ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> དམངས་གཞས་དམངས་གླུ།
རྩོམ་ཡིག་ཀློག་པ།

ཆབ་མདོའི་དམངས་ཁྲོད་ཀྱི་གླུ

རྩོམ་པ་པོ:དམངས་ཡོང་ཁུངས:ཨེ་མ་གཟིགས་གྲངས:8038ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/9/11 9:01:04ཚོགས་ཡར་སྤྲོད:admin

ཆབ་མདོའི་དམངས་ཁྲོད་ཀྱི་གླུ། ༡

སྒང་རིང་སྒང་དེ་རྩི་ཐོག་སྒང༌།།
རྩི་ཐོག་སྒང་ལ་ལུག་བརྒྱ་འཛོམས།།
དུས་ད་ལོ་ལུག་བརྒྱ་འཛོམས་ས་ལ།།
སང་ཕར་ལམ་ལུག་ཆུང་སྟོང་འཛོམས་ཤོག།
ཤོད་རིང་ཤོད་དེ་སྣོམ་མའི་ཤོད།།(སྣོམ་མ་ནི་བཅུད་ལྡན་གྱི་རྩ)
སྣོམ་མའི་ཤོད་ལ་འབྲི་བརྒྱ་འཛོམས།།
དུས་ད་ལོ་འབྲི་བརྒྱ་འཛོམས་ས་ལ།།
སང་ཕར་ལམ་བེའུ་ཆུང་སྟོང་འཛོམས་ཤོག།
ཐང་རིང་ཐང་དེ་མཁན་དཀར་ཐང༌།།
མཁན་དཀར་ཐང་ལ་རྟ་བརྒྱ་འཛོམས།།
དུས་ད་ལོ་རྟ་བརྒྱ་འཛོམས་ས་ལ།།
སང་ཕར་ལམ་རྟེའུ་ཆུང་སྟོང་འཛོམས་ཤོག།
ལ་དཀར་དཀར་ཡར་དེའི་ཕར་ནང་ལ།།
བདུད་རྩི་འོ་མའི་ཆུ་མགོ་ཡོད།།
བཞེས་མི་བདེ་ཆེན་དཔོན་ལུ་རེད།།
དྲོང་མི་ཕ་ཆེན་བུ་མོ་རེད།།
གསོལ་ཀྱག་པདྨ་འདབ་བརྒྱད་རེད།།
གསོལ་དཀར་རི་མོ་དགུ་སྐོར་རེད།།
འཐུང་བསམ་ཚད་མི་ལ་བླུད་ལེ་མིན།།
དུང་སོ་སུམ་ཅུ་བུད་དྭོགས་ཡོད།།
ལུས་ལྷ་བཞི་ཅུ་ཉམས་དྭོགས་ཡོད།།
གླུ་མཐོ་ནས་ལེན་ན་མཐོ་ནས་ལེན།།
གནམ་ཨ་སྔོན་ང་གཉིས་མཐོ་ན་དགའ།།
གླུ་དམའ་ནས་ལེན་ན་དམའ་ནས་ལེན།།
ས་དོག་མོ་ང་གཉིས་དམའ་ན་དགའ།།
གླུ་འཇམ་ནས་ལེན་ན་འཇམ་ནས་ལེན།།
དར་གོས་ཆེན་ང་གཉིས་འཇམ་ན་དགའ།།
གླུ་གྱོང་ནས་ལེན་ན་གྱོང་ནས་ལེན།།
སྦ་རེ་གཞི་ང་གཉིས་གྱོང་ན་དགའ།།(སྦ་ནི་སྦྲ་དང་འདྲ)
གསེར་ལ་ལ་མའི་ལ་ཁ་ལ།།
གསེར་གྱི་བྱིས་ཆུང་འཕུར་མ་ལྡིང༌།།
དུས་ད་ལོ་བྱ་བརྒྱ་འཛོམས་ས་རེད།།
བྱ་ང་གཉིས་ཕྱོགས་ཕན་ཕྱོགས་ལྟ་བཟོ།།
དེ་ཕན་ཆད་བྱ་ལམ་སོ་སོ་རེད།།
དེ་ཕན་ཆད་བྱ་བརྒྱ་འཛོམས་བྱུང་ན།།
བྱ་ང་གཉིས་ཕྱོགས་ཕན་ཕྱོགས་ལྟ་བཟོ།།
ཕུ་ཡར་ནས་རི་གསུམ་རིག་འདུག་དུ།།(དུ་ནི་མིང་མཐའ་ཙམ་སྟེ་སྔ་མའི་དོན་ལ་བསྣན་ནས་འཇུག)
