ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལྗོངས་རྒྱུ།
 རྩོམ་ཡིག་ཀློག་པ།

ལི་ཧྲན་རི་བོའི་ལྷ་སྐུ་ཆེན་མོ།

  རྩོམ་པ་པོ:ddཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:8342ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/8/22 11:18:11ཚོགས་ཡར་སྤྲོད:admin
ལི་ཧྲན་རི་བོའི་ལྷ་སྐུ་ཆེན་མོ།
 
 
  ༡ལྷ་སྐུ་ཆེན་མོའི་གནས་ཚུལ་རགས་བསྡུས།
  ལི་ཧྲན་རི་བོའི་ལྷ་སྐུ་ཆེན་མོ་ནི་ལི་ཧྲན་རི་བོའི་གྲོང་ཁྱེར་གྱི་ཤར་བྱང་གི་མཁའ་ མཉམ་རི་བོ་རུ་ཡོད་ཅིང་མཁའ་མཉམ་ལྷ་སྐུ་ཆེན་མོ་ཞེས་འབོད་པ་ཡིན།ད་ལྟའི་བར་དུ་ལོ་ངོ་༡༢༠༠ལྷག་གི་ལོ་རྒྱུས་ཡོད་ཅིང་ལྷ་སྐུའི་མཐོ་ཚད་ལ་རྨིད་༧༡་དང་ཞེང་ལ་རྨིད་༡༠ཡོད་པའི་ལྷ་སྐུ་འདི་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་རྡོ་བརྐོས་ལྷ་སྐུ་ཆེན་མོ་ཞིག་རེད།ལྷ་སྐུ་འདི་རྒྱའི་ཐང་རྒྱལ་རབས་སྐབས་ཀྱི་སྤྱི་ལོ་༧༡༣ལོ་བཞེངས་འགོ་ བརྩམས་ཤིང་སྤྱི་ལོ་༨༠༣ལོར་ལེགས་འགྲུབ་བྱུང་བ་ལྟར་བརྩིས་ན་སྔ་ཕྱིར་ལོ་༩༠ཡིས་དུས་ཚོད་སྤྱད་དེ་ད་གཟོད་བཞེངས་སྐྲུན་བྱས་ཚར་བ་ཞིག་རེད།ཚད་མཐོ་བའི་རིག་ དངོས་དང་སྒྱུ་རྩལ་གྱི་རིན་ཐང་བླ་ན་མེད་པའི་ལྷ་སྐུ་གྲགས་ཆེན་ཞིག་ཀྱང་ཡིན།
ལི་ཧྲན་ལྷ་སྐུ་ཆེན་མོ་ནི་སྤྱི་ལོ་༧༡༣ལོར་མཁའ་མཉམ་དགོན་པའི་གྲྭ་བ་ཧེ་ཐུའུ་ཡིས་ཐུགས་སུ་མཁའ་མཉམ་རི་བོའི་ངོས་སུ་སྟོན་པ་ཤྱྰཀྱ་མུ་ནེའི་ལྷ་སྐུ་ཞིག་བཞེངས་རྒྱུ་ དྲན་པ་དང་ལྷན་དུ་ཁོ་བོས་རྡོ་བཟོ་བ་དང་བཟོ་རྩལ་མཁས་པ་མང་བོ་གདན་དྲངས་ནས་ལས་འགོ་བརྩམས་པ་རེད།ལྷ་སྐུ་ཆེན་མོ་བརྐོས་ནས་ཕྲག་ཞེང་དུ་ཐོན་པའི་ སྐབས་སུ་གྲྭ་བ་ཧེ་ཐུའུ་ཚེ་ལས་འདས་པ་ན་ལྷ་སྐུ་བརྐོ་བའི་ལས་ཀ་རེ་ཞིག་ལ་ མཚམས་ཆད།ཕལ་ཆེར་ལོ་ངོ་བཅུ་ལྷག་འགོར་རྗེས་སུ་རྡོ་བཟོ་བ་ཧྲིན་ཁྲིན་དང་ཁོའི་སློབ་མས་མུ་མཐུད་དུ་ལྷ་སྐུ་ཆེན་མོ་དེ་བརྐོས།དེ་དག་གིས་མཁའ་མཉམ་རི་བོའི་ངོས་ཀྱི་ལྷ་སྐུ་ཆེན་མོའི་ཞབས་ཀྱི་པུས་མོའི་བར་དུ་བརྐོས་ཟིན་པ་ན་རྡོ་བཟོ་བ་ཧྲིན་ཁྲིན་ཟེར་བ་དེ་ཚེ་ལས་འདས་པ་དང་ཡང་ལྷ་སྐུ་བརྐོ་བའི་ལས་ཀ་ངོ་ལོ་བཞི་ཅུ་ཙམ་ལ་ ལས་མཚམས་བཞག དེའི་རྗེས་སུ་ཧྲིན་ཁྲིན་གྱི་སློབ་མ་དང་དེ་མིན་པའི་བཟོ་རྩལ་ མང་བོ་ཞིག་གིས་ལྷ་སྐུ་བརྐོས་ཏེ་འགྲུབ་ཏུ་བཅུག་པ།ལྷ་སྐུ་བརྐོས་ནས་འགྲུབ་པའི་ ལོ་ནི་སྤྱི་ལོ་༨༠༣ལོ་ཡིན་ལ།འདི་ལྟར་སྔ་ཕྱིར་ལོ་ངོ་དགུ་ཅུ་ཡི་དུས་ཚོད་བེད་སྤྱད་པ་དང་མི་རབས་གསུམ་གྱིས་དཀའ་སྤྱད་དང་སྡུག་རུས་ལ་བརྟེན་མཐར་ལི་ཧྲན་ལྷ་སྐུ་ཆེན་མོ་དེ་ཡོངས་སུ་ ལེགས་འགྲུབ་བྱུང་།
༢ ལྷ་སྐུ་ཆེན་མོའི་ངག་རྒྱུན།
ངག་རྒྱུན་ལ་ཐང་རྒྱལ་རབས་ཀྱི་ཐོག་མའི་ལོ་ལ་མཁའ་མཉམ་རི་བོའི་སྟེང་དུ་མཁའ་མཉམ་དགོན་པ་ཞེས་པ་ཞིག་ཆགས་ཡོད།དགོན་པའི་ནང་དུ་མིང་ལ་ཧེ་ཐུའུ་ཟེར་ བའི་གྲྭ་རྒན་ཞིག་ཡོད་པ་རེད།སྐབས་དེར་མཁའ་མཉམ་རི་འདབས་སུ་རྨེན་ཅང་གཙང་བོ་དང་ཆིན་ཡེ་གཙང་བོ།ཏ་ཏུའུ་གཙང་བོ་གསུམ་འདྲེས་ནས་བཞུར་གྱིན་ཡོད།ཆུ་བོ་ཟབ་ཅིང་བཞུར་ཚད་མྱུར་བས་དུས་རྒྱུན་དུ་གྲུ་གཟིངས་བསྐྱོད་ཐབས་བྲལ་བས་འབངས་མི་སེར་ལ་གནོད་པ་སྐྱེལ།གྲྭ་རྒན་ཧེ་ཐུའུ་ཡིས་ཆུ་བོས་གྲུ་གཟིངས་བརླགས་ནས་མི་སེར་ཤི་བཞིན་པ་སེམས་ནས་བཟོད་མ་ཐུབ།ཁོས་གཙང་གསུམ་ཆུ་བོར་གདུག་རྩུབ་ཆེ་བ་དགོངས་པ་རེད།དེ་བས་ཁོའི་ཡིད་ལ་མཁའ་མཉམ་རི་བོའི་བྲག་རྡོའི་སྟེང་ལ་ལྷ་སྐུ་བཞེངས་ཏེ་སངས་རྒྱས་ཀྱི་མཐུ་སྟོབས་གཡར་ན་བདུད་སྲིན་གྱི་ཆུ་བོའི་ཟིལ་ཤུགས་ཉམས་ཐུབ་པ་མ་ཟད་ཕར་འགྲོ་ཚུར་འོང་གི་གྲུ་གཟིངས་ལ་གནོད་སྐྱོན་མི་ འབྱུང་བ་བསམས།ཁོས་བསམ་བློ་དེ་ལྟར་བཏང་རྗེས་སུ་མིང་ལ་ཧྲི་ཁྲིན་དང་ཧྲི་ཞུའུ་ཟེར་བའི་རྡོ་བཟོ་བ་གཉིས་གདན་དྲངས་ནས་ལྷ་སྐུ་རྐོ་བའི་བྱ་བ་དེ་གྲོས་བྱས་པ་ཡིན།ཧྲི་ཞུའུ་ཟེར་བའི་རྡོ་བཟོ་བ་དེས་མཁའ་མཉམ་རི་བོའི་བྲག་རྡོའི་སྟེང་ལ་ལྷ་སྐུ་སྟོང་གཅིག་བརྐོ་རྒྱུ་དང་ཧྲི་ཁྲིན་ཟེར་བ་དེས་སྟོན་པ་མུ་ནེའི་ལྷ་སྐུ་ཆེན་མོ་བརྐོ་རྒྱུ་ཐག་ གིས་བཅད།མཁའ་མཉམ་རི་བོའི་སྟེང་ལ་ལྷ་སྐུ་རྐོ་རྒྱུའི་བྱ་བ་དེ་ལྟར་བཀོད་སྒྲིག་བྱས་པ་ན་གྲྭ་རྒན་ཧེ་ཐུའུ་ཕྱོགས་སོ་སོར་བསོད་སྙོམས་ཞུ་རུ་ཕྱིན་པ་ཡིན།དེ་ནས་བཟུང་རྡོ་བཟོ་བ་དེ་གཉིས་ཀྱིས་རང་རང་གི་བྱ་བ་ཕྲག་ཏུ་བླངས་ནས་ལྷ་སྐུ་བྲག་རྡོའི་ངོས་སུ་བརྐོས།ཧྲི་ཞུའུ་ཡིས་རྡོ་སྲ་མོ་མིན་སའི་གཙང་བོའི་འབབ་རྒྱུད་ཀྱི་བྱེ་མའི་བྲག་རྡོའི་སྟེང་དུ་ལྷ་སྐུ་བརྐོས་པ།ཁོས་བསྟུད་མར་ལོ་གཉིས་ལ་བརྐོས་པ་ན་རང་གིས་དམ་ བཅས་པའི་ལྷ་སྐུ་སྟོང་བོ་དེ་བརྐོས་ཚར་བ་རེད།ཡིན་ནའང་ཧྲི་ཁྲིན་གྱིས་མཐོ་ཞིང་ འགྲོ་དཀའ་བ་སྲ་མཁྲེགས་ལྡན་པའི་བྲག་རྡོ་ཆེན་པོ་དེ་གདམ་གསེས་བྱས་ཏེ་ཁོ་དང་ཁོའི་སློབ་མ་རྣམས་ཀྱིས་རི་བྲག་མཐོན་པོའི་སྟེང་སྒྲོམ་གཞི་གདིང་ཞིང་ཡར་འཛེགས་ནས་ལྷ་སྐུ་ཆེན་མོ་བརྐོ་མགོ་བརྩམས།ཧྲི་ཞུའུ་ཡིས་ལྷ་སྐུ་སྟོང་བོ་བརྐོས་ཚར་དུས་ཧྲི་ཁྲིན་གྱིས་ལྷ་སྐུ་ཆེན་མོའི་ཞབས་གཅིག་ཀྱང་བརྐོས་ཚར་མེད།དེ་དུས་ཧྲི་ཞུའུ་ཡིས་ཟུར་ཟའི་སྒོ་ནས་བདག་གིས་ལོ་གཉིས་ལ་ལྷ་སྐུ་སྟོང་གཅིག་བརྐོས་མོད།འོན་ཀྱང་ ཁྱེད་ལོ་གཉིས་ཀྱི་ནང་དུ་ལྷ་སྐུ་ཆེན་མོའི་ཞབས་གཅིག་ཀྱང་འགྲུབ་མེད་པ་རེད་ཅེས་ བརྗོད་པ་ན།ཧྲི་ཁྲིན་གྱིས་ཁྱོད་ཀྱི་ལྷ་སྐུ་སྟོང་གཅིག་བརྐོས་པ་དེ་བདག་གི་ལྷ་སྐུ་ཆེན་མོའི་ཞབས་གཅིག་ལའང་འགྲན་ནུས་མིན་ཞེས་བརྗོད་ཀྱིན་མུ་མཐུད་དུ་བརྐོས་པ་ རེད།གྲྭ་རྒན་ཧེ་ཐུའུ་བསོད་སྙོམས་ཞུ་རུ་སོང་ནས་ཕྱིར་ལོག་དུས་ཁོས་བཟོ་རྩལ་ མཁས་པ་མང་བོ་གདན་དྲངས་ནས་ཐོན།བཟོ་རྩལ་མཁས་པ་དེ་ཚོས་ཧྲི་ཁྲིན་དང་མཉམ་དུ་ལྷ་སྐུ་ཆེན་པོ་བརྐོས་པ་རེད།ཡུལ་དེའི་ཉེ་འཁོར་གྱི་མང་ཚོགས་རྣམ་པས་གྲྭ་རྒན་གྱིས་རྡོ་བཟོ་བ་གདན་དྲངས་ཏེ་ལྷ་སྐུ་ཆེན་མོ་བརྐོས་ནས་གཙང་གསུམ་གྱི་ཟིལ་ཤུགས་གནོན་བཞིན་པ་ཤེས་དུས་ཁོ་ཚོས་ཇ་བསྐོལ་བ་དང་ཟ་མ་བསྐྱལ་ནས་ཡོང་།
རྗེས་སུ་གྲྭ་རྒན་ཧེ་ཐུའུ་ལ་ནད་ཅིག་བྱུང་ནས་གཤེགས་པ་དང་ལྷ་སྐུ་ཆེན་མོ་བརྐོས་མ་ཚར་བར་ལུས།འོན་ཀྱང་ཁོ་རང་གཤེགས་ཁར་ཁོའི་དགེ་ཕྲུག་དང་རྡོ་བཟོ་བ་ཚོ་ བོས་ནས་བཤད་རྒྱུར་བདག་གིས་ལྷ་སྐུ་ཆེན་མོ་འགྲུབ་པ་མཐོང་ཐུབ་རྒྱུ་མ་རེད། བདག་གཤེགས་རྗེས་སུ་ཁྱེད་ཚོས་མུ་མཐུད་དུ་རྐོ་དགོས་ཞེས་ཁ་འཆེམ་བཞག་ཏེ་ཕྱི་མའི་ཡུལ་དུ་གཤེགས་སོང་།དེ་ནས་དུས་ཡུན་ཅུང་མ་འགོར་བར་རྡོ་བཟོ་བ་ཧྲི་ཁྲིན་སྐུ་གཤེགས་པ་ན་ཧྲི་ཁྲིན་གྱི་སློབ་མ་ཚོས་སྔར་བཞིན་དུ་ལྷ་སྐུ་ཆེན་མོ་བརྐོས་པ་རེད།འདི་ལྟར་གཅིག་གིས་གཅིག་ལ་བརྒྱུད་ནས་ལོ་ངོ་དགུ་བཅུ་འགོར་བའི་དུས་སུ་ད་ གཟོད་ལི་ཧྲན་ལྷ་སྐུ་ཆེན་མོ་བརྐོས་ཏེ་ཡོངས་སུ་ལེགས་འགྲུབ་བྱུང་བ་རེད།
༣ ལྷ་སྐུ་ཆེན་མོའི་མངོན་རྟོགས་གསུམ།
༡༩༦༢ལོར་ལོ་གསུམ་ལ་བསྟུད་མར་རང་བྱུང་གི་གནོད་འཚེ་བྱུང་བའི་དུས་སུ་ལྷ་སྐུ་ཆེན་མོས་སྤྱན་ཟུང་ཐེངས་གཅིག་བཙུམ་པ་རེད།སྐབས་དེར་ཟི་ཁྲོན་ནས་མི་མང་བོ་ལྟོགས་ཤི་བརྒྱབ་ཅིང་ཡུལ་དེའི་མི་དབུལ་ཕོངས་ཡིན་པས་མི་ཤི་བ་ན་འདས་པོ་དང་རྩྭ་ཕྲན་ཡུག་གཅིག་གཙང་བོ་ནང་དུ་འཕངས་པ་དེ་ལྷ་སྐུ་ཆེན་མོ་བཞུགས་སའི་གཙང་གསུམ་དུ་ཁུར་ཏེ་ཡོང་བ་རེད།ཉིན་རེ་རེར་ལྟོགས་ཤི་ཐེབས་པའི་མི་རོ་མང་བོ་གཙང་བོས་ཁུར་ནས་འོང་བ་ལྷ་སྐུ་ཆེན་མོས་མཐོང་བ་ན་གློ་བུར་དུ་ མཚན་གང་བོར་སྤྱན་ཟུང་བཙུམ་མྱོང་ཟེར།ཡུལ་དེའི་མི་རྣམས་ཀྱིས་བཤད་པ་ལྟར་ན་དེ་ནི་ལྷ་སྐུ་ཆེན་མོས་ཡ་ང་བའི་སྡུག་བསྔལ་འདི་བཟོད་མ་ཐུབ་པར་སྤྱན་ཟུང་བཙུམ་པ་ཡིན་ཞེས་བརྗོད།རྒྱུ་མཚན་ནི་ལྷ་སྐུ་ཆེན་མོས་སྤྱན་ཟུང་བཙུམ་པ་ནི་ བཀྲ་མི་ཤིས་པའི་རྟགས་མཚན་དུ་ངོས་འཛིན་བྱས་ཤིང་སྤྱན་ཟུང་བསྐྱར་དུ་ཞིག་གསོ་བྱས་པ་ཞིག་རེད།༡༩༦༣ལོར་རང་རྒྱལ་དུ་ལོ་གསུམ་ལ་བསྟུད་མར་རང་བྱུང་གི་གནོད་འཚེ་བྱུང་བའི་སྐབས་སུ་ལྷ་སྐུ་ཆེན་མོས་སྤྱན་ཆབ་ཤོར་བ་རེད། ལྷ་སྐུ་ཆེན་མོས་སྤྱན་ཆབ་ཤོར་བའི་རྗེས་ཤུལ་ལུས་ཡོད་པ་ལ་རྒྱལ་ཁབ་ཀྱིས་ཁྲུས་བྱས་མོད།འོན་ཀྱང་སྔར་བཞིན་ལྷ་སྐུ་ཆེན་མོའི་སྤྱན་ཟུར་ཀྱི་སྤྱན་ཆབ་བཞུར་ཤུལ་ལུས་ཡོད།༢༠༠༢ལོའི་ཟླ་༥བའི་ཚེས་༧ཉིན་གྱི་སྔ་དྲོའི་དུས་ཚོད་༩དང་སྐར་མ་ ༤༣ཐོག་ཏུ་ལི་ཧྲན་ལྷ་སྐུ་ཆེན་མོ་སླར་ཡང་མཐོང་དཀོན་པའི་སངས་རྒྱས་འོད་ ཀོར་དང་འཇའ་འོད་ཤར་བ་རེད།དུས་ཚོད་༡༡ཐོག་ཏུ་འོད་ཟེར་འཕྲོས་ཤིང་གཟི་མདངས་རབ་ཏུ་བཀྲ་བ་དང་ཉིན་གུང་གི་སྐབས་སུ་འོད་ཀོར་དལ་མོར་ཡལ། ཏག་ཏག་ལ་འོད་ཀོར་དེ་དུས་ཚོད་གསུམ་ལྷག་ལ་རྒྱུན་མཐུད་ནས་འཆར་བ་རེད།       
༤ ལྷ་སྐུ་ཆེན་མོ་ཞིག་གསོ།
འཛམ་གླིང་གི་ཆེས་ཆེ་བའི་རྡོ་བརྐོས་སྟོན་པ་ཤྱྰཀྱ་མུ་ནེ་སྟེ་ལི་ཧྲན་རི་བོའི་ལྷ་སྐུ་ཆེན་མོ་དེ་ཀྲུང་གོ་གསར་བ་བཙུགས་པའི་རྗེས་ཀྱི་ཐེངས་བདུན་པའི་ཞིག་གསོ་ཡིན།ལི་ཧྲན་རི་བོའི་ལྷ་སྐུ་ཆེན་མོའི་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱིས་ཞིག་གསོ་བྱེད་རྒྱུའི་དུས་ཚོད་དང་བྱ་བ་བཀོད་སྒྲིག་བྱས་ཟིན་པ་རེད།དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱིས་༢༠༡༡ལོའི་ནང་དུ་ལྷ་སྐུ་ཆེན་མོའི་གནས་ཚུལ་ལ་གཞིགས་ཏེ་ཞིག་གསོ་བྱེད་པའི་ཇུས་འགོད་དང་གཏན་འབེབ་བྱས་རྗེས་སུ་རྒྱལ་ཁབ་རིག་དངོས་ཁང་དང་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚན་སློབ་རིག་རྩ་ འཛུགས་ལ་སྙན་ཞུ་ཕུལ་བ་ན་ལག་བསྟར་བྱས་ཆོག་པའི་ཆོག་མཆན་གནང་བ་རེད།༢༠༡༡ལོར་ཞིག་གསོ་བྱ་བའི་ སྔོན་གྱི་ཇུས་གཞི་དངོས་སུ་ལག་བསྟར་བྱེད་རྒྱུ་རེད།རྒྱུ་མཚན་གང་འདྲ་ཞིག་གི་འོག་ཏུ་ད་གཟོད་རྡོ་བརྐོས་སྟོན་པ་ཤྱྰཀྱ་མུ་ནེ་ཞིག་གསོ་བྱ་བསམ་པ་ཡིན།དེ་ནི་རྡོ་བརྐོས་སྟོན་པ་ཤྱྰཀྱ་མུ་ནེའི་དབུའི་མཐའ་འཁོར་དང་ཞབས་ཕྱག་གི་ཆ་ཤས་ཀྱི་ཕྱི་ཤུན་ལྷུང་བ་མ་ཟད།ལྷ་སྐུའི་གནས་ཁ་ཤས་ཀྱི་རྡོ་གསེབ་ཏུ་རྩྭ་ལྡུམ་སྐྱེས་ བཞིན་ཡོད་པ།གཞན་ཡང་ལྷ་སྐུའི་གཡོན་ཕྱོགས་ཀྱི་བྲག་རྡོ་གས་ཁ་མངོན་པ་ སོགས་ཡོད་པ་གཞིགས་ནས་ཞིག་གསོ་བྱ་རྒྱུ་ཐག་གཅོད་བྱས་པ་རེད།ལི་ཧྲན་རི་བོའི་ལྷ་སྐུ་ཆེན་མོའི་རིག་དངོས་དོ་དམ་ཁང་གི་ཆེད་མཁས་པའི་གསུངས་པ་ ལྟར་ན།མིག་སྔར་ལི་ཧྲན་རི་བོའི་ལྷ་སྐུ་ཆེན་མོའི་སྤྱིའ་གནས་ཚུལ་ནི་བདེ་ འཇགས་སམ་སྐྱོན་མེད་པ་རེད།འོན་ཀྱང་ལོ་རེའི་རང་བྱུང་ཁོར་ཡུག་ཁྲོད་དུ་ རླུང་དང་ཉི་འོད།ཆར་ཞོད་བཅས་ཀྱིས་གནོད་སྐྱོན་མི་འབྱུང་མི་སྲིད་པ་པ་ཞིག་རེད།རེབ་འདིའི་ལྷ་སྐུ་ཞིག་གསོའི་བཟོ་སྐྲུན་དུ་གཙོ་བོ་ལྷ་སྐུའི་དབུ་དང་ཞལ་ རས།བྲང་གཞུང།ཕྱག་ཞབས་ཀྱི་གནས།ལྷ་སྐུའི་གཡོན་ཕྱོགས་ཀྱི་བྲག་རྡོ་བཅས་ ཕྱོགས་ལྔ་འདུས་ཡོད་ཅེས་བརྗོད་པ་རེད།                            
༢༠༡༡ལོའི་ཟླ་༡༠བར་ཁྲི་འདུར་ཡུལ་སྐོར་དུ་སོང་ཞིང་ཕྱིར་ཕ་ཡུལ་དུ་ལོག་རྗེས་བྲིས་པ་ཡིན། 
 
·རྩོམ་ཡིག་གོང་མ:སྙིང་ཤ་དུམ་བུར་བཅད་པ་དང་འདྲ་
·རྩོམ་ཡིག་འོག་མ:སེམས་དཔའ་ཆེན་པོ་གན་དྷི་ནི་དར་
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 18:01:13 [来自: 112.5.236.197]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 12:09:04 [来自: 111.144.227.221]

 评论者:7SijLE0v
http://www.3145.com/list/18youxiang.htm
http://www.3456.cc/Dianzi_Youxiang/index.html
http://www.3456.cm/mail.htm
http://www.6296.com.cn/s/res.html
http://www.3721.cc/youxiang/
发表时间:2015/12/2 20:30:04 [来自: 111.144.226.138]

འབྲེལ་ཡོད་དཔྱད་བརྗོད 39 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS