ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> དམངས་རྩོམ།
 རྩོམ་ཡིག་ཀློག་པ།

མི་རིང་དང་མི་ཞེང་ཆེ། མིག་རྣོ་གསུམ་གྱི་སྒྲུང་།།

  རྩོམ་པ་པོ:ཨ་ནུ་ཐང་བསོད་ནམས།ཡོང་ཁུངས:ངེད་གཟིགས་གྲངས:8111ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/6/28 8:23:45ཚོགས་ཡར་སྤྲོད:admin

མི་རིང་དང་མི་ཞེང་ཆེ། མིག་རྣོ་གསུམ་གྱི་སྒྲུང་།

ཨ་ནུ་ཐང་བསོད་ནམས།
 
༡༽རྒྱལ་པོ་ཞིག་ཡོད་པ་དེ་ལ་སྲས་ཤིག་ཡོད། ཉིན་ཞིག་རྒྱལ་པོས་ད་ནི་ང་རྒས་ཟིན་ཅིང་ཁྱེད་རང་ཆང་ས་རྒྱག་རན་པས་ངས་ཁྱེད་ཀྱི་མ་འོངས་བའི་མནའ་མ་བལྟ་འདོད་འདུག་ཅེས་ལབ། སྲས་ཀྱིས་ངས་ཁྱེད་ཀྱི་རེ་བ་སྐོང་འདོད་ཡོད་ཀྱང་ང་ལ་ངོ་ཤེས་ཀྱི་བུ་མོ་ཞིག་ད་བར་མེད་ཅེས་ཞུས།
༢༽ ཡབ་ཀྱིས་གསེར་གྱི་ལྡེ་མིག་ཅིག་སྤྲད་ཅིང་ཁྱེད་རང་ཐོག་ཁང་གི་བརྙན་པར་ར་བར་སོང་དང་། དེ་ནས་ཁྱེད་ཀྱི་བློ་ལ་འབབ་པའི་གནའ་མ་ཞིག་དེ་ནས་འདེམས་ཏེ་ང་ལ་ལབ་ཅེས་གསུངས།
༣༽ གསེར་གྱི་མཐའ་ཤིང་ནང་དུ་རྒྱལ་པོ་གཞན་གྱི་སྲས་མོ་བཅུ་གཉིས་ཡོད་པའི་ལྕགས་སྒོ་ཕྱེ་ནས་ནང་དུ་ཕྱིན། སྲས་མོ་ཀུན་གྱི་དབུ་རུ་རྒྱལ་པོའི་དབུ་རྒྱན་མནབ་ཡོད་ཅིང་། དེ་དག་ལ་བལྟས་རྗེས་གཅིག་ནི་གཞན་ལས་ཀྱང་མཛེས་ཉམས་ལྡན་པ་མཐོང་།
༤༽ ཁོ་ཧང་སང་བའི་སྒོ་ནས་ཁོང་རྣམས་ལ་ཞིབ་ལྟ་གནང་རྗེས་འདྲ་པར་བཅུ་གསུམ་པ་དེ་དར་རས་ཀྱིས་བཀབ་ཡོད་པ་ཤེས། དར་རས་ཕར་གཡུག་ནས་གང་ཞིག་དེ་རུ་འདུག་པ་བལྟས།
༥༽ གྱོན་གོས་དཀར་པོ་མནབ་ཅིང་དངུལ་གྱི་སྐེ་རགས་བཅིང་བ། མུ་ཏིག་གི་དབུ་རྒྱན་ཡོད་པའི་བུ་མོ་ཞིག་མཐོང་ཞིང་མོ་ནི་ཧ་ཅང་གི་མཛེས་སྡུག་ལྡན་པ་ཡང་། སྐྱོ་ཉམས་ལྡན་ཞིང་སྐུ་མདོག་སྐྱ་པོས་ཁེངས། འདྲ་པར་གྱི་མདུན་དུ་རྒྱལ་སྲས་རྒྱུན་རིང་ལངས་ནས་ལྷག་ཅིང་། རིམ་བཞིན་སྙིང་དུ་ཟུག་གཟེར་སྐྱེས་བས་ལྷོད་ཀྱིས་ངུས། ཁོང་ལ་མོ་ནི་མཁོ་ཞིང་གཞན་རྣམས་དགོས་མཁོ་མེད་པ་གཞི་ནས་ཚོར། སྐབས་དེར་འདྲ་པར་གཞན་རྣམས་ངེས་མེད་དུ་ཡལ།
༦༽ རྒྱལ་སྲས་འོག་ཁང་དུ་ཕྱིན་ནས་ཡབ་རྒྱལ་པོ་ལ་ཁོས་ཅི་ཞིག་བདམས་པ་ཞུས་སྐབས་ཡབ་སྐྱོ་སྣང་གིས་གང་། ཡབ་གྱིས་རྒྱལ་སྲས་མ་དེ་རྫུ་འཕྲུལ་ལྡན་པའི་མི་ཞིག་གིས་བཙོན་དུ་བཅུག་ཟིན་པས་མི་སུ་ཞིག་མོ་སྐྱོབ་ཏུ་ཕྱིན་ཡང་ཕྱིར་འོང་མེད། ཁྱེད་ཀྱིས་མོ་སྐྱོབ་ནས་མོ་དང་མཉམ་དུ་ལམ་ལྷོང་ལྡན་པའི་ངང་ཕྱིར་ལོག་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད་ཅེས་གསུངས།
༧༽ རྒྱས་སྲས་ཀྱིས་ཡབ་དང་གྱེས་ཕྱག་གིས་རྟ་ལ་ཞོན་ནས་ཕྱིན་མཐར་ནགས་ཁུང་དབུས་སུ་ལམ་ཁ་བརླགས། གློར་བུར་དུ་རྒྱབ་ཕྱོགས་ནས་མི་ཞིག་གིས་བོས་ཞིང་”ང་སྐུ་ཉིད་ཀྱི་ཞབས་ཞུ་པར་ཁྲིད་ཅིག  ཁྱེད་ཉིད་མ་འོངས་པར་ཐུགས་འགྱོད་མི་སྐྱེས་པ་སེམས་ཐག་ཡིན།”
རྒྱལ་སྲས་ཀྱིས་ཁྱེད་རང་སུ་ཡིན། ཁྱེད་ལ་དམིགས་བསལ་གྱི་ནུས་པ་ཅི་ཡོད་ཅེས་དྲིས། གཞན་གྱིས་ང་ལ་མི་རིང་ཟེར། ངའི་ལུས་པོ་ནགས་ཚལ་འདིའི་སྡོང་པོ་རིང་ཤོས་ལས་ཀྱང་རིང་བ་བྱེད་ཐུབ་པས་ཡིན།
༨༽ ཁོས་བཤད་པ་ནང་བཞིན་དེ་ལྟར་བྱས་ཤིང་སྡོང་པོ་རིང་ཤོས་ལས་བྱ་ཚང་ཞིག་བླངས་ཏེ་རྒྱལ་སྲས་ལ་ཕུལ། རྒྱལ་སྲས་ཀྱིས་ཁྱེད་ཀྱིས་དེ་ལྟར་བྱེད་པ་ཡག་པོ་རེད། ཡིན་ཡང་ཁྱེད་ཀྱིས་ང་ལ་ནགས་གསེབ་འདི་ནས་ལམ་ཁ་བསྟན་ན་དེ་ལས་ཡག་ཤོས་རེད། མི་རིང་གིས་རང་གཟུགས་རིང་དུ་བཏང་ཞིང་བལྟས་རྗེས་ལམ་ཁ་འདི་ནས་ནགས་གསེབ་ལས་ཕྱི་རུ་འགྲོ་ས་ཐུང་ཤོས་རེད་ཅེས་བསྟན།
༩༽ ཁོང་གཉིས་ནགས་གསེབ་ལས་ཕྱི་རོལ་ཏུ་ཐོན་སྐབས་མི་རྒྱགས་པ་ཞིག་མཐོང་། མི་རིང་གིས་ཁོང་ནི་ངའི་གྲོགས་པོ་རེད། ཁྱེད་ཀྱིས་ཞབས་ཞུ་པ་བྱེད་ཆོག  ཁོས་ཞབས་ཞུ་ཡག་པོ་བྱེད་ངེས་རེད། རྒྱལ་སྲས་ཀྱིས་ཁྱེད་རང་སུ་ཡིན། ཁྱེད་ལ་དམིགས་བསལ་གྱི་ནུས་པ་ག་རེ་ཡོད་ཅེས་དྲིས། གྲོགས་པོས་ང་ལ་ཞེང་ཆེ་ཟེར། ངའི་ལུས་ཕུང་ཞེང་ཁ་ཆེ་རུ་བཏང་བའི་ནུས་པ་ཡོད། རྒྱལ་སྲས་ཀྱིས་ང་ཚོ་ལ་སྟོན་དང་ཞེས་གསུངས།
༡༠༽ “བྲོས་ཤིག  མགྱོགས་པོ་ནགས་གསེབ་ཏུ་བྲོས་ཤིག  དེ་མིན་ངའི་གྲོད་ཁོག་ཆེ་རུ་གྱུར་ནས་ཁྱེད་གཉིས་གཙིར་ངེས་རེད་”
ཅེས་བཤད་སྐབས་མི་རིང་འབྲོས་ས་རུ་རྒྱལ་སྲས་རྟ་ལ་ཞོན་ཏེ་བྲོས་ཀྱང་ཕལ་ཆེར་གཙིར་གྲབས་བྱས།
༡༡༽ སྐབས་དེར་ཞེང་ཁ་ཆེ་རུ་བཏང་མཚམས་བཞག་ཅིང་ཁ་ནས་དབུགས་ཕྱི་རུ་བཏོན་ཚེ་ཤིང་ནགས་ཀྱི་མགོ་བོ་ཡོམ་ཡོམ་དུ་ས་རུ་གཡོས། རྒྱལ་སྲས་བཞད་བགད་དང་ལྷན་དུ་ཁྱེད་ཀྱིས་ང་ཐག་རིང་སར་འབྲོས་བཅུག་སོང་། ངས་ཉིན་རེ་བཞིན་མི་ནུས་པ་ཅན་འདི་འདྲ་རྙེད་པ་མི་སྲིད་པས་ང་དང་མཉམ་དུ་འགྲོ་ཞེས་སྨྲས།
༡༢༽ ཁོང་ཚོར་བྲག་ངོས་སུ་ཕྱིན་སྐབས་མགོ་དཀྲིས་ཀྱིས་མིག་གཉིས་བཏུམས་པའི་མི་ཞིག་དང་འཕྲད། རྒྱལ་སྲས་ཀྱིས། མིག་གཉིས་བཏུམས་ཚེ་ལམ་ཁ་ཡག་པོ་མི་མཐོང་བས་ག་རེ་བྱས་ནས་བཏུམས་པ་ཡིན་ཞེས་དྲིས།། ངའི་མིག་ཧ་ཅང་རྣོ་བས་བཀབ་པ་ཡིན། གལ་སྲིད་མ་བཀབ་ན་རྣོ་རྒྱུ་མང་དྲགས་པས་ལྟ་ཡུལ་ཀུན་ལ་འཚིག་སྐྱོན་དང་གཏོར་སྐྱོན་འབྱུང་བས་ཡིན། དེ་བརྟེན། ང་ལ་མིག་རྣོ་ཅན་ཞེས་འབོད།
༡༣༽ ཁོས་མིག་སྒྲིབ་ཀྱི་རས་མར་ཕུད་ཅིང་བྲག་རྡོ་ཞིག་ལ་ཐེར་ཟུག་ཏུ་བལྟས་སྐབས། བྲག་རྡོ་བསྲེགས་ཤིང་གནམ་ལ་གས་འཐོར་དུ་ཕྱིན་ཞིང་མཐར་བྱེ་མ་ཙམ་དུ་གྱུར།
༡༤༽ བྱེ་མའི་དཀྱིལ་ནས་འོད་དུ་འཚེར་བའི་གསེར་ཞིག་བྱུང་ཞིང་གསེར་དེ་རྒྱལ་སྲས་ལ་ཕུལ། རྒྱལ་སྲས་བཞད་བགད་དང་ལྷན་དུ་ཁྱེད་ནི་རིན་ཐང་ཅན་གྱི་མི་ཞིག་རེད། གལ་སྲིད་མི་ཞིག་གིས་ཁྱེད་ཉིད་མ་འཁྲིད་ན་སྨྱོན་པ་ཡིན་ངེས་རེད་ཅེས་གསུངས།
༡༥༽ ཁྱེད་ཀྱི་མིག་དེ་འདྲ་རྣོ་བས་འདི་ནས་ལྕགས་ཀྱི་ཕོ་བྲང་བར་དུ་ལམ་ཐག་ཅི་ཙམ་དང་། དེ་ནས་ད་ལྟ་ག་རེ་བྱེད་བཞིན་འདུག  ངས་ཤེས་འདོད་འདུག་ཅེས་དྲིས། ཁོང་ཚོ་ད་ལྟ་དགོང་ཟས་གྲ་སྒྲིག་བྱེད་བཞིན་འདུག ངའི་མ་འོངས་བའི་མནའ་མས་ག་རེ་བྱེད་བཞིན་འདུག མོ་ནི་ཕོ་བྲང་གི་ཡང་ཐོག་ནས་བཟང་བཙོན་དུ་འདུག་ཅིང་རྫུ་འཕྲུལ་ཅན་གྱི་མི་ངན་༼བོད་ཀྱི་ལྷ་སྒྲུང་དུ་བདུད་ཅེས་འབོད་པ་དང་གཅིག་མཚུངས་རེད་སྙམ༽ དེས་བསྲུང་ནས་བསྡད་འདུག  དེ་རིང་དགོང་ཁ་བར་དུ་ང་ཚོ་གནས་དེ་རུ་འབྱོར་ཐུབ་ངེས་རེད་ཅེས་ལན་གནང་།
༡༦༽ བྲག་ངོས་དང་རྫ་གསེབ། ནགས་གསེབ་སོགས་བརྒྱུུད་ནས་བར་ཆད་སྣ་ཚོགས་བྱུང་ཡང་ཞབས་ཞུ་པ་གསུམ་གྱི་ནུས་མཐུ་ཡིས་དེ་དག་ཐམས་ཅད་བཟློགས། ཉི་མ་ནུབ་པ་དང་མཉམ་དུ་ལྕགས་ཀྱི་ཕོ་བྲང་ཁོང་ཚོའི་མིག་མདུན་དུ་མངོན།
༡༧༽ ཁོང་ཚོ་བཞི་པོ་ཕོ་བྲང་གི་ཉེ་ཁོར་གྱི་སྲུང་སྐྱོབ་རྫིང་བུའི་ཟམ་པ་བརྒྱུད་སྒོ་ཆེན་དུ་འཛུལ་བ་དང་མཉམ་དུ་རྒྱ་སྒོ་རང་བཞིན་གྱིས་བརྒྱབས།
༡༨༽ ལྕགས་ཀྱི་ཕོ་བྲང་གི་མདུན་ཐང་དང་རྟ་ཁང་། ཚོགས་ཁང་དང་སྒེར་ཤག་སོགས་སུ་མི་མང་པོ་མཐོང་ཡང་ཐམས་ཅད་བྲག་རྡོར་གྱུར་པས་སུ་ཡང་འགུལ་སྐྱོད་བྱེད་མ་ཐུབ་པར་ལྷག
༡༩༽ ཁོང་རྣམས་ཕོ་བྲང་གི་ཚོགས་ཁང་ནང་དུ་ཕྱིན། ཚོགས་ཁང་གི་དཀྱིལ་དུ་མདུན་ཅོག་ཅིག་ཡོད་ཅིང་མདུན་ཅོག་སྟེང་དུ་བཟའ་བཏུང་གིས་གང་། ཁོང་རྣམས་ཀྱིས་ཅུང་ཙམ་སྒུག་བྱེད་ཀྱང་སུ་ཡང་མ་ཡོང་བས་མཐར་བཟའ་བཏུང་རྣམས་གང་ཐུབ་ཀྱིས་ལོངས་སུ་སྤྱད།
༢༠༽ ཁོང་ཚོས་བཟའ་བཏུང་ཚར་རྗེས་སུ་རྫུ་འཕྲུལ་ཅན་གྱི་མི་ངན་དེས་སྒོ་ཕྱེ་ནས་ནང་དུ་སླེབས། མི་དེས་གྱོན་པ་ནག་པོ་གྱོན་ཞིང་ཁ་སྤུ་པུས་མོ་བར་དུ་སླེབས་པ། ལྕགས་ཀྱི་སྐེ་རགས་གསུམ་གྱིས་སྐེད་པ་བཅིངས་ཤིང་སྲས་མོ་སྐུ་ཞབས་ཀྱི་ཕྱག་ལ་འཇུས་ནས་སླེབས། སྲས་མོས་ན་བཟའ་དཀར་པོ་མནབས་ཤིང་མུ་ཏིག་དབུ་རྒྱན་བཀྲུས་ཁར་སྐྱོ་ཉམས་སྒང་སྐུ་མདོག་སྐྱ་པོ་ཆགས་པས་དུར་ས་ནས་ཕྱིར་ལོག་བྱེད་པ་དང་གཉིས་སུ་མ་མཆིས།
༢༡༽ ཁྱེད་ཚོ་འདི་རུ་ག་རེའི་ཆེད་དུ་ཡོང་བ་ངས་ཤེས་ཡོད། ཁྱེད་ཚོས་མོ་འཁྲིད་རྒྱུ་ཡིན་ནམ། འཁྲིད་ན་འགྲིག་གི་རེད། ཡིན་ཡང་ཁྱེད་ཚོས་ཉིན་གསུམ་རིང་མོ་ཡལ་དུ་མི་འཇུག་པ་ལྟ་རྟོག་བྱེད་དགོས། དེ་མིན་ཁྱེད་ཚོ་ཡང་མོ་ཁྲིད་རྩིས་བྱེད་མཁན་གྱི་དེ་སྔོན་གྱི་མི་ཚོ་བཞིན་རྡོ་རུ་འགྱུར་ངེས་རེད། ཅེས་སྣང་ཆུང་གིས་བཤད་ཅིང་སྲས་མོ་རྐུབ་སྟེགས་སྟེང་དུ་སྡོད་དུ་བཅུག་ནས་ཕྱིན།
༢༢༽ མོའི་མཛེས་སྡུག་གིས་རྒྱལ་སྲས་ཀྱི་ལུས་ངག་ཡིད་གསུམ་ཀུན་ནས་བཀུག་ཅིང་རང་དབང་མེད་པར་མོ་ཡི་མདུན་དུ་ཕྱོགས་ཀྱང་མོ་ནི་མཱ་མཱ་གི་རྡོ་ནང་བཞིན་ཕྱི་ལན་ཅི་ཡང་མ་གནང་བ་ལྷག  མི་རིང་གིས་རང་ལུས་ཁང་གདོང་དུ་མ་ཐུག་བར་རིང་དུ་བཏང་ཞིང་མི་གྱད་ཀྱིས་རང་གཟུགས་ཆེ་རུ་བཏང་ནས་སྒོ་བཅད། མིག་རྣོས་མོ་ལ་བྱ་ར་བྱས། ཅུང་འགོར་རྗེས་ཁོང་རྣམས་ཧ་ཅང་ཨ་ཐང་ཆད་ནས་མཚན་གང་གཉིད་དུ་གཡུར།
༢༣༽ ཞོགས་པ་ཐེངས་དང་པོ་རྒྱལ་སྲས་གཉིད་ལས་སད། བྲེལ་འཚབ་ངང་གང་མགྱོགས་ཀྱིས་ཞབས་ཞུ་པ་རྣམས་གཉིད་ལས་དཀྲོགས་ཤིང་སྲས་མོ་གནས་འདིར་མི་འདུག་ཅེས་ལབ། མིག་རྣོས་ཐུགས་ཁྲལ་མ་གནང་། ངས་ལྟ་དགོས་ཟེར་བཞིན་སྒེའུ་ཁུང་རྒྱུད་དེ་བལྟས་སྐབས་མོ་ནི་ནགས་དཀྱིལ་གྱི་བེ་ཤིང་རྩེ་ཡི་བེ་འབྲས་ཀྱི་ནང་དུ་ཡིབ་པ་མཐོང་།
༢༤༽ མི་རིང་གིས་མིག་རྣོ་རྒྱབ་ཏུ་འཁུར་ཞིང་ནགས་གསེབ་ཏུ་མིག་རྣོའི་ལམ་སྟོན་བཞིན་ཕྱིན། གོམ་གང་ལ་མལ་ལེ་གཅིག་ཙམ་ཡོད་པས་ཁོང་གཉིས་ཀྱིས་མགྱོགས་པོ་གནས་དེར་སླེབས་ཏེ། ཤིང་ཏོག་བཏོགས་ནས་འཕྲལ་དུ་རྒྱལ་སྲས་ཀྱི་གམ་དུ་ལོག  ཤིང་ཏོག་རྒྱལ་སྲས་ལ་ཕུལ། རྒྱལ་སྲས་ཀྱིས་ཤིང་ཏོག་ས་ལ་གཡུག་པ་ན་སྲས་མོ་འཇའ་ཚོན་ལྟར་ཁོང་གི་འཁྲིས་སུ་མངོན།
༢༥༽ རྫུ་འཕྲུལ་ཅན་གྱི་མི་ངན་གྱིས་སྒོ་མགྱོགས་པོ་ཕྱེས་ཞིང་ནང་དུ་སླེབས། ཡ་མཚན་གྱི་ངང་མིག་ཅེར་རེ་བལྟས་སྐབས་ཁོང་གི་ལྕགས་ཀྱི་སྐེ་རགས་གཅིག་ཆད། སྲས་པོ་ལག་ཏུ་འཇུས་ནས་ཁོང་དང་མཉམ་དུ་ཕྱིར་ཁྲིད།
༢༦༽ རྒྱལ་སྲས་དང་ཁོང་གི་ཞབས་ཞུ་པ་རྣམས་ཉིན་གང་ཕོ་བྲང་དུ་མྱུལ་སྐབས་རྒྱས་སྲས་གཞན་དང་མི་མང་པོ་ཞིག་རྡོ་རུ་གྱུར་ཞིང་མི་ཞིག་འབྲོས་རྩིས་བྱེད་སྐབས་དང་། མི་ཞིག་གིས་རལ་གྲི་ཕྱི་རུ་བཏོན་རྩིས་བྱེད་སྐབས། མི་ཞིག་གིས་ཤ་ཟ་སྐབས་བཅས་སུ་རྡོ་རུ་གྱུར་བས་གནས་དེར་དམག་ཤུལ་གྱི་གཡུལ་ས་བཞིན་གསོན་ཤུགས་མེད་པ་གནས་པ་མ་ཟད། ཆུ་བོ་ཡང་རྒྱུ་བཞིན་མེད་ལ་གཙང་པོ་ནང་ལ་ཡང་ཉ་མེད། གནས་དེ་རུ་བྱ་བྱེའུ་མེད་ཅིང་ཤིང་སྡོང་ལ་ལོ་མ་མེད་པས་ཆེས་ཉམ་ང་བའི་གནས་སུ་མཆིས།
༢༧༽ དུས་ཡུན་གསུམ་གྱི་ཟས་རིགས་དུས་ཐོག་ཏུ་རང་བཞིན་དུ་སླེབས་ཤིང་ཁོང་རྣམས་ཀྱིས་ཕོ་བྲང་དུ་བཟའ་བཏུང་ལ་བདེ་བར་རོལ། ལྷག་པར་དུ་བཏུང་བྱ་རིགས་འདྲ་མིན་སྣ་ཚོགས་ཀྱང་རྒི་ལ་སི་ཡི་glassནང་དུ་རང་བཞིན་གྱིས་འབོ་བས་བདེ་བར་བཏུང་།
༢༨༽ དགུང་ཟས་རྗེས་ཡང་རྫུ་འཕྲུལ་ཅན་གྱི་མི་ངན་དེས་སྒོ་ཕྱེ་ཞིང་སྲས་མོ་ཁྲིད་དེ་འོང་། ཁྱེད་ཚོས་མཚན་གང་མོ་ལ་ལྟ་རྟོག་ནན་པོ་བྱོས་བཤད་དེ་ཕྱིན། ཁོང་ཚོས་མཚན་གང་ལྟ་རྟོགས་བྱེད་རྒྱུ་ཁས་ལེན་བྱས་ཀྱང་སླར་ཡང་གཉིད་དུ་ཡུར།
༢༩༽ ཞོགས་པ་ཉི་མ་ཤར་བ་དང་མཉམ་དུ་རྒྱལ་སྲས་ཡར་བཞེངས་ཞིང་ཡར་མར་བལྟས་ཀྱང་སྲས་མོ་མ་མཐོང་། “ཁོས་མགྱོགས་པོ་མིག་རྣོ་ལ་ཡར་ལོངས་ནས་སྲས་མོ་གང་དུ་ཡོད་མེད་ལྟོས་དང་།” “མིག་རྣོ་ཡིས་མིག་ཕུར་ཕུར་ཞིག་བཏང་ཞོར་དུ་བལྟས་ནས་ངས་མོ་གང་དུ་ཡོད་པ་མཐོང་བྱུང་།” འདི་ནས་མེ་ལི་ཉིས་བརྒྱ་ཙམ་གྱིས་སར་བྲག་ནང་དུ་ནོར་བུ་ཞིག་འདུག  ནོར་བུ་དེ་སྲས་མོ་རེད།
༣༠༽ མིག་རིང་གིས་མིག་རྣོ་ཕྲག་ཏུ་འཁུར་ཞིང་གནས་དེ་རུ་ཕྱིན། གོམ་པ་གང་ལ་མེ་ལི་ཉི་ཤུ་ཙམ་ཡོད། མིག་རྣོའི་མིག་གིས་བྲག་རྡོ་དེ་དུམ་བུ་སྟོང་ཕྲག་དུ་མར་བཏང་ཞིང་གས་སྲུབ་ལས་འོད་དུ་འཚེར་བའི་ནོར་བུ་ཐོན། ཁོང་གཉིས་ཀྱིས་ལམ་སང་དེ་འཁུར་ནས་ཕྱིར་རྒྱལ་སྲས་ཀྱི་གམ་དུ་ལོག
༣༡༽ རྒྱལ་སྲས་ཀྱི་ནོར་བུ་ས་ལ་གཡུག་སྐབས་སྲས་མོ་ཁོང་གི་འཁྲིས་སུ་ལངས་ནས་བསྡད། དུས་དེར་མོ་སྔོན་ལྟར་ཤ་མདོག་སྐྱ་པོ་མ་རེད། རྫུ་འཕྲུལ་ཅན་གྱི་མི་ངན་གྱིས་མགྱོགས་པོར་སྒོ་ཤུགས་ཆེན་པོས་ཕྱེ་ཞིང་སེམས་ཁམས་མ་སྐྱིད་པའི་ངང་ནང་དུ་ལོག  ཁོས་སྲས་མོ་དེ་རུ་ཡོད་པ་མཐོང་བས་ཁོང་ཁྲོས་ངར་སྐད་ཅིག་འབྱིན་སྐབས། ཁོང་གི་ལྕགས་ཀྱི་སྐེ་རགས་གཉིས་པ་དེ་ཆད་ཅིང་སྐེད་པ་ནས་ས་ལ་ཟགས། སྲས་མོ་ཁྲིད་ཅིང་ཕོ་བྲང་གི་ཡང་དཀྱིལ་དུ་ཡལ།
༣༢༽ ཉིན་དེ་ཁ་སང་བཞིན་ཡིན་ཡང་དགོང་མོ་སླར་ཡང་རྫུ་འཕྲུལ་ཅན་གྱི་མི་ངན་གྱིས་སྲས་མོ་ཁྲིད་ནས་རྒྱལ་སྲས་གྱི་གམ་དུ་སླེབས། “ང་རྒྱལ་དང་ལྷན་དུ་ད་ཐེངས་ངེད་གཉིས་སུ་རྒྱལ་ལྟ་དགོས་བཤད་ཅིང་ལམ་སང་ལོག” ཁོང་ཚོས་ཕན་ཚུན་ལ་ད་ཐེངས་ཉེན་ཁ་མི་བརྒྱུད་རྒྱུའི་དམ་བཅའ་ཕུལ་ཡང་ཞོགས་པ་གཉིད་དུ་ཡུར།
༣༣༽ རྒྱལ་སྲས་སྐྱོ་སྣང་གི་ངང་མིག་རྣོ་མལ་ལས་བསླངས་ཤིང་སྲས་མོ་ཡལ་ཚར་འདུག མགྱོགས་པོ་གང་དུ་ཡོད་མེད་རྩད་གཅོད་བཏང་དང་། མིག་རྣོས་གང་སར་བལྟས་རྗེས་མེ་ལི་སུམ་བརྒྱའི་ས་རུ་མཚོ་ཞིག་འདུག་ཅིང་མཚོ་དཀྱིལ་དུ་དུང་ཞིག་མཆིས། དུང་དཀྱིལ་དུ་མཛུབ་དཀྲིས་ཤིག་འདུག  མཛུབ་དཀྲིས་ཀྱི་དཀྱིལ་དུ་མུ་ཏིག་གིས་བརྒྱན་ཞིང་མུ་ཏིག་དེ་ནི་སྲས་མོ་རེད། ཐུགས་ཁྲལ་མ་གནང་། ང་ཚོས་སྲས་མོ་ཕྱིར་ཁྲིད་ཡོང་གི་ཡིན། མི་རིང་གིས་ཁོང་གི་གྲོགས་པོ་གཉིས་ཕྲག་པ་གཡས་ཡོན་དུ་བཞག་ཅིང་གོམ་པ་གཅིག་ལ་མེ་ལི་སུམ་ཅུ་རེ་སྤོས་ཏེ་གནས་དེ་རུ་ཕྱིན།
༣༤༽ ཁོང་རྣམས་གནས་དེ་རུ་འབྱོར་རྗེས་མིག་རྣོས་མི་རིང་ལ་དུང་དཀར་གང་དུ་ཡོད་མེད་བསྟན། མི་རིང་གིས་རང་ནུས་ཅི་ལྕོགས་ཀྱིས་བསྙབས་ཀྱང་མཚོ་མོ་ཟབ་དྲགས་པས་མཚོ་དཀྱིལ་དུ་སྙོབ་མ་ཐུབ།
༣༥༽ མི་གྱད་ཀྱིས་རང་ལུས་གང་ཐུབ་ཀྱིས་ཆེ་རུ་བཏང་ཞིང་མཚོ་འགྲམ་དུ་ཉལ་ནས་བཏུངས་བས་ཆུ་རིམ་བཞིན་ཉུང་དུ་ཕྱིན་ཏེ་མི་རིང་གིས་སྙོབ་ཐུབ་པ་བྱུང།
༣༦༽ མི་རིང་གིས་དུང་དཀར་དབུས་ཀྱི་མཛུབ་དཀྲིས་བླངས་ཤིང་གྲོགས་པོ་གཉིས་ཕྲག་ཏུ་འཁུར་ནས་བྲེལ་འཚབ་ངང་ཕྱིར་རྒྱལ་སྲས་ཀྱི་གམ་དུ་ལོག  ཡིན་ཡང་མི་གྱད་ཀྱིས་མཚོ་ཡི་ཕྱེད་ཀ་འཐུང་བའི་རྐྱེན་མི་རིང་སྔོན་ལྟར་མགྱོགས་པོ་འགྲོ་མ་ཐུབ་པས་ཁོས་མི་གྱད་ལུང་ཁུག་ཟབ་མོ་ཞིག་གི་ནང་དུ་ས་ལ་གཡུགས  ལུང་པ་དེ་ཆུ་ཡིས་གང་།
༣༧༽ ཐོ་རེངས་ཀྱི་སྐྱ་མདའ་དལ་གྱིས་ཤར་ཡང་རྒྱལ་སྲས་ཀྱི་ཞབས་ཞུ་པ་རྣམས་ད་དུང་མ་སླེབས། ཉི་མའི་འོད་ཟེར་མཐོ་པོའི་ཤར་རིའི་ཕྱོགས་ཀྱི་ནམ་མཁར་འཕྲོས་ཀྱང་ཁོང་རྣམས་མ་སླེབས་པས་རྒྱལ་སྲས་ལ་དེ་སྔོན་སྐྱེས་མྱོང་མེད་པའི་འཇིགས་སྣང་ཞིག་གིས་ཀུན་ནས་དེད། སྐབས་དེ་རུ་རྫུ་འཕྲུལ་ཅན་གྱི་མི་ངན་གྱིས་སྒོ་ཕྱེ་ནས་ནང་དུ་སླེབས། ཁོས་གང་སར་བལྟས་ཀྱང་སྲས་མོ་མ་མཐོང་པས་དགའ་སྤྲོས་གད་མོ་ཤུགས་ཆེ་བགད།
༣༨༽ མིག་རྣོས་གནད་དོན་ཅི་ཞིག་ལྷག་བཞིན་ཡོད་པ་མཐོང་པས་མི་རིང་ལ་བཤད། མི་རིང་མཆོང་ཐེངས་གཅིག་གིས་ཉེ་སར་བཅར་ཞིང་མཛུབ་དཀྲིས་སྒེའུ་ཁུང་བརྒྱུད་ནས་ནང་དུ་གཡུགས། དཀྱིལ་གྱི་མུ་ཏིག་བཅག་པས་སྲས་མོ་མཐོང་ལམ་དུ་མངོན། སྲས་མོས་རྒྱལ་སྲས་ལ་འཛུམ་མདངས་དང་ལྷན་འོད་དུ་འཚེར་བའི་མཁུར་ཚོས་ངོམ།
༣༩༽ རྫུ་འཕྲུལ་ཅན་གྱི་མི་ངན་གྱིས་སྡང་སྐད་ཀྱི་ངར་སྒྲ་བསྒྲགས་པས་ཕོ་བྲང་ཡང་ལྡེམ་ལྡེམ་དུ་གཡོ་ཞིང་ཁོའི་ལྕགས་ཀྱི་སྐེ་རགས་གསུམ་པ་དེ་ཆད། ཁོ་ཁྭ་ཏར་སྤྲུལ་ཞིང་སྒེའུ་ཁུང་བརྒྱུད་ནས་ཕྱི་རུ་འཕུར། ལམ་སང་རྒྱལ་སྲས་ཀྱི་སེམས་སུ་ད་ནི་ཁོས་སྲས་མོ་སྐྱོབ་ཐུབ་སོང་སྙམ་སྐབས་སྲས་མོ་ངོ་ཚའི་དབང་གིས་ཁ་མདོག་དམར་པོ་ཆགས་ཤིང་རྒྱ་སེ་མེ་ཏོག་ལྟ་བུ་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར། དེ་ནི་དགའ་སྤྲོ་དང་བརྩེ་དུང་གིས་དམར་པོ་ཆགས་པ་ལས་སྤྱིར་སྟངས་ཀྱི་ངོ་ཚ་ཞིག་ག་ལ་ཡིན།
༤༠༽ དེ་དུས་ཕོ་བྲང་དང་ཕོ་བྲང་གི་ཉེ་ཁོར་ཐམས་ཅད་ལ་གསོན་ཤུགས་རྒྱས་ཤིང་དེ་སྔོན་རལ་གྲི་ཕྱི་རུ་བཏོན་རྕིས་བྱེད་པའི་མི་དེས་རལ་གྲི་ཕྱིར་བཏོན་པ་དང་། འབྲོས་རྩིས་བྱེད་པའི་མི་དེ་ས་རུ་འགྱེལ་ཏེ་སྣ་ལ་རྨས་སྐྱོན་བཟོས། ཟ་འཕྲོ་བྱས་པའི་མི་དེས་ཤ་ཟ་འཕྲོ་རྒྱུན་མཐུད་དུ་ཟོས་པ་སོགས་དེ་སྔོན་རྫུ་འཕྲུལ་ཅན་གྱི་མི་ངན་དེས་ཁོང་རྣམས་རྡོ་རུ་མ་བསྒྱུར་གོང་གི་འགུལ་སྐྱོད་ཚང་མ་མཇུག་སྐྱོང་ཡོང་བའི་གོ་སྐབས་ཤར། རྟ་ཕོའི་ངུར་སྒྲ་དང་བྱེའུ་སྐད་སྒྲ་བཅས་རིམ་བཞིན་སྒྲོག་པ་མ་ཟད་གཙང་པོའང་རྒྱུན་ལྡན་བཞིན་རྒྱུ་ཞིང་ཉ་རྣམས་གང་འདོད་དུ་རྩེས།
༤༡༽ ཐམས་ཅད་གྱིས་རྒྱལ་སྲས་ལ་ཐུགས་རྗེ་ལེགས་འབུལ་བྱེད་སྐབས་རྒྱལ་སྲས་དགྱེས་ཚོར་ངང་། གལ་སྲིད་ང་ལ་འཇོན་ཐང་ཅན་གྱི་ཞབས་ཞུ་བ་གསུམ་པོ་མེད་ཚེ་ང་ཡང་ཁྱེད་ཚོ་ནང་བཞིན་རྡོ་རུ་འགྱུར་ངེས་རེད་ཅེས་གསུངས། མགྱོགས་པོ་ཞབས་ཞུ་བ་གསུམ་པ་དང་སྲས་མོ་བཅས་ཁྲིད་ནས་ཡབ་རྒྱལ་པོའི་འཁྲིས་སུ་ལོག  སྐུ་དྲག་དང་རྒྱལ་སྲས་གཞན་སོགས་ཁོང་གིས་སྐྱོབས་གནང་མཛད་པའི་མི་རྣམས་རྒྱལ་སྲས་ཀྱི་རྗེས་སུ་འབྲངས།
༤༢༽ དགུང་ལོ་བགྲེས་པའི་ཡབ་རྒྱལ་པོས་ཁོང་གི་སྲས་ནམ་ཡང་ཕྱི་འོང་མེད་པར་བསམས་ཀྱང་། ལམ་ལྷོང་ངང་བདེ་བར་ཕྱིར་ལོག་པས་བསོད་ནམས་ཆེ་བ་བསྒོམས་ནས་དགའ་བས་ཀུན་ནས་མྱོས་ཤིང་བདེ་སྐྱིད་ཀྱིས་ངུས། ཆང་སའི་གཉེན་སྟོན་གྱི་གྲ་སྒྲིག་རྒྱ་ཆེན་བྱས། དབུ་རྒྱན་སྲས་ལ་གནང་ཞིང་རྒྱལ་སྲིད་ཕུལ།
༤༣༽ ཆང་སའི་གཉེན་སྟོན་གྱི་རྗེས་སུ་འཇོན་ཐང་ཆེ་བའི་ཞབས་ཞུ་པ་གསུམ་གྱིས་སྐུ་ན་གཞོན་པའི་རྒྱལ་པོ་ལ་ང་ཚོས་ས་ཆ་གཞན་ཞིག་ལ་ཕྱིན་ཏེ་ལས་ཀ་འཚོལ་རྒྱུ་ཡིན་ཞེས་ཞུས། རྒྱལ་པོས་ཁོང་གསུམ་ཁོ་དང་ལྷན་དུ་འདུག་རྒྱུའི་སློབ་གསོ་གང་ཐུབ་བཏང་ཡང་ལེགས་འགྲུབ་མ་བྱུང་། རྒྱལ་པོ་དང་རྒྱལ་མོས་ཁོང་གསུམ་ལ་གྱེས་བྲལ་གྱི་མཛད་སྒོ་བསྐྱངས་ཞིང་རྔན་པ་ལ་ཆང་སའི་ཟས་རིགས་སྤྲད། དེ་ནས་བཟུང་ད་ལྟའི་བར་ཁོང་གསུམ་འཛམ་གླིང་སྟེང་ལྗོངས་རྒྱུ་ལ་འགྲོ་བཞིན་ཡོད།།
·རྩོམ་ཡིག་གོང་མ:བསྟན་འགྲོར་ཕན་བདེ་རུ་སྨོན་པ།
·རྩོམ་ཡིག་འོག་མ:ལྟ་སྒོམ་སྤྱོད་འབྲས་ཡང་དག་ཉིད་དུ་སྨོན།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·ར་ལོ། ༼༢ 2014/8/24 20:06:28
·ར་ལོ། 2014/8/24 20:04:10
·སྲིད་ན་དཀོན་པའི་རིན་པོ་ཆེ། 2014/8/22 16:41:19
·གླིང་གི་དཔའ་བརྟུལ་སུམ་ཅུའི་མཚན་གྱི་རྣམ་གྲངས། 2014/1/21 22:25:35
·ཝ་ནག་ལུང་པ། ༡༠ ༡༡དང་བཀླག་ཐོ། 2013/12/25 21:18:54
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 18:07:23 [来自: 112.5.236.197]

 评论者:fyzdsk
td2kXw  <a href="http://vlojtoldrvaa.com/">vlojtoldrvaa</a>, [url=http://kcosffwagnkt.com/]kcosffwagnkt[/url], [link=http://vcfupobyngfq.com/]vcfupobyngfq[/link], http://ffdivxxbbgik.com/
发表时间:2016/11/15 10:55:26 [来自: 46.161.9.31]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 12:27:26 [来自: 111.144.227.221]

འབྲེལ་ཡོད་དཔྱད་བརྗོད 35 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།32.23MS