆོག་སྤྲུལ་ཡང་སྲིད། ྋབསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའི་གསང་གསུམ་མཚན་དཔེའི་གཟུགས་སྐུ་མི་འགྱུར་རྡོ་རྗེའི་ཆོས་སུ་བརྟན་ཅིང་། མཛད་འཕྲིན་བསྟན་འགྲོའི་གསོས་སུ་ཡར་ཟླའི་དཔལ་ལ་འགྲན་པའི་ྋཞབས་བརྟན་གསོལ་འདེབས་བཞེད་དོན་ལྷུན་འགྲུབ་ཅེས་པ་འདི་བཞིན། ཤཱཀྱའི་དགེ་སྦྱོང་པད་དཀར་འཛིན་པ་རྒྱ་མཚོས། རྒྱ་གར་འཕགས་པའི་ཡུལ་ནས་ལྷག་བསམ་དད་འདུན་ཆེན་པོས་སྤེལ་བ་ཀུན་ཏུ་དགེ་བར་གྱུར་ཅིག

·རྩོམ་ཡིག་གོང་མ:རྩེ་གཞུང་རྩྭ་ཐང་གི་འགྱུར་འགྲོས།
·རྩོམ་ཡིག་འོག་མ:རག་ར་རིན་པོ་ཆེའི་རང་རྣམ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ས་སྐྱ་༧གོང་མ་ཕུན་ཚོགས་ཕོ་བྲང་ལ་ཞབས་བརྟནདུ་གསོལ་བ། 2013/1/12 22:22:24
·འོད་དཀར་ཞི་བདེའི་སྣང་བ་རྟག་ཁྱབ་ཤོག ། 2012/3/26 16:08:34
·མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་ཞབས་བརྟན་གསོལ་འདེབས། 2012/3/18 19:33:25
·སྐྱབས་རྗེ་སངྒྷ་རཀྵ་ཏའི་ཞབས་བརྟན་གསོལ་འདེབས་ 2012/3/11 18:59:42
·ཨ་ལཊ་གཟན་དཀར་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས། 2012/3/6 11:44:46
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:18:09 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:37:01 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 2:52:32 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 61 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS