༄༅། ། ཡུལ་སྐོར་སྣེ་ཤན་འཛིན་གྲྭ་ཞིག་ལ་ལབ་པའི་གཏམ། །
དགེན་དཔལ་ལྡན་ལེགས་བཤད།
ད་ཐེངས་ཨ་རིའི་ཝིན་རོགས་རྒྱལ་སྤྱིའི་འཕེལ་རྒྱས་ལྟེ་གནས་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་མཐུན་ཚོགས་གཉིས་ཀྱིས་ཡུལ་སྐོར་སྣེ་ཤན་པ་སྦྱོང་བརྡར་འཛིན་གྲྭ་ཞིག་མཉམ་དུ་སྒྲུབ་པ་རེད།
འདིར་སློབ་ཁྲིད་བྱེད་རྒྱུའི་སྐལ་པ་ཐོབ་པས་ང་རང་བསམ་པ་ཤིན་ཏུ་དགའ་པོ་བྱུང༌། དེའི་རྒྱུ་མཚན་གང་རེད་ཟེར་ན། བོད་ཡུལ་ནི་རི་མཐོ་ས་གཙང་གངས་རི་མགུལ་གྱི་རྒྱན། །ཞེས་བསྔགས་པ་ལྟར་ཁོར་ཡུག་གི་སྤུས་ཀ་ལེགས་ལ་འབྱུང་བ་ཤིན་ཏུ་ཆ་མཉམ་པའི་ཚོད་དུ་གནས་ཡོད་པའི་མི་ཡུལ་གྱི་ཞིང་ཁམས་ཤིག་ཡིན་པས་ཐོན་ཁུངས་འདི་ལ་བརྟེན་ནས་བོད་ཀྱི་ཡུལ་མིའི་འཚོ་བ་ཇེ་མཐོར་གཏོང་བདང༌། ཡུལ་སྐོར་བ་ལ་བརྟེན་ནས་བོད་ཡུལ་གྱི་ས་གནས་བྱེ་བྲག་པ་རྣམས་ཕྱི་ཕྱོགས་སུ་ངོ་སྤྲོད་གང་ལེགས་བྱེད་པ་དང༌། ཡུལ་མི་རྣམས་ལ་རང་ཚུགས་ཐུབ་པའི་འཚོ་བའི་འདུ་ཤེས་གསར་པ་ཞིག་ཆགས་པར་བྱེད་རྒྱུ་དང༌། རང་ཡུལ་ལ་ཐུན་མོང་མ་ཡིན་པའི་དུང་ཞེན་ཞིག་སྐྱེ་ཐུབ་ཀྱི་རེད། དེ་འདྲའི་བྱ་བ་དེ་ལེགས་འགྲུབ་ཡོང་བ་ལ་མེད་དུ་མི་རུང་བ་ནི་ས་གནས་སོ་སོ་ལ་རྒྱུས་མངའ་ཆེ་་ལ་བྱང་ཚད་མི་དམན་པའི་ས་གནས་རང་གི་ཡུལ་སྐོར་སྣེ་ཤན་པ་འབོར་ཆེན་གསོ་སྐྱོང་བྱེད་རྒྱུ་དེ་རེད་འདུག
གཤམ་དུ་རང་ཉིད་ཀྱིས་ཐུན་མོང་གི་སྐྱེ་བོའི་ཚོགས་ལ་དམིགས་ཏེ་ནང་བསྟན་དགོན་པ་དང་འབྲེལ་བའི་ཤེས་བྱ་འགའ་བཤད་ན་འདི་ལྟ་སྟེ།
ཀ སྤྱིར་བཤད།
༡ བོད་བརྒྱུད་ནང་བསྟན་་་་་་་་་་ཐོག་མར་རྒྱ་གར་ཡུལ་དུ་སྟོན་པ་ཤཱཀྱ་ཐུབ་པས་སྲོལ་བཏོད། དེ་ནས་རིམ་གྱིས་བོད་ཡུལ་དུ་དར་བའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཆོས་ལུགས་ཤིག་ལ་གོ དེ་ལ་ནང་གསེས་སུ་ས་དགེ་བཀའ་རྙིང་བཞི་རུ་གྲུབ་མཐའ་དབྱེ་རྒྱུ་ཡོད། ཀུན་ཀྱང་ཆུ་འགོ་གངས་ལ་ཐུག་པ་ནང་བཞིན་གྲོལ་ཕུགས་ནི་གཅིག་པ་ཡིན།
