ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> དམངས་རྩོམ།
རྩོམ་ཡིག་ཀློག་པ།

རི་བོང་དང་གྲོག་མ།

རྩོམ་པ་པོ:སོག་མདའ།ཡོང་ཁུངས:ངེད་གཟིགས་གྲངས:8109ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/4/15 22:21:30ཚོགས་ཡར་སྤྲོད:admin
བྱིས་སྒྲུང་།  རི་བོང་དང་གྲོག་མ།

སོག་མདའ།

ཉིན་ཞིག་ལ་རི་བོང་བློ་ལྡན་མཆོངས་ལྡིང་བྱེད་བཞིན་ས་འབུར་ཞིག་གི་སྒང་ན་བསྡད་ཡོད་པའི་སྐབས་སུ། གང་ནས་ཐོན་པ་མ་ཤེས་པར་གྲོག་མ་ཞིག་ཡོང་ནས། ཨ་ཁུ་རི་བོང་ཁྱེད་རང་གིས་འདི་རུ་ཅི་ཞིག་བྱེད་ཀྱི་ཡོད་དམ་ཞེས་དྲིས་པས། རི་བོང་གིས་བཤད་རྒྱུར། ང་ཕ་གིའི་ནགས་ཚལ་ནང་དུ་རི་དྭགས་རྒྱལ་པོ་སེང་གེ་མཇལ་དུ་འགྲོ་བ་ཡིན་ཞེས་བཤད་པས། གྲོག་མ་ཡ་མཚར་བའི་ངང་ནས་འོ་ཨ་ཁུ་རི་བོང་ཨོ་ན། རི་དྭགས་རྒྱལ་པོ་སེང་གེ་ཞེས་པ་གང་འདྲ་ཞིག་ཡོད་རེད་ཅེས་དྲིས། རི་བོང་གིས་བཤད་རྒྱུར། ཨོ་ན་ཁྱེད་ཀྱིས་ང་ལ་ལྟོས་དང་། རྒྱལ་པོ་སེང་གེ་གང་འདྲ་ཡིན་མིན་ངའི་ཁྱེད་ལ་བསྟན་ཆོག་ཞེས་བཤད། དེ་ནས་གྲོག་མས་བལྟས་བསྡད་པས། རི་བོང་ཕྱོགས་ཡར་མར་ལ་རྒྱུགས་ནས་ཤ་མོ་སེར་བོ་ཞིག་འཐུས། དེ་ནས་མཛོ་མོ་ནུ་ཤིང་འགའ་བཏོག་ཡོང་ནས། ད་ཁྱེད་ཀྱིས་ང་ལ་ལྟོས་དང་ངའི་ཁྱེད་ལ་རི་དྭགས་རྒྱལ་པོ་སེང་གེ་གང་འདྲ་ཡོད་མེད་སྟོན་ཞེས་བཤད་པས། གྲོག་མས་མིག་རིག་རིག་བལྟས་བསྡད། རི་བོང་གིས་སེང་གེ་རྒྱལ་པོ་གཡུ་རལ་གྱི་ཚབ་ཏུ་ཤྭ་མོ་སེར་བོ་དེ་མགོ་ལ་གོན། མཆེ་བ་ཡི་ཚབ་ཏུ་ཤ་མོ་ཡུ་བ་དཀར་པོ་དེ་ཁ་ནང་་གཡས་གཡོན་ལ་བཙུགས། སྡེར་མོ་རིང་པོ་བཟོ་བྱེད་དུ་མཛོ་མོ་ནུ་ཤིང་ཁ་ཤས་མཛུབ་བར་ལ་བཟུང་ནས། མཆེ་སྡེར་བགྲད་ཅིང་རྐན་སྒྲ་སྒྲོག་པས་གྲོག་མ་སྐྲག་ཐག་ཆོད་ནས་དབུགས་ཀྱང་གཏོང་ལེན་མི་ཐུབ་པའི་ངང་བྲོས་བས། རི་བོང་གིས་ཧ་ཧ་ཧ་ཧ་ཟེར་བཞིན་གྲོག་མའི་རྗེས་སུ་བལྟས་ནས། ད་ངས་ཁྱེད་ལ་སེང་གེ་རྒྱལ་པོ་བསྟན་སོང་ང་ཞེས་བཤད་ནས་སླར་ཡང་ཧ་ཧ་ཧ་ཧ་ཧ་ཞེས་དགོད་བཞིན་རང་ཡུལ་ཏུ་ལོག།
༢༠༡༣་༤་༡༡་ཉིན་རང་ཤག་ནས་བྲིས་ཚར།།
·རྩོམ་ཡིག་གོང་མ:ཚིག་བདུན་གསོལ་འདེབས་སོགས་ཉེར་མཁོ་འགའ།
·རྩོམ་ཡིག་འོག་མ:མཛའ་གླུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 15:56:46 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:22:39 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 6:41:59 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS