ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> གླུ་གཞས།
རྩོམ་ཡིག་ཀློག་པ།

གནམ་འོག་ཁྱིམ་ཚང་གཅིག་ཡིན།

རྩོམ་པ་པོ:སྒོ་ཡོན་གྱིས་ཡོང་ཁུངས:མཚོ་སྔོན་པོ་གཟིགས་གྲངས:8827ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/10/23 18:22:51ཚོགས་ཡར་སྤྲོད:admin
གནམ་འོག་ཁྱིམ་ཚང་གཅིག་ཡིན།

ཚིག་དབྱངས་མཛད་པ་པོ། ཇེ་ཁུ་སོན་དང་རིས་ཆུ།
སྒོ་ཡོན་གྱིས་བོད་ཡིག་ཏུ་རྩོམ་བསྒྱུར་བྱས།

ཡུད་ཙམ་གྱི་སྣང་བའི་ཁྲོད།
སུ་ཞིག་གི་འབོད་པས་སྐུལ་བྱུང་།
གནམ་འོག་གི་མི་དམངས་ཚོས་མཐུན་པ་ལྷན་ཏུ་བསྐྱེད་དེ།
འཆི་བའི་དྲུང་ལ་མ་བསླེབ་པར།
གཞན་ཕན་གྱི་ལག་པ་ཡངས་པོར་སྐྱོང་བ་ཅི་འདྲའི་མཁོ།
ཚེ་སྲོག   ཐུན་མོང་ལ་ཐོབ་པའི་བླ་མེད་ཀྱི་ལེགས་སྐྱེས།

འཁྲུལ་སྣང་ལ་མ་གོམས་ཤིག
ཉིན་མཚན་རེ་རེ་སྟོང་བསམ་གྱིས་འདའ་དོན་མེད།
ག་རེ་གདམས་ཀྱང་།  སུ་ལ་འོད་སྣང་རྣམ་པར་བཀྲ།

དཀོན་མཆོག་གིས་མཛད་པའི་འཇིག་རྟེན་ཁམས་སུ།
ཁྱོད་དང་ང་ཉིད།
དོན་ངོ་མར།   ང་ཚོ་སུས་ཀྱང་རྟོགས་ངེས་ཏེ།
བརྩེ་བ་ཁོ་ན་ནོམ་པ་མཐའ་དག་གི་ཡང་རྩེར་སོན།

ཕྱོགས་བཞིར་འཚོ་བའི་སྤུན་ཟླ་ཚོ།
གནམ་འོག་ཁྱིམ་ཚང་གཅིག་ཡིན།
མི་རེ་རེའི་འཚོ་བ་སྔར་བས་ཡི་གར་འོང་།
དུས་ད་ལྟ་ཡར་ལ་འགྲེང་སྟེ། འགྲོ་བ་མིའི་བླ་སྲོག་བརྩི་སྲུང་བྱ།
དེ་ནི་རང་ཉིད་གཅིག་པུའི་སྟོབས་ཤུགས་ལ་བསྔོ།
མ་འོངས་པའི་མཚར་སྡུག་གི་གཟི་མདངས་ཀྱང་།  ཁྱོད་དང་ང་ཡི་དེ་རིང་ལ་བལྟ།

ཁྱོད་ཀྱི་བརྩེ་དགའི་མཆོད་པ་ཡིས།
མི་རྣམས་ཀྱི་དྲན་ཚོར་ལ་བྱིལ་བྱིལ་གཏོང་།
ཚེ་སྲོག་ཐམས་ཅད་ལ་དཔའ་སྤོབས་དང་རང་དབང་ལྷག་ཏུ་རྒྱས།
དཀོན་མཆོག་གི་བྱིན་རླབས་དང་འགྲོགས་ནས།
ཡོད་ཚད་ལ་འགྱུར་བ་གཏོང་སྟེ།  མཐའ་ན་མི་ནུབ་པའི་རྡོ་བར་ཡང་།
ང་ཚོ་ཐུན་མོང་གིས་གཞན་ཕན་གྱི་ལག་པ་ཅིས་ཀྱང་རྣམ་པར་སྐྱོང་།
ཕྱོགས་བཞིར་འཚོ་བའི་སྤུན་ཟླ་ཚོ།
གནམ་འོག་ཁྱིམ་ཚང་གཅིག་ཡིན།
མི་རེ་རེའི་འཚོ་བ་སྔར་བས་ཡི་གར་འོང་།
དུས་ད་ལྟ་རང་ཡར་ལ་འགྲེང་།