༢ དགོན་པ་་་་་་་་གྲོང་ལས་རྒྱང་གྲགས་གཅིག་(གཞུ་འདོམ་ལྔ་བརྒྱའི་ཚད་ལ་ཟེར)གིས་ཆོད་པའི་དབེན་གནས་སམ་དགེ་འདུན་གནས་ས་ལ་ཟེར་ཏེ། དེའི་མིང་གི་རྣམ་གྲངས་ལ། ཀློག་གྲྭའི་གནས་དང༌། མཁས་གནས། ཆོས་ཀྱི་གྲོང་རྡལ། ཆོས་ཀྱི་འདུན་ས། བདུད་རྩིའི་ཁང༌། དབེན་པའི་གནས། ཞི་བའི་གྲོང༌། བསམ་གཏན་ཁང་བཅས་ཡོད། ང་ཚོས་མིང་དེ་དག་ལས་དགོན་པ་ཞེས་པ་དེའི་ངོ་བོ་དང་བྱེད་ལས། ནུས་པ། དགོས་ཆེད། དམིགས་ཡུལ་སོགས་ཀྱང་གོ་ནུས་པ་ཡིན།
༣ ཕུན་སུམ་ཚོགས་པ་ལྔ།
ཀི སྟོན་པ་ཕུན་སུམ་ཚོགས་པ་་་་་་་་་་་་ཡོན་ཏན་གྱི་ཁུར་གྱིས་རབ་ཏུ་ལྕི་བའི་བླ་མ་(མཁན་པོ་དང་སྤྲུལ་སྐུ། དགེ་བཤེས)རྣམས།
ཁི འཁོར་ཕུན་སུམ་ཚོགས་པ་་་་་་་་་འཁོར་བཞི་(དགེ་སློང་ཕ་མ་གཉིས་དང་དགེ་བསྙེན་ཕ་མ་གཉིས་)པོ་རྣམས།
གི དུས་ཕུན་སུམ་ཚོགས་པ་་་་་་་་་་་དགོན་པ་དེའི་བསྟན་པ་གནས་པའི་དུས་དེ་སྲིད་དུའོ། །
ངི ཆོས་ཕུན་སུམ་ཚོགས་པ་་་་་་་་ཐེག་པ་རིམ་པ་གསུམ།
ཅི གནས་ཕུན་སུམ་ཚོགས་པ་་་་་་་མཚན་ཉིད་ལྡན་པའི་དགོན་པ།
ཁ རྟེན་དང་བརྟེན་པ།
སྡེ་ཁག ལས་སྣེ་བ་གཙོ་བོ།
༡ གཙུག་ལག་ཁང༌། དབུ་ཆོས་རྣམ་པ། (མཁན་པོ་དང་དབུ་མཛད་དགེ་སྐོས )
༢ ཕྱག་ཁང༌། དཔོན་དང་ཕྱག་མཛོད་གཉེར་པ།
༣ མགོན་ཁང་(སྲུང་མ་ཁང་)། མགོན་བླ།
༤ བླ་བྲང༌། བླ་སྤྲུལ་དང་ཕྱག་མཛོད།
༥ རུང་ཁང༌།
༦ ཤག
༧ བཤད་གྲྭ མཁན་པོ།
༨ སྒྲུབ་གྲྭ སྒྲུབ་དཔོན།
༩ དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང༌།
༡༠ རྟེན་གསུམ།་་་་་་་སྐུའི་རྟེན་དང༌། གསུང་གི་རྟེན། ཐུགས་ཀྱི་རྟེན།
ག ནང་བསྟན་རིག་གནས།
༡ དགོན་པའི་དུས་ཆེན།
ཀི ཆོ་འཕྲུལ་དུས་ཆེན། བོད་ཟླ༡ ཚེས༡ ནས༡༥ བར།
ཁི ཆོས་འཁོར་དུས་ཆེན། བོད་ཟླ༦ ཚེས༤
གི ལྷ་བབས་དུས་ཆེན། བོད་ཟླ༩ ཚེས༢༢
ངི ཚེས་བཅུ་ཆེན་མོ། སྤྲེལ་ཟླའི་ཚེས་བཅུ་་་་་བོད་ཟླ༥ ཡང་ན ༦ པའི་ནང༌།
ཅི དགུ་གཏོར། བོད་ཟླ ༩ ༡༠ ༡༡ ༡༢ གང་རུང་གི་མཇུག
ཆི དབྱར་གནས།
ཇི དུང་སྒྲུབ།
ཉི ཁྲི་སྟོན་(ཡང་སྲིད་དང་མཁན་གསར། དགེ་བཤེས)།
༢ དབང་ལུང་ཁྲིད་གསུམ།
ཀི དབང་་་་་་་ཁྲོམ་དབང་དང་ནང་དབང༌། སྨིན་བྱེད་ཀྱི་དབང༌།
ཁི ལུང་་་་་་ཚིག་གི་བརྒྱུད་པ། རྒྱབ་བརྟེན་གྱི་ལུང༌།
གི ཁྲིད་་་་་་དོན་གནད་འགྲོལ་བ། གྲོལ་བྱེད་ཀྱི་ཁྲིད།
༣ སྡོམ་པ་དང་དམ་ཚིག
ཀི སྡོམ་པ་་་་་་་་སོ་ཐར་གྱི་སྡོམ་པ་དང༌། བྱང་སེམས་ཀྱི་སྡོམ་པ། རིག་འཛིན་སྔགས་ཀྱི་སྡོམ་པ་གསུམ།
ཁི དམ་ཚིག་་་་་་རྩ་བ་དང་ཡན་ལག་གི་དབྱེ་བ་ཡོད།
༤ འཛེམ་བྱ།
ཀི ཕྲེང་བ་ལག་གཡས་པས་མི་འདྲེན་པ།
ཁི བཙན་ཁང་དུ་བུད་མེད་མི་འགྲོ་བ།
གི བཞུགས་གདན་དུ་སྐྱ་བོ་མི་སྡོད་པ།
ངི མཚམས་ཁང་ཕྱོགས་སུ་འུར་ཟིང་མི་སློང་བ་དང་མཚམས་ཐོ་བརྒལ་མི་ཆོག་པ།
ཅི སྐྱེས་པའམ་བུད་མེད་ཀྱིས་རབ་བྱུང་(ཇོ་མོ་དང་གྲྭ་པ)གི་སྐུ་ལ་མི་རེག་པ།
ཆི འདུ་ཁང་སོགས་སུ་ཧ་རྒོད་མི་བྱེད་པ།
ཇི རྟེན་གསུམ་ལ་ལག་པས་རེག་རྒྱུ་མེད་པ། (དམིགས་བསལ་ཡང་ཡོད)
ཉི མཆོད་མེ་སོགས་ལ་ཁ་རླངས་ཕོག་ཏུ་མི་འཇུག་པ།
ཏི དགེ་འདུན་པའམ་རྟེན་གསུམ་སྟོན་ཆེད་དུ་མཛུབ་མོས་བརྡ་མི་བྱེད་པ།
ཐི བནྡེའི་དགོན་པར་འཁོར་ལོ་གཡོན་སྐོར་མི་བྱེད་པ།
དི གླིང་ནང་དུ་བཤང་གཅི་དང་མཆིལ་སྣབས། གད་སྙིགས་རྣམས་འདོར་མི་རུང་བ།
ནི དགེ་འདུན་པ་ལ་ངན་མིང་འདོགས་མི་རུང་བ།
པི རབ་བྱུང་དང་མཉམ་དུ་གྲོང་ཆོས་ལབ་རྒྱུ་མེད་པ།
ཕི རྣལ་འབྱོར་པའི་ཕྱག་ཕྲེང་ལ་ལག་རྩེད་བྱེད་རྒྱུ་མེད་པ།
བི ཕྱག་འཚལ་བའི་གྲལ་འགོར་ལངས་མི་རུང་བ།
མི རབ་བྱུང་གི་ན་བཟའ་ལ་ཁྱིམ་པས་རེག་རྒྱུ་མེད་པ།
ཙི འདུ་ཁང་སོགས་སུ་ཞུགས་ཚེ་ཞྭ་ལྷམ་སྐོན་མི་ཆོག་པ།
ཚི སྒོག་པ་ཟོས་ཏེ་ལྷ་ཁང་དུ་ཞུགས་རྒྱུ་མེད་པ།
ཛི དུ་ཆང་ལ་ལོངས་སྤྱོད་བཞིན་དུ་དགོན་པར་འགྲོ་མི་ཆོག་པ།
ཝི ཆོག་མཆན་མ་ཐོབ་པར་དགོན་པའི་ནང་དུ་པར་གང་བྱུང་དུ་ལེན་རྒྱུ་མེད་པ།
༥ ཚད་མེད་བཞི།
ཀི བྱམས་པ་ཚད་མེད་་་་་་་་་་་་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དགེ་བ་དང་ལྡན་འདོད་ཀྱི་སེམས།
ཁི སྙིང་རྗེ་ཚད་མེད་་་་་་་་་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་སྡིག་པ་དང་བྲལ་འདོད་ཀྱི་སེམས།
གི དགའ་བ་ཚད་མེད་་་་་་་་་སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་འདོད་པའི་སེམས།
ངི བཏང་སྙོམས་ཚད་མེད་་་་་་་སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་མེད་པར་སྙོམས་པར་གནས་འདོད་ཀྱི་སེམས།
༦ གོས་སྐུ་ཆེན་མོ།
ཀི སྟོན་པ་གཙོ་འཁོར་གྱི་སྐུ།
ཁི རྒྱལ་བ་བྱམས་པའི་སྐུ།
གི ཨོ་རྒྱན་པདྨ་འབྱུང་གནས་གཙོ་འཁོར།
ངི རྗེ་ཡབ་སྲས་གསུམ་གྱི་སྐུ།
༧ རྡོ་རྗེའི་གར་རམ་དགོན་པའི་འབག་འཆམ།
ཀི དཀྱིལ་འཁོར་གང་རུང་དང་འབྲེལ་བ།
ཁི བཀྲ་ཤིས་མི་རྒན།
གི སྤྲེའུ།
ངི སྟག་ཤོན།
ཅི སེང་ཤོན།
ཆི རྒྱ་དཀར་ནག་་་་་་་ཨ་ཙ་ར་དང་་རྒྱ་ནག་ཧྭ་ཤང༌།
གོང་དུ་བཀོད་པའི་བཤད་བྱ་ས་བཅད་ཀྱི་ཚུལ་དེས་ནི་བོད་བརྒྱུད་ནང་བསྟན་དགོན་པ་དང་འབྲེལ་བའི་ཤེས་བྱ་རྣམས་རགས་རིམ་ཙམ་གོ་ཐུབ་པ་ཡིན་པས་རེ་ཞིག་དེ་ཙམ་མོ། །
དགའ་བའི་ཉམས་ཀྱི་པདྨོ་འབུམ་བཞད་ཅིང༌། །ལུས་སེམས་དད་པའི་རླུང་གིས་རབ་བསྐྱོད་དེ། ། ཕྱི་ནང་སིམ་པའི་ཟེའུ་འབྲུ་ཆེར་འཛག་པ། །ཞི་བའི་གྲོང་དུ་སྐོར་བའི་མགྲོན་པོ་སྐྱིད། །
༢༠༠༥/༦/༡༥