ཕོ་འགའ་རེས་རྫ་རི་ཡག་རེད་ཟེར།།
རྫ་རི་མི་ཡག་ཉིལ་འགྲོ་རེད།།
ཕོ་འགའ་རེས་གངས་རི་ཡག་རེད་ཟེར།།
གངས་རི་མི་ཡག་ཞུ་འགྲོ་རེད།།
ཕོ་རང་སེམས་དགའ་ལེ་རི་ཞིག་ཡོད།།
སྤང་དཀར་ཡག་མི་ཚེ་གཏན་འཇག་རེད།།
ཁྱོས་མི་བསམ་བསམ་ཞིག་བསམ་ཤེ་འགི།(ཁྱོས་ནི་ཁྱོད་ཀྱིས་ཞེས་པའི་དོན)
གནམ་ཨ་སྔོན་མགོ་སྦ་བསམ་ཤིན་འགི།
གནམ་ཨ་སྔོན་མགོ་སྦ་བྱེད་དགོས་ན།
ཆོན་ཆེན་བརྒྱ་དང་བརྒྱད་ཅུ་དགོས།
ཆོན་ཆུང་རྩི་རྩི་གྲངས་མེད་དགོས།
ཆག་མེད་གསེར་གྱི་ཀ་ར་དགོས།
དེ་མེད་ན་མགོ་སྦ་ཡོང་ལེ་མིན།(སྦ་ནི་སྦྲ་དང་འདྲ)
རྒྱ་གཡུ་དྲུག་དཀར་འོ་མའི་མདོག།
ཕོ་འགའ་རེས་གཡུ་རེད་གཡུ་རེད་ཟེར།།
ཕོ་འགའ་རེས་མཐིང་རེད་མཐིང་རེད་ཟེར།
གཡུ་རེད་ཟེར་བ་དགའ་རྒྱུ་མེད།།
མཐིང་རེད་ཟེར་བ་སྡུག་རྒྱུ་མེད།།
ཕོ་རང་སེམས་འགུ་བའི་གཡུ་ཆུང་དེ།།
མགོ་ཀླད་ཆུང་དཀྱིལ་ལ་བདན་འགྲོ་དགོས།།(བདན་ནི་སྐྲ་ལ་བསྒར་བའི་དོན)

·རྩོམ་ཡིག་གོང་མ:བྱང་ཆུབ་མཆོད་རྟེན་ལ་རབ་གནས་
·རྩོམ་ཡིག་འོག་མ:གངས་སྒྲ་བརྙན་བོད་གཞས་བགྲོ་གླེང༼༢༽
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·རྒྱལ་གླུ་གཉུག་མའི་རང་སྒྲ། 2012/10/16 8:47:57
·ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༤ 2012/9/26 22:09:46
·ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༣ 2012/9/17 20:59:09
·ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༢ 2012/9/14 23:51:37
·མཁའ་འགྲོའི་བརྡ་གླུ་རང་སྣང་ཡིད་ཀྱི་མེ་ལོང་། ། 2012/1/7 17:37:28
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 18:18:06 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 23:20:22 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 10:57:11 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 37 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།26.98MS