འདི་ནི་ང་ཚོའི་མི་འཇིགས་པའི་གདམ་ཀ་ཡིན།
ང་ཚོས་རང་ཉིད་ལ་གཅེས་སྲུང་བྱ་ཕྱིར།
ནུས་པ་ཀུན་ཀྱང་རང་སྟེང་ནས་ཕྱུང་སྟེ།
གནམ་ས་གསར་བ་ཞིག་འཛུགས་བསྐྲུན་གྱི་དབུ་སློང་།

དང་ཐོག་ཁྱོད་རང་ཉམ་ཐག་འཁོས་ཞན་གྱི་དུས་སུ།
རེ་བའི་སྣང་བ་ཕྲ་མོ་ཡང་ཟིམ་ལ་ཉེ་མོད།
ཡིད་ཆེས་ཟབ་མོ་སྲ་བརྟན་ངང་གནས་ཚེ།
ནམ་ཡང་གཡང་སར་འགྲིལ་མི་སྲིད།

ཀྱེ།   ང་ཚོས་ད་གཟོད་ཡོངས་སུ་རྟོགས་སོང་།
གནམ་འོག་གཅིག་ཏུ་མཐུན་ན།
འཚོ་བ་བཟང་བོའི་ཉིན་ཞག་ཁད་ཀྱིས་འཆར་ཡོང་།

ཕྱོགས་བཞིར་འཚོ་བའི་སྤུན་ཟླ་ཚོ།
གནམ་འོག་ཁྱིམ་ཚང་གཅིག་ཡིན།
མི་རེ་རེའི་འཚོ་བ་སྔར་བས་ཡི་གར་འོང་།
དུས་ད་ལྟ་རང་ཡར་ལ་འགྲེང་།  །

སྒྱུར་མཁན་གྱི་གཏམ།

«གནམ་འོག་ཁྱིམ་ཚང་གཅིག་ཡིན»(We are the wold)天下一家ཞེས་པའི་གཞས་ཚིག་འདིའི་བརྗོད་དོན་གཙོ་བོ་ནི༡༩༨༤ལོའི་ཧྥེ་གླིང་མི་དམངས་ཀྱི་འཚོ་བའི་དཀའ་ངལ་དང་ཉམ་ཐག་པའི་སྣང་ཚུལ་གྱིས་བསྐྱེད་པ་ལས་ས་བོན་འབུས་ཤིང་།  རིམ་བཞིན་ཨ་རིའི་གཞས་མཁན་གྲགས་ཅན་ཇེ་ཁུ་སོན(Michael Jackson,1958.8.29-2009.6.25)དང་རིས་ཆེ(Lionel Richie, 1949.6.20-)གཉིས་མཉམ་འབྲེལ་གྱིས་ཚིག་དབྱངས་བརྩམས་པ་ཞིག་རེད།
དེ་ཡང་གཞས་མཁན་གཉིས་ཀྱིས་སོ་སོས་ཉིན་ཞག་བཞིའི་དུས་ཚོད་བཀོལ་ནས་དབྱངས་བརྩམས་ཤིང་།  དེ་ནས་མཚན་མོ་ཞིག་ལ་དབྱངས་ཡོངས་སུ་འགྲུབ་རྗེས།  ཡང་དུས་ཚོད་གཉིས་དང་ཕྱེད་ཀྱི་ཡུན་ལ་ཚིག་བརྩམས་ཏེ།  ཐོག་མར་གཞས་རྐྱང་གི་ངོ་བོའི་ཐོག་ནས་ཁྱབ་སྤེལ་བཏང་བ་རེད།
༡༩༨༥ལོའི་ཟླ༡པའི་ཚེས༢༨ཉིན་ཚིག་དབྱངས་མཛད་པ་པོ་གཉིས་གཙོར་བྱས་པའི་སྐད་གྲགས་ཅན་གྱི་གཞས་པ་གཞས་མ་ཞེ་ལྔས་མཉམ་ལེན་བགྱིས་ཏེ། འཛམ་གླིང་སྟེང་གི་འཕྲིན་ལམ་སོ་སོར་དུས་གཅིག་ཏུ་ཐད་གཏོང་དང་བརྒྱུད་གཏོང་བཟོས་པས།  འཛམ་གླིང་སྟེང་གི་མི་མང་པོའི་ཡིད་དབང་ཕྱོགས་སུ་དྲངས།  ད་དུང་ཞིབ་འཇུག་པ་སྐོར་ཞིག་གི་དཔྱད་བརྗོད་ལྟར་ན། བརྩམས་ཆོས་འདིས་སྒྱུ་རྩལ་བ་ཆེན་མོ་ཇེ་ཁུ་སོན་ལགས་རྒྱལ་སྤྱིའི་སྐར་ཆེན་དུ་གྱུར་པའི་གྲོགས་ལའང་ནུས་པ་ཤུགས་ཆེན་ཐོན་སྐད་འདུག
དེ་བས།  གཞས་ཚིག་འདི་ཉིད་དུས་རབས་ཉི་ཤུ་བའི་མིའི་རིགས་ཀྱི་སྒྱུ་རྩལ་སྡིངས་ཆའི་སྟེང་གི་ཤུགས་རྐྱེན་རབ་ཏུ་ཆེ་བའི་བརྩམས་ཆོས་ཤིག་ཡིན་པ་མ་ཟད།  ད་ལྟའི་བར་གཞས་རྒྱུད་ཟམ་མ་ཆད་པར་རྒྱལ་ཁབ་སོ་སོའི་ནང་རང་རང་གི་སྐད་ཀྱིས་བླངས་པའི་གཞས་མཁན་ཚོའི་ཁ་བཏོན་ལྟ་བུར་ཡང་གྱུར་ཡོད།  །

