ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> གླིང་སྒྲུང་།
 རྩོམ་ཡིག་ཀློག་པ།

གེ་སར་གྱི་མཚན་དོན་དང་མཚན་ཐོགས་ཚུལ་ཅུང་ཙམ་གླེང་བ།

  རྩོམ་པ་པོ:ཤར་ཚང་བཀྲ་ཤིས་ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:8417ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/9/25 22:42:43ཚོགས་ཡར་སྤྲོད:admin
༄༅།།གེ་སར་གྱི་མཚན་དོན་དང་མཚན་ཐོགས་ཚུལ་ཅུང་ཙམ་གླེང་བ།
         ཤར་ཚང་བཀྲ་ཤིས་དབྱངས།
         སྙན་གྲགས་འཛམ་གླིང་ལ་ཁྱབ་པའི། གེ་སར་རྒྱལ་པོའི་སྒྲུང་ཡིག་ནང་གི་མི་སྣ་གཙོ་བོ།  གེ་སར་ཞེས་པའི་མཚན་དོན་ལ་དེང་གི་ཞིབ་འཇུག་པ་མང་པོས། འགྲེལ་བརྗོད་བྱས་པ་སྣ་ཚོགས་མཐོང་ཡང་།  གནད་ལ་ཕོག་པའི་འགྲེལ་པ་ཞིག་ད་བར་མ་མཐོང་།  
        གེ་སར་ཞེས་པའི་ཐ་སྙད་འདི་གནས་སྐབས་འདིར།   ལེགས་སྦྱར་སྐད་ལས་ཟུར་ཆགས་པ་ཞིག་མིན་ལ།  མི་རིགས་གཞན་གྱི་རྒྱལ་པོའམ།  ས་ཆ།  རིགས་ཀྱི་མིང་སོགས་གང་ལ་འབོད་ཀྱང་རུང་།   དེའི་སྒྲ་ཙམ་འདྲ་ཡང་།   ནང་དོན་ཁ་ཁ་ཡིན།
        མཚན་འདི་འདྲ་ནི།  བོད་ཀྱི་སྐད་བརྡ་དང་།  བོད་ཀྱི་རིག་གནས།  གེ་སར་སྒྲུང་ཡིག་བཅས་ལ་གོམས་འདྲིས་ཏོག་ཙམ་ཡོད་ན།   རྙོག་འཛིང་ཅན་ཞིག་གཏན་ནས་མིན་མོད།   བཤད་དགའ་ཅན་གྱི་ཞིབ་འཇུག་པ་མང་པོས།  རང་རང་གི་བློ་རྩལ་ངོམས་ནས།  དོན་གནད་ལ་བསྐོར་ཏེ།  ཡར་བཤད་མར་བཤད།
ཕུ་བཤད་མདའ་བཤད་མང་པོ་བྱས་པས།  རྙོག་འཛིང་ལྟ་བུ་ཞིག་ཆགས་ནས།  བློ་ཆུང་དག་མགོ་བོ་འཐོམས་པ་བཟོས།     
      བོད་ཀྱི་སྐད་བརྡའི་ནང་།  གེ་ནི།   གེ་རུ་དང་།  གེ་རུ་མ།  གེ་རེ་ཡི་དོན་ཏེ།  ཟླ་མེད་པ་དང་།  གཅིག་པུ། རྐྱང་པ།  གཞན་ལ་རགས་མ་ལས་པའི་དོན་དང་།  གེ་རེ་བུད་ལྟ་བུ་ཟེར་དུས།  གཞན་ལས་མངོན་གསལ་དོད་པ་ཡོན་ཏན་སོགས་ཁྱད་དུ་འཕགས་པའི་བརྡ་བསྟན། 
སར་ནི། ཕོ་སར།  མོ་སར།  ལོ་སར་སོགས་ཀྱི་སར་དང་དོན་འདྲ།  ཁ་ཤས་ཀྱིས་དེ་འདྲའི་སར་དེ།  གསར་གྱི་དོན་ལ་འགྲེལ་བ་ཡང་མི་འགྲིག་སྟེ།  སར་ནི།  བྱ་ཚིག་ཅིག་ཡིན།    གསར་ནི།  བྱ་ཚིག་མིན་པར་ཁྱད་ཆོས་བསྟན་པའི་མིང་ཞིག་ཡིན།   དེ་གཉིས་ལ་འབྲེལ་བ་ཡོད་ཀྱང་།  དོན་ལ་ཁྱད་པ་ཡོད།
སར་གྱི་དོན་ནི།  ཆ་ཤས་གང་ལ་གསར་དུ་སླེབས་པའམ།   འབྱོར་བའི་བརྡ་དང་།   ཆ་ཤས་གང་ཞིག་གསར་དུ་འཛོམས་པའམ།  རྫོགས་པའི་དོན་སོགས་མཆིས།
      དེ་འདྲ་ཡིན་དུས།   གེ་སར་གྱི་མཚན་ཐོགས་ལུགས་ཀྱང་ངེས་པར་བོད་ཀྱི་སྐད་བརྡའི་འགྲོ་ལུགས་ལ་གཞི་བཅོལ་ནས་འགྲེལ་དགོས།   གེ་སར་ཆུང་དུས་ཀྱི་མིང་ལ་ཇོ་རུ་ཟེར།   རྟ་རྒྱུག་རྒྱན་འཇོག་ལ་རྒྱལ་ཁ་ཐོབ་ནས་གླིང་གི་རྒྱལ་ས་ཟིན་རྗེས།   ཇོ་རུ་ལ་མཚན་གེ་སར་ཞེས་ཐོགས་ཡོད། 
        དེ་ཡང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི།     རྟ་རྒྱུག་དཔྱིད་ཀྱི་ཉི་མའི་ཤོག་གྲངས་༢༧༢པར།  ཇོ་རུ་ལ་རྟ་རྒྱུག་གི་རྒྱལ་ཁ་ཐོབ་དུས།  ཨ་ཁུ་ཁྲོ་ཐུང་མི་དགའ་ཡང་དགའ་བའི་ཁུལ་གྱིས། ཧེ་ཧེ་ངའི་ཚ་བོ་ལ་དེ་རིང་གེ་འདི་འདྲ་སར་འདུག་ཟེར།   དེ་ལ་ཇོ་རུས།     དེ་རིང་ཨ་ཁུས་ང་ལ་གེ་སར་བཏགས་པ་དེ་རྟེན་འབྲེལ་ལེགས།   གེ་སར་སར་སྡང་བའི་དགྲ་ལ་སར།  དོན་འགྲུབ་འགྲུབ་ཁྲ་བོ་གླིང་ལ་འགྲུབ།  ཅེས་གསུངས།   དེ་ནས་ཁོང་ལ་གེ་སར་སྐྱེས་བུ་དོན་འགྲུབ་མཚན་གསོལ་ནས་བོད་ཁམས་ཡོངས་ཀྱི་རྒྱལ་པོ་ལ་མངའ་གསོལ་བར་གདའོ།།  ཞེས་བཀོད་ཡོད། 
      ནང་དོན་འདི་དག་ལ་བལྟས་ནས་བཤད་ནའང་།   བོད་མའི་སྤྱིར་བཏང་གི་མིང་བཏགས་ལུགས་དང་མཐུན་པ་ལས།   ཡ་མཚན་དང་ཐེ་ཚོམ་དགོས་པའི་གནད་ཅིག་མ་མཐོང་། 
      ཇོ་རུ་ལ་གེ་སར་བཏགས་པ་ཡང་།  གཅིག་ནས་ངེས་པ་དོན་ལ་བརྟེན་ནས་བཏགས་པ་དང་།  གཉིས་ནས་བཀྲ་ཤིས་རྟེན་འབྲེལ་ལ་དམིགས་ནས་བཏགས་པ་ཞིག་མཐོང་།
 ངེས་པ་དོན་ལ་བརྟེན་ནས་གང་འདྲ་བཏགས་པ་རེད་ཟེར་ན།   གོང་གི་ཨ་ཁུ་ཁྲོ་ཐུང་གི་སྐད་ཆ་རང་གི་ངོས་ནས་བལྟས་ན།  རྟ་རྒྱུག་གི་རྒྱལ་ཁ་ཁོ་ནའི་ཐོག་ནས་བཤད་པ་ལྟར་མཐོང་།  
ཡིན་ནའང་།  དེ་ནི་དང་པོ།   ཇོ་རུ་མ་བུ་གཉིས།   གླིང་གིས་རྨ་སྨད་གཡུ་ལུང་སུམ་མདོར་ཡུལ་ཕུད་པས།     དེ་ཕྱོགས་སུ་མ་བུ་གཉིས་ཀྱི་འཚོ་གནས་ལ་ཕལ་པས་བཟོད་དཀའ་བའི།  དཀའ་སྡུག་ཇི་སྙེད་ཅིག་ཕྲད་ཀྱང་།   ལོ་ཆུང་གི་ཇོ་རུ་ཁོང་དཔའ་མ་ཞུམ་པར།  གཅིག་པུས་དཀའ་ངལ་དེ་དག་དང་འཐབ་རྩོད་ལྷོད་མེད་བྱས་པ་དང་།    འཐབ་རྩོད་ཀྱི་བརྒྱུད་རིམ་ནང་།      ཁོང་ཉིད་ཀྱི་བློ་གྲོས་དང་།    སྙིང་སྟོབས། དཔའ་རྩལ་བཅས་ལ་སྦྱོང་བརྡར་རབ་ཏུ་ཐེབས་ནས།  ཀུན་གྱིས་འགྲན་ཟླ་མི་ཐུབ་པ་ཞིག་ཆགས་པ་དང་།  ཡང་ན།  དེ་དུས་ཁོང་ལ་བློ་གྲོས་དང་དཔའ་རྩལ་ཡོངས་སུ་རྫོགས་ནས། ནག་ཕྱོགས་ཀྱི་བདུད་དཔུང་དུ་མ་ལས།  རྣམ་པར་རྒྱལ་བ་ལ་བརྟེན་ནས་བཏགས་པ་ཞིག་ཡིན།
      གཉིས་ནས།   ཇོ་རུ་ལ་རྟ་རྒྱུག་རྒྱན་འཇོག་གི་གྲལ་དུ་ཞུགས་ཆོག་པའི་གོ་སྐབས་ཐོབ་ནས།    རྟ་རྒྱུག་འགྲན་བསྡུར་གྱི་དུས་རིམ་ནང་།     ཁོང་གིས་ཐུན་མོང་མ་ཡིན་པའི་བློ་གྲོས་དང་།   མཐུ་སྟོབས་ལ་བརྟེན་ནས།  སྙན་གྲགས་ཤིན་ཏུ་ཆེ་ལ།  མི་རྟ་གཅིག་ལས་གཅིག་ལྷག་པའི་གླིང་གི་དཔའ་རྟུལ་སུམ་ཅུ་གཙོས། རྟ་རྒྱུག་ནང་ཞུགས་ཚད་ཀྱི་གླིང་མི་སྐྱེས་པ་ཀུན་གྱི་གོང་དུ་བུད་ནས་རྒྱལ་ཁ་བླངས།   དེ་ལྟར།   ཇོ་རུ་ཉིད་གཅིག་པུ་རྩེ་རེ་རྒྱལ་ཏེ།   སྐྱ་ལོའི་རྒྱུ་བདག   འབྲུག་མོའི་སྐྲ་བདག    གླིང་གི་རྒྱལ་པོ་བཅས་བྱས་པ་ལ་བརྟེན་ནས།    བཏགས་པ་ཞིག་ཀྱང་ཡིན།
བཀྲ་ཤིས་རྟེན་འབྲེལ་ལ་དམིགས་ནས་བཏགས་ཚུལ་ནི།   གེ་སར་སྐྱེས་བུ་དོན་འགྲུབ་ཁྲ་མོ་གླིང་གི་རྒྱལ་པོ་མཛད་རྗེས།   ཁོང་གིས་འགྲོ་བ་སེམས་ཅན་གྱི་དོན་དུ།  བདུད།  ཧོར།  མོན།   འཇང་སོགས་གཙོས་པའི་ནག་ཕྱོགས་བདུད་རིགས་ཀྱི་དགྲ་བོ་མ་ལུས་འདུལ་དགོས་པས།   དེ་འདྲའི་དགྲ་འདུལ་གཉེན་སྐྱོང་གི་མཛད་འཕྲིན་སྐྱོང་བའི་དུས་རིམ་ནང་།  ནག་ཕྱོགས་བདུད་དགྲ་མ་ལུས་སྐྱེས་བུའི་ཟིལ་ཤུགས་ཀྱིས།  མགོ་བོ་ནོན་ནས།  དཀར་ཕྱོགས་ཀྱི་བསྟན་པ་རྒྱས་ཤིང་།   ཁྲ་མོ་གླིང་ཙམ་མ་ཡིན་པར།   སྒང་པ་བོད་དང་།    འཛམ་བུ་གླིང་གི་སྐྱེ་འགྲོའི་བདེ་དོན་གྱི་སྤྱི་ཆུས་དར་བའི།     བཀྲ་ཤིས་རྟེན་འབྲེལ་ལ་དམིགས་ནས་བཏགས་པ་ཞིག་ཀྱང་རེད་འདུག།                 
 
·རྩོམ་ཡིག་གོང་མ:རྨི་ལམ་གྱི་རྣལ་འབྱོར།
·རྩོམ་ཡིག་འོག་མ:ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༤
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 12:22:31 [来自: 112.5.236.197]

 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 12:22:18 [来自: 112.5.236.197]

 评论者:4YmF7xGG
http://www.2345daohang.com/mail.htm
http://www.505dh.com/mail.htm
http://www.3721.cc/youxiang/
http://www.365dhw.com/dianzi-youxiang.html
http://www.726c.com/html/mail.htm
发表时间:2015/12/6 6:21:06 [来自: 111.144.227.221]

འབྲེལ་ཡོད་དཔྱད་བརྗོད 51 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།46.88MS