གངས་ལྗོངས་བསྟན་པའི་སྲོག་ཤིང་༧ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་སྐུ་མྱ་ངན་ལས་འདས་ནས་ལོ་བཅུ་འཁོར་བར་རྗེས་དྲན་ཞུ།

༄༅། ། གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ། །
འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྨིན། །
འཇིག་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །
དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །
ཇི་སྙེད་ཤེས་བྱའི་གནས་སྟོན་ངག་ལ་དབང་། །
གནས་ལུགས་དོན་གྱི་གཤིས་མཇལ་བློ་གྲོས་རྒྱས། །
ཐུགས་རྗེའི་འཇུག་པ་ཞིང་འདིར་མཚུངས་པ་མེད། །
གངས་ལྗོངས་བསྟན་པའི་སྒྲོན་མེ་རྒྱལ་གྱུར་ཅིག །
དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །
བག་མེད་ནོངས་པའི་སྡིག་ལྟུང་སོ་སོར་བཤགས། །
བཀའ་དྲིན་རྗེས་དྲན་དགོངས་སྤྱོད་རྣམ་ཐར་སློབ། །
ཟག་མེད་ཐུགས་ཀྱི་བཞེད་དགོངས་ཡོངས་རྫོགས་ཤོག །