2013.10.22ཉིན་གྱི་ཕྱི་དྲོར་བསྒྱུར།
གླུ་གཞས་འདི་ནས་གསན།

དབྱིན་རྒྱའི་གཞས་ཚིག་ཟུར་བཀོད།

We're The World 天下一家

There comes a time when we hear a certain call 我们听到了一声召唤,
When the world must 1)come together as one 全世界必须团结在一起!
There are people dying 不断有人死去,
And its time to 2)lend a hand to life 是时候向这些生命伸出援助之手,
The greatest gift of all 生命是世界上最珍贵的。

We can't go on pretending day by day 我们不能日复一日地幻想,
That someone, somewhere will soon 3)make a change 总有别人会一瞬间让世界改变。
We are all a part of God's great big family 我们都是上帝大家庭的一员,
And the truth, you know, 我们都知道,
Love is all we need 我们需要的就是爱。

We are the world, 4)we are the children 天下一家,我们都是上帝的孩子。
We are the ones who make a brighter day 我们要创造光辉灿烂的明天,
So let's start giving 所以现在我们就要付出。
There's a choice we're making 这是我们的选择,
We're saving our own lives 我们在自我拯救。
It's true we'll make a better day 要创造一个更美好的世界,
Just you and me 要靠你和我。

Send them your heart 用心帮助他们,
So they'll know that someone cares 他们会知道还有人关心,
And their lives will be stronger and free 他们的生命会更坚强,更自由。
As God has shown us by 5)turning stones to bread 上帝把石头变成面包来给我们启示,
So we all must lend a helping hand 所以我们必须伸出援助之手。

We are the world, we are the children 天下一家,我们都是上帝的孩子。
We are the ones who make a brighter day 我们要创造光辉灿烂的明天,
So let's start giving 所以现在我们就要付出。
There's a choice we're making 这是我们的选择,
We're saving our own lives 我们在自我拯救。
It's true we'll make a better day 要创造一个更美好的世界,
Just you and me 要靠你和我。

When you're 6)down and out, 当你沮丧绝望,
There seems no hope at all 就看不到任何希望。
But if you just believe 但是如果你坚定信念,
There's no way we can fall 我们就不会失败。
Let us realize that a change can only come 要知道只要团结在一起,
When we stand together as one 世界才能改变。

We are the world, we are the children 天下一家,我们都是上帝的孩子。
We are the ones who make a brighter day 我们要创造光辉灿烂的明天,
So let's start giving 所以现在我们就要付出。
There's a choice we're making 这是我们的选择,
We're saving our own lives 我们在自我拯救。
It's true we'll make a better day 要创造一个更美好的世界,
Just you and me 要靠你和我。
演唱者
·རྩོམ་ཡིག་གོང་མ:ཚངས་མགུར་ལྷན་ཐབས།
·རྩོམ་ཡིག་འོག་མ:སྟོན་མཇུག་གི་སྨྱུག་རིས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·མིག་སྔའི་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་གནད་འགའ། ། 2014/11/23 9:44:18
·ཧི་མ་ལ་ཡའི་སྲས་མོ། གཡང་ཕྱུག་མཚོ། 2013/2/22 20:24:49
·དེང་རབས་བོད་ཀྱི་གླུ་གཞས་ཐད་མྱོང་བ་འགའ་བརྗོད་པ། 2012/1/18 10:11:20
·ཨ་ཅག་གི་གླུ་གཞས། གཞོན་པའི་སེམས་པ། 2011/3/30 15:10:19
·གླུ་གཞས། ལྷན་འཛོམས། 2011/3/28 20:09:48
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 19:09:34 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 0:23:16 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 12:29:56 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 47 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS