ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> དམངས་གཞས་དམངས་གླུ།
རྩོམ་ཡིག་ཀློག་པ།

ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༤

རྩོམ་པ་པོ:དམངས་ཡོང་ཁུངས:ཨེ་མ་ཧོ།གཟིགས་གྲངས:9261ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/9/26 22:09:46ཚོགས་ཡར་སྤྲོད:admin

ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༤

རྟ་ནག་ནག་ནག་འཛི་ཕོ་རོག་དེ།།
ལ་གད་དམར་ཁོག་ལ་ལུས་བསྡད་འགི།།
ཡི་ཕྱར་ལེ་ཚེར་ལྷང་བྱེད་ན་ཡང༌།།
དུས་ད་དུང་ལོ་གསུམ་ལུས་ས་འགི།།
ཉལ་ས་གསེར་གཞོང་ཁྲ་མོ་ལ།།
ཁ་ཝ་ཝུག་གྲག་མི་དགོས་ས་རེད།།(ཝ་ཝུག་ནི་སྐད་གདངས་ཀྱི་ཁྱད་པར་ཞིག)
སྐྱོགས་དཀར་ཡུ་བ་དགུ་སྒྲིལ་ལ།།
སེར་ཤར་ལེ་འཇུ་མཁན་དགོས་ས་རེད།།
ཆུ་རྨ་ཆུ་ཟེར་ལེ་སྐྲག་མོ་མ།།(སྐྲག་མོ་ནི་ཞེ་དྲག་གམ་འཇིགས་སུ་རུང་བའི་དོན)
འབོག་ཕོད་ལེ་ཨི་འདུག་འདོ་དྲུག་རྟ།།(འབོག་ནི་ཆུ་རྒལ་བའི་དོན)
རྟ་འདོ་དགས་འབོག་འགྲོ་ཟེར་འདུག་ན།།
ཆུ་རྨ་ཆུས་འཁུར་ནའང་འགྱོད་པ་མེད།།
ཆུ་ཕར་ཁའི་ཨ་ཕོ་རིལ་མ་ཁྱོད།།
ཆུ་ཚུར་ཁ་ཤོག་དང་རིལ་ཟམ་བཙུགས།།
འཁྱག་མི་བཅུག་སྐྱག་ཁང་སྦུག་ལ་སྙལ།།
རྟོག་མི་བཅུག་སྐྱག་ཕྲུག་སྐམ་པོ་སྦྱིན།།
རྟ་མ་རྒྱུག་རྫོ་དུས་རྒྱུག་དགོས་ཟེར།།
རྡོ་གྲམ་པའི་དཀྱིལ་ལ་གཡུག་འདུག་ཟེར།།
མགོ་ཀླད་ཁྲག་བསྲེས་ནས་བསད་འདུག་ཟེར།།
ཤ་ཚ་ཡང་ཚ་དེ་དགོས་ས་འགི།།
ནམ་ཡར་ལང་ལང་ཁ་མི་མཚེར་ཏེ།།
གོས་སྡུག་ན་ཕུ་རུང་འདུང་ཁ་མཚེར།།(འདུང་ནི་བརྒྱུས་པའི་དོན་)
ནུབ་ཕྱི་ཉལ་ཉལ་ཁ་མི་མཚེར་ཏེ།།
རོགས་སྡུག་ན་སྔས་མགོ་བཞག་ཁ་མཚེར།།
ཨོང་མདོ་རྒྱ་མཆིག་ཡ་ག་ལ།།(ཨོང་མདོ་ནི་རྐུབ་དང་རྒྱ་མཆིག་ནི་འཁོར་རྒྱ་ཆེ་བའི་རང་འཐག)
རྟ་འདོ་དགའ་བཅིབ་ལེའི་ལས་དབང་མེད།།
ཕོར་པ་རྩི་འཛེར་ནག་ཡ་ལ།།(རྩི་འཛེར་ནག་ཡ་ནི་རྩི་ཡལ་བའི་མདོག)
ཆང་ཞིམ་པོ་འཐུང་ལེའི་ལས་དབང་མེད།།
སྤྲིན་དཀར་ལུ་རྗེས་ལ་ནག་ལུ་བཤར།།
གནམ་ཨ་སྔོན་དཀྲུག་ཤིང་བཞག་མཁན་རེད།།
རོགས་སྔ་འགྲོས་རྗེས་ལ་ད་འགྲོས་དེ།།(འགྲོས་ནི་འདྲིས་ནས་འགྲོགས་པའི་དོན)
ཁྱིམ་བཟའ་ཚང་དཀྲུག་ཤིང་བཞག་མཁན་རེད།།
སྐྱིད་ཉི་མས་ང་ལ་ཟེར་ལེ་ལ།།
དགུང་ལ་གཉིས་བར་ནས་སྒུག་འདུག་ཟེར།།
སྒུག་མི་འགི་ཉི་མ་ཁྲེལ་མེད་རེད།།
ཁག་མི་འགི་མུན་པ་དབང་ཆེན་རེད།།
རྒྱ་ཇ་རྒྱ་ནས་མི་སྩེབས་ཚེ།།(སྩེབས་ནི་སླེབས་དང་འདྲ)
བོད་ཇའི་ཁ་གྱམ་བཀོལ་དགོས་བྱུང༌།།(ཁ་གྱམ་ནི་ཞོགས་ཇ་དང་འདྲ)
རྒྱ་ཇ་རྒྱ་ནས་སྩེབས་དུས་དེ།།(སྤྱིར་བཏང་གྱམ་ནི་འཁྲུ་བཤལ་གཏོང་དང་འདྲ)
བོད་ཇའི་ཁ་གྱམ་བདེ་མོ་སྡོད།།
གནམ་ཨ་སྔོན་ཟེར་ལེ་མཚར་མོ་མ།།
སྤྲིན་རྩེ་དཀར་ཤེ་སྤྲིན་རྩ་ནག།
ཕུག་ཡ་ན་སད་ཅིག་ཡོད་ས་གདའ།།
ང་ལྗོང་ཆུང་བློ་སེམས་མི་བདེ་འདུག།
རོགས་དགའ་མོ་ཤོག་དང་སྒོ་མོ་ཕྱེ།།
ཁྲེལ་མི་ཁ་འདུག་ནའང་འགྱོད་པ་མེད།།
རྟ་འདོ་དགའ་ཁྲིད་ནས་རྟ་རྒྱུག་འགྲོ།།
མགོ་ཀླད་ཁྲག་སྲེས་ནའང་འགྱོད་པ་མེད།།
ལ་དཀར་དཀར་ཡར་དེའི་ཕར་ནང་ལ།།
རྟ་རག་དཀར་ཁྱག་ཁུག་ཚུད་བསྡད་འགི།
རྟ་བདག་པོ་ཡོད་ན་དགོས་ས་འགི།
ཆག་ཁེབས་མ་ཡོད་ན་གཉག་ས་འགི།(གཉག་ནི་དགོས་མཁོ་ཆེན་པོ་ཡོད་པའི་དོན)
ཁྲ་ལྗོང་ལྗོང་དང་ཁྲ་ལྗོང་ལྗོང༌།།
ཤྭ་ཕོ་ཆེན་ར་ཅོ་ཁྲ་ལྗོང་ལྗོང༌།།
ཁྲ་ལྗོང་སེ་ལ་མོ་མ་ཕོག་བར།།
མདེལ་སྔོན་མོས་གློ་དགྲ་མ་འོང་དགོས།།
སེར་འབལ་འབལ་དང་སེར་འབལ་འབལ།།
ལྷ་བླ་མའི་ན་བཟའ་སེར་འབལ་འབལ།།
སེར་འབལ་སེ་ལ་མོ་མ་ཕོག་བར།།
སྨན་བུ་མོས་གློ་དགྲ་མ་འོང་དགོས།།
·རྩོམ་ཡིག་གོང་མ:གེ་སར་གྱི་མཚན་དོན་དང་མཚན་ཐོགས་ཚུལ་ཅུང་ཙམ་གླེང་བ།
·རྩོམ་ཡིག་འོག་མ:བརྡ་གླུ་བྱིས་པའི་རྩེད་མོ་ཉམས་འགྱུར་སུམ་ལྡན་
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༣ 2012/9/17 20:59:09
·ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༢ 2012/9/14 23:51:37
·ལྷ་རྩེའི་མང་མཁར་དམངས་གླུ། 2011/11/9 21:36:06
·མི་འཛོམས་དགུ་འཛོམས་འཛོམས། 2011/10/11 9:31:17
·དམངས་གླུའི་རྩེད་ར། 2011/6/29 8:59:15
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 8:20:06 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 11:16:25 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 16:44:03 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།30.76MS